ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཉག་ཆུ་རྫོང་དུ་སྲིད་ཇུས་སྒྲོག་འགྲེལ་བྱས།

ཡེ་མིང་གིས་བསྒྱུར།        2016-07-11

ཉེ་ཆར་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་ཉག་ཆུ་རྫོང་དུ་ཕྱིན་ནས་སྲིད་ཇུས་སྒྲོག་འགྲེལ་གྱི་ལས་ཀ་སྤེལ་བ་རེད།སྒྲོག་འགྲེལ་ཚོགས་པ་སྔོན་རྗེས་སུ་རྫོང་དེའི་ཆུ་ཁ་གྲོང་རྡལ་དང་མཁར་རིང་པོ་ཤང་།   མིག་ནོར་ཤང་།  མགོ་དཀར་ཤང་།   ཕག་མོ་གླིང་དགོན་པ་སོགས་སུ་ཕྱིན་ནས་ཞིང་འབྲོག་མང་ཚོགས་དང་དགོན་པའི་གྲྭ་བཙུན་ལ་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།   ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་གྲུབ་མི་སངས་རྒྱས་ཉི་མ་དང་ཚེ་དབང་མགོན་པོ་རྣམ་གཉིས་ཀྱིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་སྙིང་དོན་ལ་གཞིགས་ནས་གོ་བདེ་ཤེས་སླའི་སྒོ་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་།   ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཕྲོད་མཐུན་བྱེད་སྟངས།   ཁྲིམས་ལུགས་དང་ཁྲིམས་སྲོལ།   སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་ཚུལ།  རྒྱལ་གཅེས་ཁྲིམས་སྲུང་དང་བཀའ་དྲིན་དྲན་པ།  མི་རིགས་མཐུན་སྒྲིལ་སོགས་ཀྱི་འབྲེལ་ཡོད་ནང་དོན་རྒྱས་བཤད་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཝང་ཞའོ་ཧྥེང་གིས་འདབ་པ་ཉི་སྟེན་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་བྱེད་ཐབས་བསྣན་ནས་མི་འདང་སར་ཁ་གསབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་རྡལ་དང་གྲོང་གསེབ་རིམ་སྤར་གྱི་འཐབ་ཇུས་ལག་ལེན་བྱ་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།