ཝང་ཞའོ་ཧྥེང་གིས་འདབ་པ་ཉི་སྟེན་དུ་རྟོག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2016-07-11

ཉེ་ཆར།  རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་པ་གཞོན་པ་ཝང་ཞའོ་ཧྥེང་དང་ལྟ་སྐུལ་དོ་དམ་སིའི་སི་ཀྲང་ཕེང་ཀྲི་ཁའེ།  ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་སྐོར་ཞིབ་པ་གཞོན་པ་ཞེ་ཧའེ་ཡིང་ལྷན་ཕེབས་བཅས་ཀྱིས་འདབ་པའི་ཉི་སྟེན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།རྟོག་ཞིབ་ཚོ་ཆུང་ལྷན་ཕེབས་བཅས་ཀྱིས་འདབ་པའི་ཉི་སྟེན་གྱི་ཡུལ་སྐོར་ཐོན་ཁུངས་དང་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་དང་རྒྱུས་ལོན་བྱས་ཤིང་། ཉི་སྟེན་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོང་ལ་གདེང་འཇོག་མཐོན་པོ་བྱས་པ་རེད།དེའི་འཕྲོར་སེམས་ཀྱི་ཉི་ཟླ་གྲོང་རྡལ་དུ་ཡུལ་སྐོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།   བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཞའོ་ཧྥེང་གིས་གཅིག་ནི་བློ་བརྟན་འགྱུར་མེད་ཀྱིས་ནུས་ཤུགས་ཡོད་རྒུས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། ཅིའི་ཕྱིར་ན། དཀར་མཛེས་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ཤམ་བྷ་ལའི་ཞིང་ཁམས་ལྟ་བུ་ཡིན་པས་རང་གིས་རླངས་འཁོར་བཏང་ནས་ཡུལ་སྐོར་བྱས་ན་ཧ་ཅང་འཚམ་པ་དང་། ཡུལ་སྐོར་བ་ཚོ་ལྗོངས་ཁུལ་ཁོ་ནའི་ནང་ཚོད་འཛིན་བྱེད་མི་དགོས་པའི་ཆེད་དུ་སྒྲིག་ཆས་ཆ་ཚང་བཟོས་ནས་ཡུལ་སྐོར་བས་མཛེས་ལྗོངས་ལ་ལྟད་མོ་ལྟ་ཆོག་པར་མ་ཟད།  འཚོ་བ་དང་རང་བྱུང་ཁམས་ལ་ཉམས་ལེན་ཡང་བྱེད་ཆོག་པར་བྱ་དགོས།  གཉིས་ནི་ས་གནས་རང་ཉིད་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ནས་གྲོང་སྡེ་སོ་སོ་ལྗོངས་ཁུལ་དུ་འཛུགས་སྐྱོང་བྱ་རྒྱུ་དང་།  གསུམ་ནི་འདབ་པའི་ཉི་སྟེན་ནི་དཀར་མཛེས་ཁུལ་དང་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་མཚོན་རྟགས་ཡིན་པར་མ་ཟད།  རྒྱལ་ཡོངས་ཀྱི་ཡུལ་སྐོར་མཚོན་རྟགས་ཀྱང་ཡིན་པར་བརྟེན།  ཉི་སྟེན་ལྗོངས་ཁུལ་སྲུང་སྐྱོང་ཡག་པོ་བྱས་ནས་འཛམ་གླིང་ཐོག་ཆེས་མཇུག་མཐའི་དག་པའི་ཞིང་ཁམས་སྔར་གནས་སོར་བཞག་བྱ་རྒྱུ་སོགས་ཀྱི་ཐད་གྲོས་གཞི་བཏོན་པ་རེད།།
  • ལེ་ཚན་སྔོན་མ།:བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་གིས་ཟླ7པར་སྒོ་འབྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཉག་ཆུ་རྫོང་དུ་སྲིད་ཇུས་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།