ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གུང་གཞོན་ཚོགས་པའི་ལས་དོན་ཚོགས་འདུ་དེ་རང་ཁུལ་དུ་འཚོགས།

ཐུབ་མིག་ཀུན་དགའ།        2010-12-02

ཉེ་ཆར།ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཚོགས་འདུ་དེ་དར་མདོ་ལ་འཚོགས་པ་རེད།ཞིང་ཨུའི་རྒྱུན་ཨུ་ལིའི་ཏེན་ཅུའེ་ཡིས་སྤྲིངས་ཡིག་བསྐུར་ནས་རྟེན་འབྲེལ་ཞུསཔ་རེད།སྤྲིང་ཡིག་ནང་གསུངས་རྒྱུར།བོད་ཁུལ་གྱི་རྒྱ་ཆེའི་ན་གཞོན་ཚོས་སེམས་ལ་མེས་རྒྱལ་འཆང་བ་དང་ཡིད་ཆེས་འགྱུར་མེད།སློབ་སྦྱོང་འབད་བརྩོན།ཡར་རྒྱས་བརྩོན་ལེན་བྱེད་དགོས།སྤྲིངས་ཡིག་ནང་ནན་གསུང་གནང་རྒྱུར།ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་བོད་ཁུལ་གྱི་རྣམ་པ་གསར་པའི་འོག་གུང་གཞོན་སྡེ་ཚོགས་དང་ན་གཞོན་ལས་ཀ་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་རེད།བོད་ཁུལ་གྱི་གུང་གཞོན་སྡེ་ཚོགས་ནི་རང་རེའི་ཞིང་ཆེན་གྱི་མི་རིགས་ཁག་གིས་ཐུན་མོང་དུ་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ལ་གཏོང་བར་སྐུལ་འདེད་གཏོང་མཁན་གྱི་་སྟོབས་ཤུགས་ཡིན་ལ།བོད་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་ལས་དོན་དང་མི་རིགས་མཐུན་སྒྲིལ།རྒྱལ་ཁབ་གཅིག་གྱུར་གྱི་ལས་ཀ་ཞིག་ཀྱང་ཡིན་པ་རེད།གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཨུ་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཐུང་གིས་བོད་ཁུལ་གྱི་གུང་གཞོན་སྡེ་ཚོགས་ཀྱི་ལས་ཀར་བཀོད་སྒྲིག་ལེགས་པོ་བྱསཔ་རེད།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལའོ་ཞའོ་ཏུང་གིས་ཤིས་ཚིག་འབུལ་བ་རེད།དཀར་མཛེས་དང་རྔ་བ།ལིའང་ཧྲན་ཁུལ་མུ་གླིང་རྫོང་།
ཐོག་མའི“ཞིང་ཆེན་རིམ་པའི་འབྲོག་པའི་གཞིས་ཆགས་སའི་ན་གཞོན་བྱེད་སྒོ་ལྟེ་གནས”
ཡི་མིག་དཔེ་བྱེད་ས་དང“ལོ་དགུའི་འོས་འགན་སློབ་གསོ་སྟེང་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སྣོན་པ”ཡི་སློབ་གྲྭའི་ཚབ་བྱེད་མི་སྣས་ཚོགས་འདུ་རུ་གསུང་བཤད་གནང་བ་རེད།གྲོང་ཁྱེར་དང་ཁུལ་ཁ་ཤས།བོད་ཁུལ་གྱི་རྫོང་ཐོན་ཨུའི་ཧྲུའུ་ཅི།ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱེད་མི་སྣ།སློབ་གྲྭ་འགའ་དང་ཁེ་ལས་ཐོན་ཨུའི་འགན་ཁུར་པ།རང་ཁུལ་གྱི་རྫོང་ཁག་གི་ཏང་ཨུ་ལས་བགོས་འགན་ཁུར་བཅས་ཚོགས་འདུ་ལ་ཞུགས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་སླ
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་ཨོ་སྒང་ཤང་གི་ལས་བྱེད་པ་དང་གྲོང་ཚོའི་འགན་ཁུར་པ་ཚོས་དགེ་བཟང་གྲོང་ཚོར་བདེ་དྲོད་བསྐྱལ་བ།
  • དོ་སྣང་ཆེ་བའི་རྩོམ།