ཧུའུ་ཁྲང་ཧྲེང་གིས་ཀྲུང་དབྱང་ཞིང་ཆེན་ཐད་གཏོགས་གསར་འགྱུར་ལས་ཁུངས་ཀྱི་འགྱུར་མེད་རྡོ་རྗེའི་སྔོན་ཐོན་བྱ་གཞག་ལ་བཅར་འདྲི་ཞུ་མཁན་ཚོགས་པར་མཇལ་འཕྲད་གནང་།

(སྒྲོལ་མ་ཚེ་མཚོས་བསྒྱུར། )        2013-03-21

ཟླ་བ3པའི་ཚེས17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་དར་མདོ་རུ་ཀྲུང་དབྱང་ཞིང་ཆེན་ཐད་གཏོགས་གསར་འགྱུར་ལས་ཁུངས་ཀྱི་བློ་མཐུན་འགྱུར་མེད་རྡོ་རྗེའི་བྱ་གཞག་ལ་བཅར་འདྲི་ཞུ་མཁན་ཚོགས་པའི་གྲུབ་མི་ལ་མཇལ་འཕྲད་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་གསར་འགྱུར་མཚམས་སྦྱོར་གྱི་གྲོགས་པོ་ཚོས་མཐོ་སྒང་གི་གྲང་ངར་དང་དབྱང་རླུང་མི་འདང་བར་མི་འཛེམས་པ་དང་།དཀའ་ལས་ཁྱད་བསད་ཀྱིས་རང་ཁུལ་དུ་བཅར་འདྲི་དྲིལ་བསྒྲགས་བྱེད་སར་འོངས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད།
ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་པིང་ཧྲི་ཞང་མཇལ་འཕྲད་གནང་སར་ཞུགས་ཡོད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན།བློ་མཐུན་འགྱུར་མེད་རྡོ་རྗེ་ནི་རང་ཁུལ་གྱི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། དེ་བས་རང་ཁུལ་གྱི་གཞི་རིམ་ལས་སྒྲུབ་པའི་ཕུལ་དུ་བྱུང་བའི་འཐུས་ཚབ་ཅིག་ཀྱང་ཡིན། ཁོས་དུས་ཡུན་རིང་པོར་གཞི་རིམ་གྱི་ལས་གྲྭ་དང་པོར་བརྟན་སྲུང་བྱས་ཡོད་པ་དང་།གཞི་རིམ་ལས་བྱེད་པ་ཞིག་ཡིན་ནའང་འདྲ་མི་སེར་དཀྱུས་མ་ཞིག་ཡིན་ནའང་འདྲ་ཚང་མར་གཅེས་སེམས་ཀྱིས་ཁེངས་པ་རེད།
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་དགེ་སྒྲུབ་མ་དངུལ་བཏང་ནས་དབུལ་ཕོངས་ནད་པ21ལ་རོགས་རམ་ཐོབ།
  • ལེ་ཚན་རྗེས་མ།:ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ནས་དམངས་འཚོ་དང་ཐན་འགོག་ལས་ཀར་འགན་སྲུང་བྱ་རྒྱུར་ཞིབ་འཇ
  • དོ་སྣང་ཆེ་བའི་རྩོམ།