ལོ་སྟོད་དུ་ཕྱག་ཕྲེང་དང་འདབ་པ།སྡེ་རོང་བཅས་རྫོང་གསུམ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་འབོར་འཕར་སྣོན་བྱུང་།  

ཨན་རུང་མེས་བསྒྱུར།        2014-08-18

ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་ཀྱི་ཁོ་དང་གཞུང་ལས་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཕྱག་ཕྲེང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.32མངོན་འགྱུར་བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ8.1མར་ཆག་པ།དེའི་ནང་ཐོན་ལས་དང་པོའི་སྒོར་དུང་ཕྱུར0.44འཕར་བས་བརྒྱ་ཆ1.1འཕར་བ་དང་།ཐོན་ལས་གཉིས་པའི་འཕར་སྣོན་རིམ་ཐང་སྒོར་དུང་ཕྱུར0.68འཕར་སྣོན་བྱུང་བས་བརྒྱ་ཆ26.5མར་ཆག་པ།ཐོན་ལས་གསུམ་པའི་འཕར་སྣོན་རིམ་ཐང་སྒོར་དུང་ཕྱུར1.21འཕར་སྣོན་བྱུང་བས་བརྒྱ་ཆ3.9འཕར་བ།རྫོང་ཡོངས་ཀྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.08མངོན་འགྱུར་བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ42.2མར་ཆག་པ།དེའི་ནང་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་ཐོན་འགོ་ཚུགས་མེད། སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་ཀྱི་གཏོང་འཇོག(བསྡོམས་རྩིས་ཀྱི་དམིགས་ཚད་དེ་སྒོར་ཁྲི500ཡན་ཆད་ཡིན་པའི་གཏོང་འཇོག་དང་ཞིང་པ་དུད་ཚང་གིས་གཏོང་འཇོག་བྱེད་པ)སྒོར་དུང་ཕྱུར1.89 མངོན་འགྱུར་བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ84.3མར་ཆག་པ།སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་གྲངས་སྒོར་དུང་ཕྱུར0.73མངོན་འགྱུར་བྱུང་བས་ན་ལོའི་དུས་མཉམ་ལས་བརྒྱ་ཆ11.9འཕར་བ།ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.20ཡོད་པས་བརྒྱ་ཆ3.9འཕར་བ།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར10506ཡོད་པས་བརྒྱ་ཆ7.3འཕར་བ།ཞིང་འབྲོག་པའི་ཆ་སྙོམས་མི་རེའི་མ་དངུལ་ཡོང་འབབ་སྒོར1950ཡོད་བས་བརྒྱ་ཆ་19.8འཕར་བ་རེད།  ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་ཁོ་དང་གཞུང་ལས་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན།ད་ལོའི་ལོ་སྟོད་དུ་འདབ་པ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.12མངོན་འགྱུར་བྱུང་བས་ན་ལོའི་དུས་མཉམ་ལས་བརྒྱ་ཆ8འཕར་བ། དེའི་ནང་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.25མངོན་འགྱུར་བྱུང་བས་བརྒྱ་ཆ3.5འཕར་བ་དང་།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.21མངོན་འགྱུར་བྱུང་བས་བརྒྱ་ཆ11.6འཕར་བ།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.75མངོན་འགྱུར་བྱུང་བས་བརྒྱ་ཆ8.3འཕར་བ།རྫོང་ཡོངས་ཀྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.06མངོན་འགྱུར་བྱུང་བས་ན་ལོའི་དུས་མཉམ་ལས་བརྒྱ་ཆ18.2འཕར་བ།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་གཏོང་འཇོག(བསྡོམས་རྩིས་ཀྱི་དམིགས་ཚད་དེ་སྒོར་ཁྲི500ཡན་ཆད་ཡིན་པའི་གཏོང་འཇོག་དང་ཞིང་པ་དུད་ཚང་གིས་གཏོང་འཇོག་བྱེད་པ)སྒོར་དུང་ཕྱུར9.08ཀྱི་ཐོག་སླེབས་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.6འཕར་བ།སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་གྲངས་སྒོར་དུང་ཕྱུར0.62ཀྱི་ཐོག་སླེབས་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ9.6འཕར་བ།ས་གནས་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.26ཡོད་པས་བརྒྱ་ཆ45.9འཕར་བ།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་དེ་སྒོར11260ཡི་ཐོག་སླེབས་པས་དེ་བརྒྱ་ཆ9.2འཕར་བ།ཞིང་འབྲོག་པ་ཆ་སྙོམས་མི་རེའི་མ་དངུལ་ཡོང་འབབ་སྒོར2307གྱི་ཐོག་སླེབས་ཡོད་པས་བརྒྱ་ཆ17.0འཕར་བ་རེད།  ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་ཁོ་དང་གཞུང་ལས་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན།ད་ལོའི་ལོ་སྟོད་དུ་སྡེ་རོང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.81མངོན་འགྱུར་བྱུང་བས་ན་ལོའི་དུས་མཉམ་ལས་བརྒྱ་ཆ10.4འཕར་བ། དེའི་ནང་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.37མངོན་འགྱུར་བྱུང་བས་བརྒྱ་ཆ4.4འཕར་བ་དང་།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.51མངོན་འགྱུར་བྱུང་བས་བརྒྱ་ཆ25.4འཕར་བ།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.93མངོན་འགྱུར་བྱུང་བས་བརྒྱ་ཆ5.8འཕར་བ།རྫོང་ཡོངས་ཀྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར0.11མངོན་འགྱུར་བྱུང་བས་ན་ལོའི་དུས་མཉམ་ལས་བརྒྱ་ཆ16.8འཕར་བ།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་གཏོང་འཇོག(བསྡོམས་རྩིས་ཀྱི་དམིགས་ཚད་དེ་སྒོར་ཁྲི500ཡན་ཆད་ཡིན་པའི་གཏོང་འཇོག་དང་ཞིང་པ་དུད་ཚང་གིས་གཏོང་འཇོག་བྱེད་པ)སྒོར་དུང་ཕྱུར6.35ཡི་ཐོག་སླེབས་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ144.4འཕར་བ།སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་གྲངས་སྒོར་དུང་ཕྱུར0.39ཡི་ཐོག་སླེབས་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ8.0འཕར་བ།ས་གནས་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.12ཡོད་པས་བརྒྱ་ཆ95.4འཕར་བ།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་དེ་སྒོར11376གི་ཐོག་སླེབས་པས་བརྒྱ་ཆ7.2འཕར་བ།ཞིང་འབྲོག་པ་ཆ་སྙོམས་མི་རེའི་མ་དངུལ་ཡོང་འབབ་སྒོར2034ཡི་ཐོག་སླེབས་ཡོད་པས་བརྒྱ་ཆ19.5འཕར་བ་རེད།
  • ལེ་ཚན་སྔོན་མ།:ཀྲེ་ཅང་དཔལ་འབྱོར་མཉམ་ལས་སྤེལ་རེས་ཁང་གི་ལས་སྒྲུབ་མི་སྣས་རང་ཁུལ་གྱི་ཀྲེ་ཅང་གིས་སི་ཁྲོན་ལ་རོགས་སྐྱོར་བྱས་པའི་རྣམ་གྲངས་ལ་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་རིམ་པ་ལྔ་ཅན་གྱི་ལྗོངས་རྒྱུའི་མཛེས་ཁུལ་སྐྲུན་གང་ཐུབ་བྱས།  
  • དོ་སྣང་ཆེ་བའི་རྩོམ།