དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

མཁས་གྲུབ།        2016-12-02

དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཟླ་བ12པའི་ཚེས1ཉིན་ནི་འཛམ་གླིང་ཨེ་ཙི་ནད་ཀྱི་དྲིལ་བསྒྲགས་ཉིན་མོ་ཡིན་ཞིང་། ཉིན་དེར་དཀར་མཛེས་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དར་མདོ་གྲོང་ཁྱེར་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་དང་། སི་ཁྲོན་མི་རིགས་སློབ་གླིང་དང་དཀར་མཛེས་ཁུལ་འཆར་ལྡན་བུ་བཙའ་ཨུ་ལྷན། ཁུལ་མི་དམངས་སྨན་ཁང་། ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ཀྱིས་སྒྲུབ་རོགས་བྱས་ཏེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་ཨེ་ཙི་ནད་འགོག་གི་སྤྱི་ཕན་རིག་རྩལ་འཁྲབ་སྟོན་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
བྱེད་སྒོ་རུ་སློབ་འབྲིང་སློབ་མ་དང་དམག་དཔུང་། འཕྲོད་བསྟེན་སྡེ་ཁག་དང་ས་གནས་མང་ཚོགས་བཅས་མི་གྲངས་ཁྲིར་ཉེ་བ་ཞུགས་ཤིང་། ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་ཡིག་རིས་བཀྲམ་པ་དང་ཨེ་ཙི་ནད་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་ཨེ་ཙི་ནད་འགོག་གི་ཤེས་བྱར་གོ་བ་ལོན་པ་དང་ཨེ་ཙི་ནད་སྔོན་འགོག་བྱ་རྒྱུའི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་པ་རེད།
དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
ཅི་ཞིག་ནི་ཨེ་ཙི་ནད་ཡིན།
ཨེ་ཙི་ནད་ཅེས་པ་ནི་དབྱིན་སྐད་ཀྱི"AIDS"ཞེས་པ་བསྒྱུར་བའི་མིང་ཡིན། གསོ་རིག་སྟེང་དུ་མིང་ཆ་ཚང་ལ་རྗེས་ཐོབ་རང་བཞིན་གྱི་འགོག་མི་ཐུབ་པའི་སྣ་འདུས་ནད་ཅེས་ཟེར། འདི་ནི་འགྲོ་བ་མིའི་འགོག་མི་ཐུབ་པའི་རིམས་ནད་ཀྱི་ནད་དུག༼བསྡུས་མིང་ལHIV༽འགོས་རྗེས་བྱུང་བའི་འཆི་སྲིད་པའི་འགོ་ནད་ཅིག་ཡིན། ཨེ་ཙི་ནད་དུག་འགོས་པའི་མི་དེ་ནི་དང་ཐོག་ཕར་བལྟས་ན་ན་རྟགས་ཅི་ཡང་མེད་པའམ་འབྱུང་ཁམས་ཡང་བདེ་མོ་ཡིན་ཡང་ནད་དུག་གཞན་ལ་བསྒོ་སྲིད་པ་ཡིན།
མི་བདེ་ཐང་ཅན་ལ་ཨེ་ཙི་ནད་ཇི་ལྟར་འགོ་བ་ཡིན།
1 ཆགས་སྤྱོད་ལས་འགོ་བ། ཨེ་ཙི་ནད་དུག་འགོས་པའི་མི་དང་མི་བདེ་ཐང་ཅན་ཞིག་ཆགས་སྤྱོད་བྱས་པར་མ་ཟད། འགོག་སྲུང་གི་ཐབས་མ་སྤྱད་པ་ནི་ཨེ་ཙི་ནད་དུག་བསྒོ་བའི་ཁུངས་གཙོ་བོ་ཡིན། ཉེན་ཁ་ཆེ་བའི་རིགས་ནི་སྨན་འཚོང་མ་དང་ཆགས་སྤྱོད་ཟླ་བོ་འགའ་ཡོད་པ། མཚན་མཐུན་བར་ཆགས་སྤྱོད་བྱེད་པ་བཅས་ཡིན།
2 ཁྲག་ལས་འགོ་བ། གལ་ཏེ་ཨེ་ཙི་ནད་དུག་ཡོད་པའི་མིའི་ཁྲག་གམ་ཁྲག་དངོས་ལུས་སུ་འགོས་ཚེ་ཚང་མར་ཨེ་ཙི་ནད་དུག་འགོ་བ་ཡིན། ཉེན་ཁ་ཆེ་བའི་མི་ཚོགས་ཞེས་པ་ནི་བརྟག་དཔྱད་ཞིབ་མོ་བྱས་མེད་པའི་ཁྲག་གམ་ཁྲག་དངོས་བཟོ་མཁན་དང་། རྩ་ལམ་དུ་དུག་རྫས་གཏོང་མཁན། ཁྲིམས་དང་འགལ་ནས་ཁྲག་འཚོང་བ་དང་ཁྲག་གསོག་པ། ཁྲིམས་དང་འགལ་ནས་མིའི་དབང་པོ་ཉོ་འཚོང་བྱེད་པ། མི་གཞན་གྱི་སོ་འཁྲུད་བྱེད་སོགས་འཚོ་བའི་ཡོ་བྱད་གང་བྱུང་དུ་བཀོལ་མཁན།
3 མ་བུའི་འགོ་བ། ཨེ་ཙི་ནད་དུག་འགོས་པའི་སྐྱེས་མས་སྦྲུམ་ཆགས་པའི་དུས་མཇུག་དང་བཙའ་བའི་སྐབས། ནུ་མ་སྣུན་པའི་སྐབས་བཅས་སུ་ཨེ་ཙི་ནད་དུག་སྦྲུམ་བུའམ་ཁྱེའུ་ལ་བསྒོས་པ། འགོ་ངེས་པའི་ཚད་ནི་བརྒྱ་ཆ25~40བར་ཡིན་པ་དང་། སྤྱིར་བཏང་དུ་བརྒྱ་ཆ30ཡས་མས་ཡིན། ཉེན་ཁ་ཆེ་བའི་མི་ཚོགས་ཞེས་པ་ནི་ཨེ་ཙི་ནད་དུག་འགོས་པའི་སྐྱེས་མར་སྦྲུམ་ཆགས་རྗེས་སྨན་ཁང་གི་སྨན་པའི་མཛུབ་སྟོན་ལ་མ་ཉན་པར་མ་བུའི་བར་འགོས་པ་ཡིན།
ནད་འགོས་པའི་མི་དང་ཨེ་ཙི་ནད་པའི་བར་མི་འདྲ་ས་ཅི་ཡོད།
ཨེ་ཙིའི་ནད་དུག་ལུས་ལ་ཞུགས་ནས་རྒྱུད་འཕེལ་བའི་བར་དུས་ངེས་ཅན་ཞིག་དགོས། དང་ཐོག་ནད་པའི་རིམས་འགོག་ནུས་པར་ད་དུང་གཏོར་བརླག་ཆེན་པོ་ཐེབས་མེད་པས་ནད་རྟགས་ཀྱང་གསལ་པོ་མེད། ང་ཚོས་མི་འདི་དག་ལ་ཨེ་ཙི་ནད་འགོས་པའི་ནད་པ་ཟེར། ནད་པའི་རིམས་འགོག་ནུས་པ་བརླག་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན། ནད་སྲིན་གཞན་པ་གླགས་དང་བསྟུན་ནས་ལུས་ལ་ཞུགས་པ་དང་། སྐབས་དེར། ནད་འགོས་པའི་མི་ནི་ཨེ་ཙི་ནད་པར་གྱུར་པ་ཡིན། ཨེ་ཙི་ནད་དུག་འགོས་པའི་མི་ནས་ནད་པར་འགྱུར་བའི་བར་དུ་ཟླ་འགའ་འམ་ལོ་འགའ་དགོས་ཏེ། སྤྱིར་བཏང་དུ་ལོ8~10འགོར་ཞིང་། ཆེས་རིང་ན་ལོ19འགོར་བ་ཡིན།
ཨེ་ཙི་ནད་པར་ནད་རྟགས་གང་དག་ཡོད།
ཨེ་ཙི་ནད་དུག་འགོས་པ་ནས་ཨེ་ཙི་ནད་ཀྱི་ནད་པར་འགྱུར་བའི་བར་དུས་སྐབས་གསུམ་དུ་བགོས་ཆོག་སྟེ།༼1༽མྱུར་འགོ་དུས་སྐབས། སྤྱིར་བཏང་དུ་ཨེ་ཙི་ནད་དུག་འགོས་རྗེས་ཀྱི་བདུན་ཕྲག2~6ནང་དུ་ནད་རྟགས་ཕྱིར་མངོན་པ་ཡིན། ནད་རྟགས་ནི་ལུས་ལ་ཚ་བ་རྒྱས་པ་དང་། མགྲིན་པ་ན་བ། རྨེན་མདུད་སྐྲངས་པ། པགས་འབྲུམ་འབྱུང་བ་སོགས་ཡིན་ལ་ཆམ་ནད་དང་འདྲ། བདུན་ཕྲག་གཉིས་ཀྱི་རྗེས་སུ་མེད་པར་འགྱུར་སྲིད། ༼2༽ནད་རྟགས་མེད་པའི་དུས་སྐབས། དུས་སྐབས་འདིའི་ཁྱད་ཆོས་ནི་ནད་རྟགས་གསལ་པོ་མེད་ལ། དེ་ནི་ཨེ་ཙི་ནད་ཀྱི་ལྐོག་གྱུར་དུས་སྐབས་ཤིག་ཡིན། ལྐོག་གྱུར་དུས་སྐབས་འདིའི་ནང་དུ་ཨེ་ཙི་ནད་དུག་འགོས་པའི་མི་ལ་འགོ་གཤིས་ཡོད་ལ། དེར་ཨེ་ཙི་ནད་དུག་ཡོད་པའི་མི་ཟེར། སྐབས་དེར་ཨེ་ཙི་ནད་དུག་འགོག་གཟུགས་ནི་གདགས་གཤིས་ཡིན་པའི་ཚད་ནི་ཕལ་ཆེར་བརྒྱ་ཆ100ལ་སླེབས་ཡོད། ༼3༽ཨེ་ཙི་ནད་ཀྱི་དུས་སྐབས། ལུས་ཧྲིལ་པོར་ནད་རྟགས་ཡོད་དེ། དཔེར་ན་བསྟུད་མར་ཚ་རྒྱས་པ་དང་ལུས་ཧྲིལ་པོའི་རྨེན་མདུད་བསྟུད་མར་སྐྲངས་པ། ལྷག་པར་དུ་གསུས་སྨད་མ་གཏོགས་ལུས་ཧྲིལ་པོའི་རྨེན་མདུད་གཉིས་ཡན་ཆད་སྐྲངས་ལ་སྤྱིར་བཏང་དུ་ཆེ་ཆུང་ལི་སྨི1ཙམ་ཡོད་ལ་ན་ཟུག་མེད། བསྟུད་མར་དལ་གཤིས་ཅན་གྱི་གསུས་པ་བཤལ་བ་དང་། ཟླ་གསུམ་གྱི་ནང་དུ་ལུས་པོའི་ལྗིད་ཚད་བརྒྱ་ཆ10ཙམ་ཇེ་ཡང་དུ་འགྲོ་སྲིད། རྔུལ་ལངས་པ་སྟེ་མང་ཆེ་བ་དགུང་མོར་ལངས་ཤིང་དེར་མཐུད་ནས་ཉིན་མོའང་འབྱུང་བ་ཡིན། ངལ་དུབ་སྐྱེ་བ་དང་བརྗེད་ངེས་ཆེ་བ། མགོ་བོ་ཡང་ཡང་ན་བ། རིག་པ་རྡིབ་ཅིང་ལྒིན་རྟགས་ཡོད་པ། གློ་ཚད་དང་འདུས་འདྲིལ་གཅོང་ནད། རྒྱུ་ཚད་སོགས་འབྱུང་ལ། ཐ་ན་སྐྲན་ནད་ཀྱང་འབྱུང་། ཨེ་ཙི་ནད་དུག་འགོག་གཟུགས་གདགས་གཤིས་ཡིན།
རང་ལ་ཨེ་ཙི་ནད་དུག་འགོས་པ་ཇི་ལྟར་ཤེས་དགོས།
མི་ཞིག་ལ་ཨེ་ཙི་ནད་དུག་འགོས་ཡོད་མེད་ཐག་གཅོད་ཐད་མིག་སྔར་རྒྱུན་དུ་བཀོལ་བཞིན་པ་ནི་ཐོག་མར་ས་གནས་དེའི་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་ཁྲག་ནང་གི་ཨེ་ཙི་ནད་དུག་འགོག་གཟུགས༼བསྡུས་མིང་ལHIVཟེར༽ལ་བརྟག་དཔྱད་རགས་ཙམ་བྱ་དགོས་ཏེ། དཔེར་ན་འགོག་གཟུགས་ཐོག་མར་བརྟག་པ་གདགས་གཤིས་རང་བཞིན་གྱི་འགྱུར་འབྱུང་ཡིན་ན་ཁྲག་དེ་ཞིང་ཆེན་རིམ་པའི་ངོས་འཛིན་དངོས་བཤེར་ཁང་དུ་བསྐྱལ་ནས་ངོས་འཛིན་བརྟག་དཔྱད་བྱ་དགོས། ཚོད་ལྟ་ལས་སྔར་བཞིན་གདགས་གཤིས་ཡིན་ན་ད་གཟོད་ཨེ་ཙི་ནད་དུག་འགོས་ཡོད་པ་ཐག་གཅོད་བྱས་ཆོག
ཨེ་ཙི་ནད་སྨན་བཅོས་བྱས་ཆོག་གམ།
མིག་སྔར་ཨེ་ཙི་ནད་སྨན་བཅོས་བྱས་ཚེ་རྩ་བ་དྲག་མི་ཐུབ་ཀྱང་སྨན་བཅོས་བྱས་ཆོག་པ་ཡིན། ཐོག་མར་ནད་པར་ནད་ལས་ཐར་ཐབས་ཀྱི་ཡིད་ཆེས་སྐྱེ་རུ་འཇུག་དགོས་ཏེ། ཨེ་ཙི་ནད་བྱུང་ཚེ་ནད་རྟགས་ལ་བལྟས་ནས་དུས་ཚོད་དམ་འཛིན་བྱས་ཏེ་སྨན་བཅོས་བྱ་དགོས། དཔེར་ན་གློ་ཚད་བྱུང་ན་དུས་མི་འགྱངས་བར་སྨན་བཅོས་བྱེད་པ་དང་། ཆམ་པ་ཕོག་ན་དུས་དམ་འཛིན་བྱས་ནས་སྨན་བཅོས་བྱ་དགོས། མིག་སྔར་ཀྲུང་དབྱི་དང་ཕྱི་ལུགས་སྨན་བཅོས་ཀྱི་ཐབས་བཀོལ་ནས་ནད་དུག་བཀག་སྟེ་སྨན་བཅོས་བྱེད་པའི་ཐབས་ཡོད་པ་དེས་ཨེ་ཙི་ནད་དུག་རྩ་བ་ནས་འཇོམས་མི་ཐུབ་ཀྱང་རྒྱུད་འཕེལ་བ་འགོག་ཐུབ་པ་དང་། ལུས་པོའི་ནད་འགོག་ནུས་པ་ཇེ་ལེགས་སུ་བཏང་སྟེ། ཨེ་ཙི་ནད་པའི་ངལ་རྩོལ་ནུས་པ་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། ནད་པའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།
ཨེ་ཙི་ནད་ཇི་ལྟར་སྔོན་འགོག་བྱ་དགོས།
མིག་སྔར་ཨེ་ཙིའི་ནད་རྩ་བ་ནས་དྲག་མི་ཐུབ་ཀྱང་ཨེ་ཙིའི་ནད་དུག་གི་འགོ་ལམ་ཤེས་ཤིང་གོ་ཆོད་པའི་སྔོན་འགོག་ཐབས་བཀོལ་ནས་ཚོད་འཛིན་བྱས་ན། ཨེ་ཙི་ནད་འབྱུང་ཞིང་མཆེད་པ་འགོག་ཐུབ། འགོ་ལམ་མི་འདྲ་བ་དང་ཉེན་ཁ་ཡོད་པའི་མི་དག་ལ་དེ་འཚམ་གྱི་འགོག་ཐབས་དང་དོ་དམ་ལམ་ལུགས་སྤྱོད་དགོས།
གཅིག  ཆགས་སྤྱོད་ལས་ཨེ་ཙི་ནད་འགོ་བ་དང་དེ་བཅོས་ཐབས། ཨེ་ཙི་ནད་འགོས་པའི་མི་དང་ཨེ་ཙི་ནད་པ་གཉིས་ཀྱི་ཁམས་དཀར་དང་མངལ་ལམ་གྱི་ཟགས་ཐོན་དངོས་པའི་ནང་དུ་ཨེ་ཙིའི་ནད་དུག་མང་པོ་ཡོད་པ་དེ་དག་སྐྱི་པགས་དང་འབྱར་སྐྱི་ཅུང་ཟད་བརྟོལ་བ་ལས་ལུས་སུ་ཞུགས་ནས་འགོས་པ་ཡིན། ལྷག་པར་དུ་མཚན་མཐུན་དགའ་རོགས་དང་མཚན་མའི་ནད་གཞན་ཡོད་པའི་མི་ལ་འགོ་ཚད་མཐོ། ཨེ་ཙི་ནད་ཀྱི་ནད་དུག་ཆགས་སྤྱོད་ལས་འགོ་བ་སྔོན་འགོག་བྱེད་ཚེ་བདེ་འཇགས་ཀྱི་འཁྲིག་པ་སྤྱོད་དགོས་ཏེ། གཅིག་ནི་ཕན་ཚུན་ལ་བློ་གཏད་ཆོག་པ་དང་ཨེ་ཙི་ནད་འགོས་མེད་པའི་འཁྲིག་པ་སྤྱོད་ཡུལ་མི་གཅིག་ཡིན་དགོས། གཉིས་ནི་ཉེན་ཁ་ཡོད་པའི་མི་ལ་འཁྲིག་པ་སྤྱོད་ཐེངས་རེར་མཚན་ཤུབས་འགྲིག་པོར་སྐོན་དགོས། མཚན་ཤུབས་འགྲིག་པོར་སྐོན་ཐབས་ནི། ༼1༽མཚན་ཤུབས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་དང་གོ་ཆོད་པའི་དུས་ཡུན། ཚད་ལྡན་དཔང་རྟགས།༼2༽གལ་ཏེ་ཆགས་སྤྱོད་སྐབས་མཚན་ཤུབས་མགོ་ནས་ཤུད་ཚེ་མྱུར་དུ་གསར་བ་ཞིག་ལ་བརྗེ་དགོས། ༼3༽ཆགས་སྤྱོད་སྔོན་ལ་ཕན་ཚུན་གྱི་མཚན་མར་མ་རེག་གོང་དུ་མཚན་ཤུབས་སྐོན་དགོས། འདི་ལྟར་བྱས་ན་ཟགས་དངོས་ཕར་ཚུར་ལ་འགོ་མི་ཐུབ། ༼4༽མཚན་ཤུབས་མར་ལེན་སྐབས། ལག་པ་གཅིག་གིས་མཚན་ཤུབས་ཀྱི་ཁ་བཙིར་ཏེ། སེམས་ཆུང་ངང་འཐེན་ནས་ཁ་རུ་མདུད་པ་བརྒྱབ་སྟེ་ཁམས་དཀར་ཕྱིར་མི་བཞུར་བར་བྱེད་དགོས་པར་མ་ཟད་ཟགས་ཁུ་ལག་པའི་ཐོག་མི་འགོ་བར་བྱ་དགོས། ༼5༽མཚན་ཤུབས་གཅིག་ཐེངས་གཅིག་ལ་བཀོལ་བ་ལས། ཡང་ཡང་དུ་བཀོལ་མི་རུང་། བཀོལ་ཟིན་པའི་མཚན་ཤུབས་དོ་དམ་ལེགས་པོ་བྱ་དགོས་ཏེ། འཕྲོད་བསྟེན་ཤོག་བུས་གཅུད་ནས་གད་སྙིགས་ཀྱི་སྣོད་ནང་འཕེན་དགོས།
གཉིས། ཁྲག་ལས་ཨེ་ཙི་ནད་འགོ་བ་དང་དེ་བཅོས་ཐབས། ལུས་ལ་ཁྲག་བརྒྱབ་ནས་འཆི་བ་ལས་ཐར་བྱུང་བའི་མི་མང་པོ་ཡོད་མོད། འོན་ཀྱང་། ཨེ་ཙི་ནད་དུག་ཡོད་པའི་མིའི་ཁྲག་བརྒྱབ་ཚེ། ཁྲག་རྒྱག་ཡུལ་གྱི་མིར་ཨེ་ཙི་ནད་དུག་འགོ་སྲིད་པས། ཁྲག་རྒྱག་པ་དང་ཁྲག་གིས་བཟོས་པའི་དངོས་པོ་བདེ་འཇགས་ཡིན་པ་ཁག་ཐེག་བྱ་རྒྱུ་ནི་ཁྲག་བརྒྱབ་ནས་འགོས་པ་སྔོན་འགོག་བྱེད་པའི་གནས་གཙོ་བོ་ཞིག་ཡིན། རང་རྒྱལ་དུ་ད་ལྟ་ཁྲིམས་ལུགས་ནང་གཏན་ཁེལ་བྱས་ཡོད་དེ། སྨན་བཅོས་ཁྲོད་སྤྱོད་པའི་ཁྲག་ཚང་མར་ཨེ་ཙི་ནད་ཀྱི་ནད་དུག་འགོག་གཟུགས་ཡོད་མེད་ལ་ཞིབ་བཤེར་བྱས་ཏེ། བདེ་འཇགས་ངང་ཁྲག་བཀོལ་བར་ཁག་ཐེག་བྱ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འགན་འཁྲི་ཡིན། ང་ཚོ་མི་རེ་རེས་ཀྱང་བདེ་འཇགས་ངང་ཁྲག་བཀོལ་བར་ལྟ་སྐུལ་བྱ་དགོས་ཏེ། གཅིག་ནས་ཁྲག་རྒྱག་པའི་དགོས་པ་མེད་ཚེ་མི་རྒྱག་པ་དང་། ངེས་པར་དུ་རྒྱག་དགོས་ན་ཁྲག་ལ་ཨ་ཙི་ནད་ཀྱི་ནད་དུག་འགོག་གཟུགས་ཞིབ་བཤེར་བྱས་མིན་ཤེས་པའི་དབང་ཆ་ཡོད། "འགོག་ཤུགས"ཇེ་ཆེར་གཏོང་ཆེད་གང་འདོད་ཀྱིས་ཁྲག་ལས་བཟོས་པའི་དངོས་པོ་བཀོལ་མི་རུང་། རང་འདོད་ལྟར་གཞན་ལ་ཁྲག་རྒྱག་པ་དང་ཁྲག་བཙོང་བ། དབང་བོ་སྣ་ལྔ་འབུལ་བ་སོགས་བྱ་མི་རུང་། གཉིས་ནས་དུ་ནག་འཐེན་མཁན་གྱིས་ཁབ་སྦུག་དང་ཁག་མགོ་གཅིག་མཉམ་དུ་མི་བཀོལ་བ། གལ་ཏེ་དེ་ཚོའི་ཁྲོད་ཀྱི་མི་གཅིག་ལ་ཨེ་ཙི་ནད་དུག་འགོས་ཡོད་ཚེ་ཁབ་རྒྱག་ཆས་སྟེང་འགོས་ཡོད་པས། ཨེ་ཙི་ནད་དུག་ནི་ཁབ་ཆས་ལས་དུ་ནག་འཐེན་མཁན་གཞན་རྣམས་ལ་འགོ་བ་ཡིན། དེ་ལས་གཞན། དུ་ནག་གིས་མིའི་ལུས་སྟོབས་ཉམས་སུ་བཅུག་སྟེ། ཨེ་ཙི་ནད་དུག་འགོ་བ་དང་ནད་འབྱུང་བའི་གོ་སྐབས་ཇེ་མང་དུ་བཏང་། གསུམ་ནས་མི་གཞན་གྱི་སོ་བཀྲུ་བྱེད་དང་ཁ་སྤུ་བཞར་བྱེད་སོགས་སྐྱི་པགས་དང་འབྱར་སྐྱི་རྨས་སླ་བའི་ཡོ་བྱད་བཀོལ་མི་རུང་།
གསུམ། མ་བུའི་བར་དུ་ཨེ་ཙི་ནད་འགོ་བ་དང་འགོག་པ། མ་བུའི་བར་དུ་འགོ་བ་ནི་ཁྱེའུ་དང་བྱིས་པར་ཨེ་ཙི་ནད་འགོ་བའི་ལམ་གཙོ་བོ་ཡིན། བཙས་མ་ཐག་པའི་ཁྱེའུ་ལ་ཨེ་ཙི་ནད་འགོ་བ་བརྒྱ་ཆ90ནི་ཨ་མའི་ལུས་ནས་འགོས་པ་ཡིན། ཨེ་ཙི་ནད་དུག་མ་བུའི་བར་འགོ་བ་ནི་བུ་རོགས་དང་། ཕྲུ་གུ་སྐྱེ་བ། ནུ་མ་ལྡུད་པ་བཅས་འགོ་ལམ་གསུམ་ཡོད་ལ། དེ་ལས་ཕྲུ་གུ་སྐྱེ་སྐབས་འགོས་པ་ཡིས་བརྒྱ་ཆ70ཙམ་ཟིན་ཡོད། འགོག་ཐབས་གཙོ་བོ་ནི་ནད་དུག་འགོག་པའི་སྨན་རྫས་བཀོལ་བ་དང་། ཁོག་པ་གཤགས་ནས་ཕྲུ་གུ་སྐྱེ་བ། མིའི་ཐབས་ཀྱིས་ནུ་མ་ལྡུད་པ་བཅས་ཡོད། ཕྱོགས་བསྡུས་འགོག་ཐབས་བཀོལ་རྗེས་མ་བུའི་བར་འགོས་ཚད་བརྒྱ་ཆ8~10ཙམ་ལ་ཇེ་ཉུང་དུ་གཏོང་ཐུབ་ལ། ཐ་ན་བརྒྱ་ཆ2མན་དུ་ཚོད་འཛིན་བྱེད་ཀྱང་ཐུབ།
  • ལེ་ཚན་སྔོན་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
  • ལེ་ཚན་རྗེས་མ།:ཡེ་ཤེས་ཟླ་བས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • དོ་སྣང་ཆེ་བའི་རྩོམ།