རོང་བྲག་རྫོང་གིས་ཞིང་འབྲོག་ས་ཁུལ་གྱི་ཆ་རྐྱེན་ཕན་ནུས་ལྡན་པའི་སྒོས་ལེགས་བཅོས་བྱས།
གངས་སྐྱིད་ཀྱིས་བསྒྱུར། 2011-09-05
ཉེ་ཆར། བྲག་འགོ་རྫོང་གིས་གྲང་ཉར་སྦྱོར་སྡེབ་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་བྱེད་སྒོ་གཙང་སྨད་ཤང་ས་འགོ་གྲོང་ཚོར་གཉེར་བ། གསོ་སྐྱོང་སྦྱོང་བརྡར་བྱེད་སྒོའི་ཐོག་རྫོང་དེའི་བོད་སྐྱོར་ལས་བྱེད་པས་ཞིང་འབྲོག་ཚན་རྩལ་གྱི་ལག་རྩལ་མི་སྣ་དང་རྫོང་ཡོངས་ཀྱི་གྲོང་ཚོའི་ཕྱུགས་ནད་རིམས་འགོག་མི་སྣར་རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་དངོས་ཀྱི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱས་ཡོད་ཅིང་། རྒྱ་ཆེ་བའི་ཞིང་འབྲོག་པས་ཕྱུགས་ཟོག་ལེགས་བཅོས་དང་གསོ་སྤེལ་བྱེད་པའི་ཕན་ནུས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱས་ཡོད།
རྫོང་དེའི་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་འགན་ཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་ཕྱུགས་འབྲོག་ལས་རིགས་ཀྱི་དཔེ་སྟོན་རྫོང་ཞིག་ཡག་ཅིང་མགྱོགས་པོ་འཕེལ་རྒྱས་ཡོང་བར་ཁག་ཐེག་ནན་པོ་བྱེད་ཆེད། ད་ལོར་རྫོང་དེས་ཕྱུགས་རྒྱུད་བཟང་པོ་མགོ་གྲངས་1000བདམས་པ་དང་། རྒྱུད་བཟང་གི་འདབ་ཆགས་50དང་། “ཅོན་ཧྲོན”ཟོག་གི་གྲང་ཉར་ཁུ་དཀར་500ནང་འདྲེན་བྱས་ཡོད། གཞན་ས་ནས་ཕ་ཟོག་མགོ་གྲངས100བརྗེ་ལེན་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེས་ན་ལོར་ཁྱིམ་གསོས་ཕྱུགས་ཟོག་ལེགས་བཅོས་བྱས་པའི་རྨང་གཞིའི་ཐོག་མུ་མཐུད་དེ་གྲང་ཉར་སྦྱོར་སྡེབ་བྱེད་ས་2བསྐྲུན་ཡོད་ཅིང་། གཙང་ཐ་དང་། གཙང་སྨད། ལི་ཁོག་མ་སྨད་མ་ཤང་སོགས་སུ་ཁྱབ་སྤེལ་བཏང་ནས་འབྲི་གཡག་400ལེགས་བཅོས་བྱས་ཡོད།