རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་བྱེད་སྒོ་ཡིས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་བྱས།

        2016-10-18

ད་ལོའི་སྤྱི་ཟླ10པའི་ཚེས17ཉིན་ནི་རང་རྒྱལ་གྱི་ཐེངས་གསུམ་པའི་དབུལ་སྐྱོར་ཉིན་མོ་རེད། རང་ཁུལ་གྱིས་དབུལ་སྐྱོར་རྒུད་སྐྱོར་དང་གཅེས་སེམས་འབུལ་རྒྱུ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་དབུལ་སྐྱོར་དྲིལ་བསྒྲགས་དང་དབུལ་སྐྱོར་ཞལ་འདེབས།ཁྱད་ཆོས་ཡོད་པའི་དབུལ་སྐྱོར་གྱིས་ནང་དོན་གཙོ་བོ་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལོ་ནས་འགོ་བཙུགས་ཏེ་རང་ཁུལ་གྱིས་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བྱེད་སྒོ་དང་སྤྱི་ཟླ10པའི་ཚེས17ཉིན་གྱི་དབུལ་སྐྱོར་ཉིན་མོའི་བྱེད་སྒོ་གཉིས་སྙོམས་སྒྲིག་བྱས་ཏེ་རང་མོས་ཀྱིས་ཞལ་འདེབས་རྒྱག་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ད་ལོའི་དབུལ་སྐྱོར་བྱེད་སྒོའི་ནང་གཏན་འཁེལ་བྱས་པའི་དབུལ་སྐྱོར་བྱ་སྤྱོད་དང་སྨན་བཅོས་ཀྱི་དབུལ་སྐྱོར་བྱ་སྤྱོད། སློབ་གསོའི་དབུལ་སྐྱོར་བྱ་སྤྱོད། ཚོང་གཉེར་གྱི་དབུལ་སྐྱོར་བྱ་སྤྱོད། དབུལ་སྐྱོར་དབུལ་ཐར་གྱི་སྒྱུ་རྩལ་གསར་སྐྲུན་གྱི་བྱ་སྤྱོད། དབུལ་སྐྱོར་སྤྱི་ཕན་མཚོན་རྟགས་ཀྱི་བྱ་སྤྱོད། སྤྱི་ཚོགས་ཀྱིས་དབུལ་སྐྱོར་བྱས་པའི་བྱ་སྤྱོད། མི་སྒེར་གྱིས་གཅེས་སེམས་ཕུལ་ནས་དབུལ་སྐྱོར་བྱ་སྤྱོད་སྤེལ་བ་བཅས་འདུས་པ་རེད། སྤྱི་ཟླ10པའི་ཚེས17ཉིན་དར་མདོའི་མཛའ་གཞས་ཐང་ཆེན་དུ་དབུལ་ཕོངས་ལས་ཐར་ཏེ་འབྱོར་འབྲིང་གི་ཕུགས་འདུན་འགྲུབ་རྒྱུ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་སྤེལ་བ་རེད།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་སྲིད་གྲོས་ཀྱིས་ཤང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོར་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།