ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་སྐབས་གཉིས་པའི་ཞིང་ལས་དང་ཚོང་ལས་འབྲེལ་མཐུད་གྲོས་ཚོགས་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2016-09-13

ཟླ་བ9པའི་ཚེས5ཉིན།  ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་ཚོང་དོན་ཅུས།  ཞིང་ལས་སྡེ་ཚན་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་སྐབས་གཉིས་པའི་ཞིང་ལས་དང་ཚོང་ལས་འབྲེལ་མཐུད་བྱེད་སྒོ་དེ་དར་མདོའི་མཛའ་གཞས་མགྲོན་ཁང་ཆེ་མོའི་ནང་སྤེལ་བ་རེད། ཐེངས་འདིར་འབྲེལ་མཐུད་བྱེད་པའི་གྲོས་ཚོགས་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁེ་ལས་དང་རང་ཁུལ་གྱི་ཁེ་ལས་གཉིས་ཀྱིས་ཡུལ་དངོས་སུ་ཉོ་ཚོང་གཏན་འབེབས་བྱེད་པའི་གན་རྒྱ་ཡི་གེ12བཞག་པའི་དངུལ་གྲངས་སྒོར་ཁྲི3200ཡོད་པ་རེད།  དམིགས་ཡུལ་རང་བཞིན་གྱི་གྲོས་མཐུན་ཡི་གེ34བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར2.1ལ་ཟིན་པ་རེད། ཁུལ་ཨུའི་རྒྱུན་ཨུ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞིན་ཝུན་ཚོགས་འདུར་ཞུགས་ནས་ཤིས་ཚིག་འབུལ་བ་རེད། 
ལི་ཞིན་ཝུན་གྱིས་ཚོ་རང་ཁུལ་གྱི་རྩ་བའི་་གནས་ཚུལ་དང་ཁྱད་འཕགས་ཀྱི་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཐེངས་འདིའི་བྱེད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་བྱེད་པའི་གོ་སྐབས་དང་བསྟུན་ནས་ས་ཁོངས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་འཕགས་ཀྱི་ཐོན་ཁུངས་སྙོམས་སྒྲིག་བྱེད་པར་སྐུལ་འདེད་གཏང་རྒྱུ་དང་།  མཉམ་འགུལ་མཉམ་ལས་ཀྱི་ནང་རྐྱེན་འཛུགས་སྐྱོང་བྱེད་པའི་བྱེད་ཐབས་གསར་པ་ཞིག་ཡིན་ལ།  དཀར་མཛེས་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ལ་བརྟེན་ནས་ཁྱད་འཕགས་ཀྱི་ཐོན་ཁུངས་དེ་དག་མཐོ་སྒང་ནས་ནང་ལོགས་ས་ཁུལ་དུ་བརྒྱུད་ཚོང་བྱས་པར་ཐོབ་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན་པ་རེད་ཅེས་གསུངས་པ་རེད།
ལི་ཞིན་ཝུན་གྱིས་བསྟན་དོན། ད་ལོར་ང་ཚོས་མུ་མཐུད་ནས་ཁྲེང་ཏུའུ་ཡི་ཚོང་ར་བརྟན་པོར་བྱས་ནས་སྐབས་བཅུ་དྲུག་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་ལྗང་མདོག་འཕེལ་རྒྱས། གནས་མཆོག་དཀར་མཛེས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་འགྲེམས་སྟོན་ཁང་འཛུགས་གཉེར་བྱས་པར་བརྟེན། གནས་མཆོག་དཀར་མཛེས་ཀྱི་གྲགས་ཅན་ཐོན་རྫས་གཅིག་སྡུད་ཀྱིས་འོས་སྦྱོར་བྱ་རྒྱུ་དང་།  དཀར་མཛེས་ཁུལ་གྱི་གྲགས་ཅན་སྤུས་ལེགས་ཀྱི་མཐོ་སྒང་གི་ཁྱད་འཕགས་ཐོན་རྫས་ཁྲེང་ཏུའུ་ཡི་ཚོང་རའི་ནང་འགྲེམས་སྤེལ་བྱ་རྒྱུ་ཡིན། ཁྲེང་ཏུའུ་གྲོང་ཁྱེར་ཚོང་དོན་ཨུ་ལྷན་དང་ཞིང་ལས་ཨུ་ལྷན།  ཁེ་ལས་ཀྱི་གྲོགས་པོ་རྣམ་པས་རྒྱབ་སྐྱོར་ཆེན་པོ་གནང་རྒྱུའི་རེ་བ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་བྱེད་སྒོ་ནང་རང་ཁུལ་གྱིས་གདམ་གསེས་བྱས་པའི་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁེ་ལས40འབྲེལ་མཐུད་བྱེད་སའི་ནང་ཞུགས་ཡོད་པ་རེད།  ཐོན་རྫས་ནི་ཆང་དང་ཤ།  ཇ།  ཤ་མོ། ཤིང་ཏོག སྔོ་ཚལ།  ཆུ། སྨན། འབྲུ།  ཟ་སྣུམ་བཅས་སྣ་ཁ་ཆེན་པོ10ཡི་ཁྱད་འཕགས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་ཡིན་པ་རེད།།  
  • ལེ་ཚན་སྔོན་མ།:༢༠༡༦ལོར་གངས་དཀར་རི་བོར་བསྐོར་བའི་ལུས་རྩལ་འགྲན་བསྡུར་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:ཁམས་བྱང་མཐོ་འབྲིང་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་སློབ་གསོ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།