ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།

སྐལ་བཟང་ཐུབ་བསྟན།        2016-12-02

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ཟླ་བ11པའི་ཚེས29ནས30ཉིན་གྱི་བར། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་བརྒྱད་པའི་ལྔ་གཉིས་གསུམ་གྱི་བྱ་འགུལ་རྒྱུན་ལྡན་སྤེལ་བའི་མཁས་པའི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ཧྲན་དབྱང་གིས་གསུང་བཤད་གནང་བཞིན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
 
ཞུང་ཡུན་ཀའོ་ཡིས་གསུང་བཤད་གནང་བཞིན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
 
ཡན་ཁེ་ཡུང་གིས་གསུང་བཤད་གནང་བཞིན་པ།
     གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གྲུབ་མཐའ་ཆེན་པོ་ལྔའི་བླ་སྤྲུལ་དང་དགེ་བཤེས། མཁན་པོ། བོད་རིག་པའི་ཆེད་རམས་པ་བཅས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་མཛད་ཅིང་། ལྔ་གཉིས་གསུམ་བྱ་འགུལ་སྤེལ་བའི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ཀྱི་ཐོག་ལ་ཇི་ལྟར་བསྒྱུར་བ་དང་སྔར་ལྷག་གིས་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་བྱ་གཞག་རྒྱལ་ཁྲིམས་དང་ཆོས་ཁྲིམས་
དང་མཐུན་ཞིང་དགེ་འདུན་ཁག་ཐུགས་མཐུན་སྡོམ་གཙང་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་ཀའི་བྱེད་ཕྱོགས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ནང་བསྟན་ཆོས་ལུགས་ཀྱི་བྱ་གཞག་རྒྱུད་འཛིན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་འཕགས་དགེ་མཚན་དང་མཐུན་རྐྱེན་བཟང་པོ་འདོན་སྤེལ་གང་ལེགས་བྱས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་བྱ་གཞག་ལ་རོགས་དན་རྒྱག་པ་བཅས་ཀྱི་སྐོར་ལ་དམིགས་ནས་བགྲོ་གླེང་རྒྱ་ཆེར་མཛད་དེ་ཐབས་འདོན་ཇུས་འདོན་མཛད་པ་རེད། 
     ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་དང་།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མངག་བཅོལ་ལྟར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་བདུན་པའི་ཅུས་ཀྲང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲན་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་ཁུལ་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཞུང་ཡུན་ཀའོ། ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་བོད་བརྒྱུད་ནང་བསྟན་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཡན་ཁེ་ཡུང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་དང་། ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་བོད་བརྒྱུད་ནང་བསྟན་ཁོའོ་དང་པོ་ཁོའོ་ཀྲང་ཝུའུ་ཅུན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དགེ་བཤེས་སུའུ་ཧའེ་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པེ་སུའུ་དབྱིན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཏུང་ཞུའུ་གྲོས་ཚོགས་སུ་ཞུགས། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་འཚམ་དཀར་ཚུལ་ཁྲིམས་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་རེད།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
རྒྱལ་བསྟན་བློ་བཟང་བྱམས་པས་གཙོ་སྐྱོང་གནང་བཞིན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
 
འཚམ་དཀར་ཚུལ་ཁྲིམས་ཀྱིས་གསུང་བཤད་གནང་བཞིན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
 
བཞག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་གཙོ་སྐྱོང་གནང་བཞིན་པ།
ཧྲན་དབྱང་གིས་ཐོག་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མཁས་པའི་གྲོས་ཚོགས་སུ་ཞུགས་པའི་ལྷན་རྒྱས་ཡོངས་ལ་སྙིང་ཐག་པ་ནས་དགའ་བསུ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་ཀའི་ལས་འགན་ཧ་ཅང་ལྕི་བ་དང་གཅིག  དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་བསྒྲུབས་པའི་ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གཉིས།  དེང་དུས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ལ་དུས་བསྟུན་གསལ་བཀྲོལ་བྱ་རྒྱུའི་ལས་ཀ་གལ་ཆེན་ཡིན་པ་དང་གསུམ་ལ་དམིགས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ནམ་ཡང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་ཀར་མཐོང་ཆེན་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་རྒྱབ་སྐྱོར་ཆེན་པོ་བྱས་དང་བྱེད་བཞིན་ཡོད་ཅེས་གསུངས། 
 ཧྲན་དབྱང་གིས་ནན་གསུང་གནང་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་འཚོགས་པ་ནས་བཟུང་། ཀྲུང་དབྱང་གིས་སྔ་ཕྱིར་སྐོང་ཚོགས་བྱས་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཀའི་གྲོས་ཚོགས་སོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་གཏོང་བ་དང་ཆབས་ཅིག  གཅིག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནི་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས། གསུམ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་ཀའི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། བཞི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱབ་ཁོངས་ཁྲོད་དུ་མང་ཚོགས་ལས་ཀ་ཟབ་སྤེལ་བྱ་དགོས། ལྔ་ནི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
དཀོན་མཆོག་དབང་རྒྱལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་བརྒྱུད་སྒྲོག་གནང་བཞིན་པ། 
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ལུའོ་ཡུང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཀྱིས་སྙིང་དོན་བརྒྱུད་སྒྲོག་གནང་བཞིན་པ།
  རྒྱལ་བསྟན་བློ་བཟང་བྱམས་པས་ལྔ་གཉིས་གསུམ་གྱི་བྱ་འགུལ་སྤེལ་བ་ནས་བཟུང་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་། བྱ་འགུལ་རྒྱུན་ལྡན་སྤེལ་བའི་གནས་ཚུལ་སྐོར་ལ་དམིགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ལྔ་གཉིས་གསུམ་གྱི་བྱ་འགུལ་སྤེལ་བ་ནས་བཟུང་རིམ་ཁག་ཏང་སྲིད་ཀྱི་གདེང་འཇོག་གང་ལེགས་དང་སྤྱི་ཚོགས་ཁག་གིས་བསྟོད་བསྔགས་ཐོབ་ཡོད་ཅིང་། དགོན་ཁག་གི་གྲྭ་བཙུན་གྱི་ཁྲིམས་དང་སྲིད་ཇུས་སྦྱོང་ཤུགས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁྲིམས་ཆོས་ཁྲིམས་སྲུང་བའི་འདུ་ཤེས་ཇེ་དྲག་ཏུ་སོང་བ། ཐོས་བསམ་སྒོམ་སྒྲུབ་ལམ་དུ་ལྷོང་བ། ནང་བསྟན་ཆོས་ལུགས་བྱ་གཞག་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་བ། དགོན་ཁག་བར་བསམ་བློ་དང་ཉམས་མྱོང་སྤེལ་ཤུགས་ཆེ་རུ་ཕྱིན་པ། ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་རང་ཉིད་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་ཕྱིན་ཞིང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ལས་བྱེད་པར་སྦྱོང་བརྡར་ཐེབས་པར་མ་ཟད་འཚར་ལོངས་བྱུང་བ་རེད། ཕྱིན་ཆད་ང་ཚོས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་སྤོབས་སེམས་ཆེར་བསྐྱེད། ནུས་པ་ཧུར་འདོན་བྱས་ཏེ་དགའ་ཞེན་ལྔ་དང་བསྲུང་བྱ་གཉིས། འགན་ཁུར་གསུམ་གྱི་ཆེད་དོན་བྱེད་སྒོ་དེ་ནང་བསྟན་ཆོས་ལུགས་སྐྱོན་བྲལ་གོང་འཕེལ་ཡོང་བའི་གཞི་འཛིན་སར་བྱས་ཏེ་ཡུན་ཕན་གྱི་ནང་སྲོལ་ཞིག་ཆགས་སུ་བཅུག་ནས་ལྔ་གཉིས་གསུམ་གྱི་བྱ་འགུལ་རྒྱུན་ལྡན་ངང་སྤེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ཚོ་ཆུང་དང་པོས་བགྲོ་གླེང་གནང་བཞིན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ཚོ་ཆུང་གཉིས་པས་བགྲོ་གླེང་གནང་བཞིན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།

ཚོ་ཆུང་གསུམ་པས་བགྲོ་གླེང་གནང་བཞིན་པ།
ཚོ་ཆུང་བགོས་ནས་བགྲོ་གླེང་བྱེད་པའི་ཁྲོད་དང་ཁུལ་ཡོངས་ཀྱི་གྲུབ་མཐའ་ཆེན་པོ་ཁག་ལྔའི་བླ་སྤྲུལ་དང་དགེ་བཤེས། མཁན་པོ། བོད་རིག་པའི་ཆེད་མཁས་པས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཨུ་ཡོན་གཉིས་དང་ལྟེ་གནས་གཅིག ཚོ་ཆུང་བཞིའི་ལས་ཀའི་འགན་ནུས་དོན་འཁྱོལ་ཇི་ལྟར་གཏང་བ་དང་། ནང་བསྟན་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ཇི་ལྟར་བྱ་བ།  ཚད་ལྡན་གྱི་རྒྱུད་འཛིན་པ་གསོ་སྐྱོང་ཇི་ལྟར་བྱ་བ། ནང་ཆོས་ཀྱི་བསམ་བློ་འཛུགས་སྐྱོང་ཇི་ལྟར་བྱ་བ། གཞི་གསུམ་ཆོ་ག་ཇི་ལྟར་སྤེལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བགྲོ་གླེང་དང་གསུང་བཤད་གནང་བ་རེད།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་མཁས་པའི་གྲོས་ཚོགས།
ཚོགས་མི་ཡོངས་ཀྱི་དྲན་རྟེན་མཉམ་པར། 
ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེན་མོ་བ། ཁུལ་ཡོངས་ཀྱི་གྲུབ་མཐའ་ཁག་གི་བླ་སྤྲུལ་དང་། བོད་རིག་པའི་ཆེད་རམས་པ་སོགས་མི88གྲོས་ཚོགས་སུ་ཞུགས་པ་རེད། 
  • ལེ་ཚན་སྔོན་མ།:དགུན་གྲང་ངར་ཆེ་དུས་གཞི་རིམ་དུ་དམངས་ཕན་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱིས་ཨེ་ཙི་ནད་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།