རང་ཁུལ་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོར་བྱེད་སྒོ་སྤེལ།

ཡེ་ཤེས་དང་སྐལ་རྒྱམ་གྱིས་བྲིས་ཤིང་པར་བླངས།        2016-10-18

རང་ཁུལ་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོར་བྱེད་སྒོ་སྤེལ།

རང་ཁུལ་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོར་བྱེད་སྒོ་སྤེལ།

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་སྲིད་གཞུང་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་ཁུལ་དབུལ་སྐྱོར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་།  ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་དཔེ་སྐྲུན་ཅུས། ཁུལ་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་། ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་བཅས་ཀྱིས་རོགས་གཉེར་བྱས་པའི2016ལོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་སྟེ་དབུལ་ཕོངས་ལས་རྣམ་པར་རྒྱལ་ནས་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་པའི་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དཔོན་ཡེ་ཤེས་ཟླ་བས་མངགས་བཅོལ་གནང་བ་ལྟར་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་བྱེད་སྒོར་ཕེབས་ཤིང་གསུང་བཤད་གནང་བ་དང་། ཁུལ་ཕྱི་ནང་གི་ལས་ཁུངས་དང་ཁེ་ལས་དག་གིས་དབུལ་སྐྱོར་མ་དངུལ་ཞལ་འདེབས་ཕུལ་ཞིང་། དཀར་མཛེས་ཁུལ་གླུ་གར་ཚོགས་པས་གླུ་གཞས་རིག་རྩལ་འཁྲབ་སྟོན་བྱས་པར་མ་ཟད་དབུལ་སྐྱོར་ལས་ཀ་ཡག་པོ་སྒྲུབ་པའི་ལས་ཁུངས་དང་མི་སྒེར་དཔེ་བཟང་ཅན་ལ་གཟེངས་བསྟོད་བྱས་པ་རེད།
   ཐེངས་འདིའི་བྱེད་སྒོའི་ནང་དུ་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་ཁུལ་རིམ་པའི་ལས་ཁུངས་ཁག་གིས་ཕུལ་བའི་དབུལ་སྐྱོར་གྱི་ཞལ་འདེབས་མ་དངུལ་སྒོར་བསྡོམས་འབོར་ཁྲི330.04འདུས་པ་དང་། དེའི་ནང་དུ་སྤྱི་ཚོགས་ཀྱི་གཏན་ཕྱོགས་མ་དངུལ་སྒོར་ཁྲི220ཡོད་པ་དང་ཁུལ་རིམ་པའི་ལས་ཁུངས་ཁག་གི་ཞལ་འདེབས་མ་དངུལ་སྒོར་ཁྲི110.04ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བ10པའི་ཚེས17ཉིན་ནི་རང་རྒྱལ་གྱི་དབུལ་སྐྱོར་ཉིན་མོ་ཐེངས་གསུམ་པ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་རྒྱབ་སྐྱོར་འོག་ཏུ་དབུལ་སྐྱོར་གྱི་གྲུབ་འབྲས་ལེགས་པོ་བྱུང་དང་འབྱུང་བཞིན་པ་དང་། 2020ལོར་འབྱོར་འབྲིང་གི་སྤྱི་ཚོགས་བསྐྲུན་ཐུབ་པའི་བརྩོན་སེམས་མཚོན་གྱིན་ཡོད། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་བྱེད་སྒོ་ཡིས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:ཐང་ལིའང་ཀྲི་ཡིས་ལས་སྒྲུབ་རུ་ཁག་ཁྲིད་ནས་རང་ཁུལ་དུ་ཕེབས་ཏེ་ཁ་གཏད་རོགས་སྐྱོར་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།