ཁམས་བྱང་མཐོ་འབྲིང་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་སློབ་གསོ་བྱེད་སྒོ་སྤེལ།

ཡེ་ཤེས་ཕན་བདེ།        2016-09-13

ཉེ་ཆར། ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་སློབ་གསོ་ཅུས་ཀྱིས་མཉམ་དུ་འཛུགས་གཉེར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་སློབ་གསོ་བྱེད་སྒོ་དེ་ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་དུ་སྤེལ་བ་རེད།
དར་མདོ་མི་རིགས་སློབ་འབྲིང་གི་མཐོ་རིམ་དགེ་རྒན་ལི་ཧྥ་ཅུན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་ལོ་རྒྱུས་དང་ཐ་སྙད་འདིར་འགྲེལ་བཤད་བྱས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་འདི་ཅི་འདྲ་བྱས་ནས་ལག་ལེན་དོན་འཁྱོལ་བྱེད་སྟངས་ཐད་འཆད་ཁྲིད་བྱས་པ་རེད།  ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་དང་སློབ་མ་བཅས་མི700ཙམ་གྱིས་འཆད་ཁྲིད་ལ་ཉན་འཇོག་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་སྐབས་གཉིས་པའི་ཞིང་ལས་དང་ཚོང་ལས་འབྲེལ་མཐུད་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་སློབ་གསོའི་སྐོར་གྱི་དབུལ་སྐྱོར་གནད་སྨིན་ལས་ཀ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།