ཁུལ་ཆུ་དོན་ཅུས་ཀྱིས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་གཅིག་བསྡུས་སློབ་སྦྱོང་བྱས།

        2016-07-04

ཉེ་ཆར།ཁུལ་ཆུ་དོན་ཅུས་ཀྱི་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་ཀྲི་པུའུ་ཡིས་ཐེངས་གཉིས་པའི་ཏང་ཡོན་གྱི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་འཚོགས་པ་རེད།གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གསར་པའི》ལེའུ་གསུམ་པ་ནས་ལེའུ་བརྒྱད་པའི་བར་གྱི་ནང་དོན་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཁྲིམས་སྲོལ》དང《མི་རིགས་ཀྱི་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལ་སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཐོག་ཏང་ཡོན་ཡོངས་རྫོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱས་ཏེ་དཀྲོག་གཏམ་བརྗོད་པར་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་བཤད་མི་བྱེད་པ་དང་། ཆུ་ལོག་སྔོན་འགོག་གི་ལས་ཀར་ཤུགས་བསྣན་ནས་ཆུ་ཚོད24ལ་སྡོད་རེས་བྱས་ཏེ་ལས་རྐང་བརྟན་སྲུང་བྱེད་པ་དང་། དུས་ཐོག་ཏུ་གནམ་གཤིས་སྔོན་བརྡ་དང་། ཆར་པ་འབབ་ཚུལ། ཆུའི་གནས་ཚུལ་སོགས་རྒྱུས་ལོན་བྱས་ནས། བབ་བསྟུན་མྱུར་སེལ་གྱི་གྲབས་གཤམ་ཇུས་གཞི་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་རྒྱུ། རང་རྟོགས་ཀྱིས་སྒྲིག་ཁྲིམས་དྲུག་བརྩི་སྲུང་བྱ་རྒྱུ་དང་ཁྱད་པར་དུ་ལས་གྲྭ་ཚུགས་པ་དང་ལས་ཀ་གྲོལ་རྗེས་ཀྱི་སྒྲིག་ལམ་བརྩི་སྲུང་བྱ་རྒྱུ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ཡག་པོ་བྱས་ཏེ་འགོ་ཁྲིད་མཁན་ཡག་པོ་བྱེད་པའི་ནུས་པ་ཡག་པོ་འདོན་རྒྱུ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དང་ཀྲུང་གོའི་ལིའི་འབྱུང་ཡུལ་གསར་སྐྲུན་བྱ་རྒྱུར་རམ་འདེགས་བྱེད་གང་ཐུབ་བྱས་ཏེ། སྔོན་ཚུད་ནས་འབྲེལ་ཡོད་ཆུ་དོན་གྱི་དཔྱད་ཡིག་གྲ་སྒྲིག་བྱས་ཏེ་ལས་རིགས་སྡེ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།། 
  • ལེ་ཚན་སྔོན་མ།:གསར་བརྗེའི་གླུ་དབྱངས་བླངས་ནས་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱེད།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་སློབ་སྦྱོང་བྱེད་ཚུལ་གསར་གཏོད་བྱས།
  • དོ་སྣང་ཆེ་བའི་རྩོམ།