ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་འཚོགས།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-09-06

ཟླ་བ8པའི་ཚེས30ཉིན།ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་དེ་དུང་དཀར་ལུང་པར་འཚོགས།ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་མར་ཧུང་ཧོ་དང་ལི་ཆི་ཧྥུ།དྲུང་ཡིག་ཆེན་མོ་བ་ཧོང་ཅིན་ཡོན་སོགས་གྲོས་ཚོགས་ནང་ཞུགས་པ་རེད།
གྲོས་ཚོགས་ཀྱིས་ལག་པ་ཀྱག་པའི་བརྡས་ཐག་བཅད་པའི་བྱེད་སྟངས་ལ་བརྟེན་ནས་ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་གྲོས་རིམ་གྲོས་འཆམས་བྱུང་བ།
གྲོས་ཚོགས་ཐོག་ཡིག་ཐོག་གི་རྣམ་པ་བརྒྱུད་ནས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་ཉེར་བཞི་པའི་སྙིང་དོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་གྲུབ་མི་དང་གྲོང་ཁྱེར་དང་།(ཁུལ།)དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གྱི་སློབ་སྦྱོང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་དཀར་མཛེས་ཁུལ་གྱི2011ལོའི་ཟླ་བ་དང་པོ་ནས་ཟླ་བ6པའི་བར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་དཀར་མཛེས་ཁུལ་གྱི2010ལོའི་ནོར་སྲིད་ངེས་རྩིས་དང་།2011ལོའི་ཟླ་བ་དང་པོ་ནས་ཟླ་བ6པའི་བར་གྱི་ནོར་སྲིད་སྔོན་རྩིས་འཕོ་འགྱུར་དང་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་དཀར་མཛེས་ཁུལ་གྱི2010ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་ཀའི་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་འཐོར་སྡོད་དང་འདྲེས་སྡོད་བྱས་ཡོད་པའི་མི་རིགས་ཀྱི་ལས་ཀ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་〈སི་ཁྲོན་ཞིང་ཆེན་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས)ལག་བསྟར་བྱེད་ཐབས་〉སྐོར་གྱི་བབ་བསྟུན་བསྒྱུར་བཅོས་གཏན་འབེབས་》ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།《དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གྲོས་ཚོགས་ཀྱི་སྔར་ལྷག་གིས་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་བྱ་རྒྱུའི་སྐོར་གྱི་ཆོད་དོན་(འཆར་ཟིན།)》སྐོར་གྱི་གྲོས་གཞིར་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག་ད་རུང་མི་དོན་བསྐོ་འཐེན་བྱ་བ་བསྒྲུབས་པ་རེད།
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་ཞིང་འབྲོག་ས་ཁུལ་གྱི་ཆ་རྐྱེན་ཕན་ནུས་ལྡན་པའི་སྒོས་ལེགས་བཅོས་བྱས།
  • ལེ་ཚན་རྗེས་མ།: དར་མདོ་རྫོང་གིས་འབྲོག་པའི་གཞིས་ཆགས་ཀྱི་སྡོད་ཁང་སྐྲུན་སའི་ཁ་གསབ་རོགས་དངུལ་བཀྲམ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།