ལྷའི་རྗེའི་ཕོ་ཉས་གློག་དྲ་ཨར་ལས་འཛུགས་སྐྲུན་བྱེད་མཁན་ལ་ཞབས་འདེགས་ཞུ།

(དབྱངས་ཅན་གྱིས་བསྒྱུར།)        2012-08-20

ནུས་ཤུགས་གང་ཡོད་ཀྱིས་ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱེད་པ་དང་།ཨར་ལས་རུ་ཁག་གིས་གཟུགས་པོ་བདེ་ཐང་གི་རྐྱེན་གྱིས་ཨར་ལས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་མི་ཐུབ་པར་ཁག་ཐེག་བྱེད་ཆེད།ད་ལོའི་ཟླ་བ3པ་ནས་བཟུང་།ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་ཨར་ལས་ཀྱི་སྨན་བཅོས་འགན་སྲུང་མི་སྣ་ཡོངས་རྫོགས་ཀྱིས་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་གྱི་གནད་དོན་སྣ་མང་ཁྱད་བསད་བྱས་པ་དང་།ལས་རྐང་བརྟན་སྲུང་དང་རྒྱུན་འཁྱོངས་ལྷོད་མེད།ནུས་ཤུགས་གང་ཡོད་འདོན་པ་བཅས་བྱས་ནས་ཨར་ལས་རྒྱག་མཁན་མི་སྣའི་ལུས་ཁམས་བདེ་ཐང་ཡོང་བར་ཞབས་ཞུ་བྱས།
   ཉེ་ཆར།སེར་ཤུལ་རྫོང་འབུམ་རྙིང་ཤང་སྨན་བཅོས་ས་ཚུགས་ཀྱི་སྨན་བཅོས་མི་སྣས་རྒྱུན་ལྡན་སྨན་བཅོས་ཀྱི་འབྲེལ་ཡོད་ལས་ཀ་ཡག་པོ་བསྒྲུབས་བ་དང་ཆབས་ཅིགསེར་ཤུལ་དུ་ཐུམ་འབུའི་ནད་ཕོགས་མཁན་མང་དྲག་པའི་དོན་དངོས་དང་འབྲེལ་ནས་ཧུར་ཐག་དང་རང་རྟོགས་ཀྱི་སྒོས་ཨར་ལས་རུ་ཁག་གི་མི་སྣ་ལ་ཐུམ་འབུའི་ནད་དང་དེ་མིན་གྱི་འགོས་ནད་གཙོ་བོ།ས་གནས་ཀྱི་རིམས་ནད་འགོག་བཅོས་བྱེད་པ་སོགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བར་མ་ཟད།དུས་བཀག་ལྟར་འགོག་སྨན་སྤྲད་ཏེ་ཕྱོགས་ཡོངས་ནས་ཐུམ་འབུའི་ནད་ཕོགས་པར་སྔོན་འགོག་ཚོད་འཛིན་བྱས་པར་དང་ཆབས་ཅིགདབྱར་དུས་སུ་འབུ་ཕྲ་སྐྱེ་འཕེལ་བྱུང་དྲག་པའི་རྐྱེན་གྱིས་རྒྱུ་མའི་རིམས་ནད་ཕོགས་སླ་བའི་དོན་དངོས་ལ་དམིགས་ནས།སྨན་བཅོས་མི་སྣས་ཉིན་གསུམ་རེར་ཨར་ལས་རུ་ཁག་གི་འཚོ་གནས་བྱེད་ཁུལ་དུ་དུག་གསོད་བྱེད་སྒོ་ཐེངས་རེ་སྤེལ་ནས་ཨར་ལས་རུ་ཁག་གི་མི་སྣ་འཛོམ་ཁུལ་དུ་དབྱར་དུས་ཀྱི་རིམས་ནད་མི་ཁྱབ་པར་ཁག་ཐེག་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོའི་དཔེ་འོས་སྐྱེ་ཁམས་ལྗོངས་རྒྱུ་ས་ཁོངས་དང་རྒྱལ་སྤྱིའི་ཨང་དང་པོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ལྗོང
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱི་ལས་སྒྲུབ་ཚོ་ཆུང་གིས་སེར་ཤུལ་གྱི་གློག་དྲ་ཨར་ལས་ལ་བརྟག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།