ཁུལ་སྲིད་གྲོས་ཀྱི་ལས་སྒྲུབ་ཚོ་ཆུང་གིས་སེར་ཤུལ་གྱི་གློག་དྲ་ཨར་ལས་ལ་བརྟག་ཞིབ་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2012-08-20

 ཉེ་ཆར།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཧྥེ་ཡིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་ནས་སེར་ཤུལ་རྫོང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་ཚུལ་དང་།ཁྱད་པར་དུ་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་འཛུགས་སྐྲུན་བྱེད་ཚུལ་གྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སར་ཕྱིན་པ་རེད།
བརྟག་དཔྱད་ཞིབ་འཇུག་བྱེད་རིང་དུ་སུན་ཧྥེ་ལྷན་ཕེབས་དང་བཅས་པས་སེར་ཤུལ་རྫོང་ཕྱོགས་བསྡུས་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་གི་ལས་ཀ་སྤེལ་ཚུལ་གྱི་སྙན་ཞུ་ཉན་འཇོག་ཞིབ་ཕྲ་བྱས་པར་མ་ཟད།ཨར་ལས་རྒྱག་ཡུལ་དུ་ཕྱིན་ནས་འཛུགས་སྐྲུན་ལས་ཀའི་ནང་ཞུགས་པའི་ཁེ་ལས་ལས་བཟོར་ལྟ་སྐོར་བྱས་ནས།གློག་དྲ་ཨར་ལས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གསར་པ་དང་ལས་བཟོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་།སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་ལ་གཙིགས་སུ་འཛིན་པ་དང་།རྫོང་གི་ཕྱོགས་བསྡུས་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་གི་ཕན་ནུས་ལྡན་པའི་ལས་ཀ་ལ་ཚད་མཐོན་པོས་གདེང་འཇོག་བྱས་པ་དང་།སེར་ཤུལ་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱོན་ཡོངས་ལ་བསམ་ཤེས་དང་ཤུགས་ཆེན་པོས་གློག་དྲ་ཨར་ལས་འཛུགས་སྐྲུན་བྱ་རྒྱུར་རྒྱ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པ་རེད།
བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་མཇུག་སྒྲིལ་རྗེས་སུན་ཧྥེ་ཡིས་སེར་ཤུལ་རྫོང་དང་ཁྱད་པར་དུ་རྫོང་ཕྱོགས་བསྡུས་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་དང་དེའི་གཞུང་ལས་ཁང་ལ་ཡང་འབད་བསྐྱར་འབད་དང་མུ་མཐུད་གསར་སྐྲུན་བྱས་ནས་སྔར་བཞིན་མཐུན་སྦྱོར་དང་ཞབས་ཞུའི་ལས་ཀ་ཡག་པོ་འཛིན་ནས།ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་སྔ་སྣུར་ཙམ་ལེགས་འགྲུབ་ཡོང་བ་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆི་པའོ་དང་ཁུལ་ཨུ་ཡིས་བཏོན་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་སྔོན་ལ་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ས་ཁུལ་ལ་གློག་གིས་གསལ་ཐུབ་པའི་དམིགས་ཡུལ་མངོན་འགྱུར་ཡོང་ཐུབ་རྒྱུར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།
  • ལེ་ཚན་སྔོན་མ།:ལྷའི་རྗེའི་ཕོ་ཉས་གློག་དྲ་ཨར་ལས་འཛུགས་སྐྲུན་བྱེད་མཁན་ལ་ཞབས་འདེགས་ཞུ།
  • ལེ་ཚན་རྗེས་མ།:མང་ཚོགས་ཀྱི་ཕུལ་བྱུང་གི་རིག་རྩལ་ལེ་ཚན་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པའི་མཛད་སྒོ།
  • དོ་སྣང་ཆེ་བའི་རྩོམ།