ཀྲེ་ཅང་དཔལ་འབྱོར་མཉམ་ལས་སྤེལ་རེས་ཁང་གི་ལས་སྒྲུབ་མི་སྣས་རང་ཁུལ་གྱི་ཀྲེ་ཅང་གིས་སི་ཁྲོན་ལ་རོགས་སྐྱོར་བྱས་པའི་རྣམ་གྲངས་ལ་ཞིབ་བཤེར་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-08-18

ཉེ་ཆར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་མཉམ་ལས་སྤེལ་རེས་ཁང་གིས་སྒྲིག་འཛུགས་བྱས་པ་དང་།ཀྲེ་ཅང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་གསར་འགྱུར་པར་བསྐྲུན་ཁྲུའུ་ཡི་ཁྲུང་ཀྲང་ཡུས་ཧན་དབྱིན་གྱིས་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་དང་དཔལ་འབྱོར་མཉམ་ལས་སྤེལ་རེས་ཁང་། ཅིན་ཧྭ་དང་ཧྥུ་ཀྲུའུ། ཧུའུ་ཀྲུའུ། ཧང་ཀྲུའུ། ཧྲའོ་ཞིང་བཅས་གྲོང་ཁྱེར་བཞིའི་དཔལ་འབྱོར་མཉམ་ལས་སྤེལ་རེས་ཁང་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་ཁྲིད་པ་དང་། སི་ཁྲོན་ཞིང་ཆེན་དབུལ་སྐྱོར་དང་གནས་སྤོ་ཡུལ་མི་ཅུས་ཀྱི་འགན་ཁུར་མི་སྣའི་ཕེབས་རོགས་འོག་རང་ཁུལ་དུ་ཡོང་ནས་2013ལོའི་ཀྲེ་ཅང་ཞིང་ཆེན་གྱིས་རང་ཁུལ་ལ་ཁ་གཏད་རོགས་བྱས་པའི་རོགས་སྐྱོར་རྣམ་གྲངས་ལ་དཔྱད་བསྡུར་བྱས་པ་རེད།
ལས་སྒྲུབ་ཚོ་ཆུང་གིས་ལྟ་སྐོར་དང་ཉན་འཇོག  འདྲི་རྟོགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་འདབ་པ་རྫོང་སྦམ་ཆུ་ཤང་གྲོང་སྟོད་གྲོང་སྡེ་དང་།ཕྱག་ཕྲེང་རྫོང་ཕྲེང་སྟོད་ཤང་གྲོང་སྟོད་གྲོང་གསར། ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་ཁྲེ་མ་གྲོང་གསར། དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་འགོ་ལོག་ཐོག་གྲོང་སྡེ་གསུམ་པའི་གྲོང་གསར་བཅས་དང་དར་མདོ་རྫོང་མི་རིགས་སློབ་འབྲིང་གི་ཕྱོགས་བསྡུས་ཐོག་ཁང་གི་རྣམ་གྲངས་འཛུགས་སྐྲུན་སོགས་རྫོང་བཞིའི་རྣམ་གྲངས་ལྔ་ལ་ཞིབ་བཤེར་བྱས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་ལས་སྒྲུབ་ཚོ་ཆུང་གིས་ལོ་གསུམ་གྱི་རིང་ལ་ཤར་ནུབ་དབུལ་སྐྱོར་མཉམ་ལས་ལས་ཀའི་རྣམ་གྲངས་ལག་བསྟར་བྱས་ཚུལ་དང་། དྲི་མེད་དྭངས་གཙང་གི་དཀར་མཛེས་ཁུལ་ཀྲེ་ཅང་དུ་ཕྱིན་པའི་བྱེད་སྒོའི་འཆར་འགོད་དང་རང་ཁུལ་གྱིས་ཤར་ནུབ་དབུལ་སྐྱོར་མཉམ་ལས་ལས་ཀའི་བསམ་ཕྱོགས་ཉན་འཇོག་བྱས་རྗེས།ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་གྱི་རྫོང་དང་ཤང་གི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་སྐྱོར་གྱི་བསམ་ཕྱོགས་གསལ་པོ་ཡིན་པ་དང་། རྣམ་གྲངས་གདམས་གསེས་ཚོད་ཐིག་པོ་དང་དོན་ཐོག་ཡག་པོ་འཁྱོལ་བ། སྐུལ་འདེད་བྱེད་མགྱོགས་ལ་མི་སེར་ཚོ་ལས་ཀ་དེར་ཞུགས་པའི་ཧུར་སེམས་ཆེན་པོ་འདུག་ཅེས་ངོས་འཛིན་བྱས་པ་རེད། ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་གྱིས་གང་འདྲ་བྱས་ནས་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་དང་འདུ་ཤེས་འཕོ་འགྱུར་གཏོང་ཚུལ་སོགས་ལ་གྲོས་གཞི་བཏོན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་མང་ཚོགས་ལས་ཀའི་སྒྲོག་འགྲེལ་པས་ཚོད་ལྟའི་སྒྲོག་འགྲེལ་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལོ་སྟོད་དུ་ཕྱག་ཕྲེང་དང་འདབ་པ།སྡེ་རོང་བཅས་རྫོང་གསུམ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་འབོར་འཕར་སྣོན་བྱུང་།  
  • དོ་སྣང་ཆེ་བའི་རྩོམ།