གསར་བརྗེའི་གླུ་དབྱངས་བླངས་ནས་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱེད།
དབྱངས་ཅན་གྱིས་བསྒྱུར། 2016-07-04
ཟླ་བ6པའི་ཚེས29ཉིན་གྱི་སྔ་དྲོར། དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་རྡོ་རིང་ཡོད་སའི་སྤྱི་གླིང་དུ་ཡ་རབས་ཚུལ་ལྡན་གྱི་སྐྱེ་བོ་མང་པོ་འཛོམས་ནས་སྙན་པའི་གླུ་དབྱངས་བླངས་པ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ95འཁོར་བ་དང་དམར་དམག་རྒྱང་སྐྱོད་བྱས་ཏེ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་རོལ་དབྱངས་སྒྲ་བརྙན་བརྒྱུད་ལམ《གླུ་དབྱངས་དང་འཛུམ་མདངས》ཞེས་པའི་ལེ་ཚན་ཐོག་ནས་དཀར་མཛེས་ཁུལ་མང་ཚོགས་གླུ་ལེན་སྟོན་ཚོགས་ཡུལ་དེར་བརྙན་འབེབས་བྱས་པ་རེད། ཁུལ་མི་རིགས་གླུ་གར་ཚོགས་པ་དང་། ཏ་ལེན་སྒྱུ་རྩལ་སློབ་ཆེན་གླུ་དབྱངས་མཉམ་ལེན་ཚོགས་པ། སི་ཁྲོན་མི་རིགས་སློབ་ཆེན་གྱི་གླུ་དབྱངས་མཉམ་ལེན་ཚོགས་པ། ཁྲེང་ཏུའུ་ཐང་ཧྥུ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན“SunFIower” བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ། ལྕགས་ཟམ་རྫོང་གསར་བརྗེའི་དྲན་ཤེས་གླུ་དབྱངས་མཉམ་ལེན་ཚོགས་པ། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་གླུ་དབྱངས་མཉམ་ལེན་ཚོགས་པ།རྒྱལ་ཁབ་གློག་དྲྭ་གློག་ནུས་སྒྱུ་རྩལ་ཚོགས་པ། སི་ཁྲོན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་གཉིས་པའི་དཔོན་དམག་སོགས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ལ་མཛེས་སྡུག་ཡིད་དབང་འཕྲོག་པའི་མང་ཚོགས་ཀྱི་རིག་གནས་གསོལ་སྟོན་ཞིག་ཕུལ་བ་རེད། ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་། ཁུལ་ཨུའི་རྒྱུན་ཨུ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ། ཁུལ་ཨུའི་རྒྱུན་ཨུ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པེ་ཧྲུའུ་དབྱིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཏུང་ཞིའུ་སོགས་ཡུལ་དེར་ཕེབས་ནས་འཁྲབ་སྟོན་ལ་གཟིགས་པ་རེད།འཁྲབ་སྟོན་ཡོངས་རྫོགས་ནི་གསར་བརྗེའི་དྲན་ཤེས་དང་། གཞུང་ལམ་བདེ་བགྲོད། འཆམ་མཐུན་དང་དགའ་སྤྲོའི་གླུ་དབྱངས་ལེན་ཞེས་པའི་ལེ་ཚན་གསུམ་ལ་བགོས་ཡོད།《རྒྱང་སྐྱོད》དང་། 《འུར་ལག་རི་བོར་བསྟོད་གླུ་ཕུལ》། 《བུ་རྒྱུད་བཟང་ཞིང་རི་ཀླུང་མཛེས》ཞེས་པ་སོགས་གླུ་གར་ལེ་ཚན་ཆེ་གྲས19ཡིས་རང་ཁུལ་གྱི་གསར་བརྗེའི་ལོ་རྒྱུས་དང་། འཕེལ་རྒྱས་འགྱུར་ལྡོག་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གསལ་པོར་བསྟན་པ་རེད། མཐའ་འཁྲབ་སྟོན་པ་ཡོངས་ཀྱིས《ཏང་དར་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་གཡོ》ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་ཏེ་འཁྲབ་སྟོན་མཇུག་བསྒྲིལ་བ་རེད།
ཐེངས་འདིའི་སྒྱུ་རྩལ་མཉམ་འཁྲབ་ཀྱི་བྱེད་སྒོ་ནང་འཁྲབ་སྟོན་བྱེད་མཁན་མི་གྲངས་སྟོང་འདུས་པ་དང་། རང་ཁུལ་གྱི8ཐོག2སྣོན་གྱི་གསལ་ཚད་ཆེ་བའི་འཁོར་སྐར་ཐད་གཏོང་རླངས་འཁོར་ཡང་ཐེངས་དང་པོར་འཁྲབ་སྟོན་ཐོག་བེད་སྤྱོད་བྱས་པ་རེད། མཉམ་འཁྲབ་ལེ་ཚན་དེ་ཟླ་བ10པ་ཡས་མས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རོལ་དབྱངས་བརྒྱུད་ལམ་གྱི་ཐོག་ནས་རྒྱལ་ཡོངས་ཀྱི་གཟིགས་མོ་བ་ཚོའི་མིག་ལམ་དུ་སྟོན་ཐུབ་རྒྱུ་རེད། ཐེངས་འདིའི་མཉམ་འཁྲབ་བྱེད་སྒོ་དེ་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་རིགས་མཐུན་བྱ་འགུལ་གྱི་མི་གྲངས་ཞུགས་ཚད་དང་། དོ་ཁུར་བྱེད་ཚད། བརྒྱུད་བསྒྲགས་བྱེད་ཚད། ཤུགས་རྐྱེན་ཐེབས་ནུས་སོགས་གང་ཅིའི་ཐད་ནས་ཀྱང་གསར་སྐྲུན་གྱི་ནུས་པ་ཆེས་ཡག་ཤོས་སུ་གྱུར་པ་དང་། མི་གྲངས་ཁྲི་ཙམ་གྱིས་ཡུལ་དངོས་སུ་ལྟད་མོར་ལྟ་བ་དང་ལག་ཁྱེར་ཁ་པརAPPཐོག་ནས་ཐད་གཏོང་བྱ་རྒྱུ་སོགས་བརྒྱུད་ནས་འཁྲབ་སྟོན་ཉམས་སུ་མྱོང་བ་རེད།།