རང་ཁུལ་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིག་རྩལ་བྱེད་སྒོའི་མཐུན་སྦྱོར་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་རིག་གནས་འགོ་འཛིན་པའི་གྲོས་ཚོགས་འཚོགས།

དབྱངས་ཅན་གྱིས་བསྒྱུར།        2016-04-21

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དེ་ཁྱད་ཆོས་ལྡན་ཞིང་། རང་ཁུལ་གྱི་མི་རིགས་རིག་གནས་སྐད་གྲགས་འགྲོ་ཚད་དང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་འགྲོ་ཆེད། ཟླ་བ4པའི་ཚེས13ཉིན་རང་ཁུལ་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིག་གནས་བྱེད་སྒོའི་མཐུན་སྦྱོར་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་རིག་གནས་འགོ་འཛིན་པའི་གྲོས་ཚོགས་འཚོགས་པ་རེད། གསར་འགོད་པས་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་དོན། སྔོན་མའི་གླུ་ལེན་བྲོ་འཁྲབ་གཙོ་བོ་བྱས་པའི་འཁྲབ་སྟོན་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྟངས་གཙོ་བོ་དང་མི་འདྲ་བ་ནི་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ལ་གཅིག་ཐོག་བཞི་དངNསྣོན་པའི་བྱེད་སྟངས་གསར་གཏོད་བྱེད་ཅིང་། འགྲན་བསྡུར་སྣ་ཚོགས་ཀྱིས་གཙོ་བོར་བྱས་པའི་བྱེད་སྒོ་རབ་རིམ་སྤེལ་རྒྱུ་རེད།
གྲོས་ཚོགས་ཐོག་རང་ཁུལ་གྱི་རྩ་འཛུགས་ཨུ་ལྷན་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་ལས་ཀའི་སྐོར་གྱི་བརྡ་ཡིག་ལ་ཉན་འཇོག་བྱས་ནས། གང་ལྟར་བྱས་ཏེ་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་སྔར་བས་འབུར་ཐོན་ཡོང་ཐུབ་པ་དང་། གཞན་ལས་ལྷག་པའི་ཁྱད་རྟགས་གྲགས་ཅན་གསར་སྐྲུན་བྱ་རྒྱུ་དང་བྱ་དགའ་སྤྲོད་རྒྱུ་དཔྱད་བསྡུར་ཚད་ལྡན་བྱས་ནས། ཐུན་མོང་དུ་ཁམས་པའི་རིག་གནས་དང་། ཡུལ་སྐོར། དཔལ་འབྱོར་སོགས་ཀྱི་གནད་དོན་སྔར་ལས་ལྷག་པར་བཀོད་སྒྲིག་བྱས་ཐོག་འཆར་འགོད་ངོ་མ་གྲུབ་ཟིན་པ་རེད།
གྲོས་ཚོགས་ཐོག་རྫོང(གྲོང་ཁྱེར)སོ་སོ་དང་། དུང་དཀར་ལུང་པའི་དོ་དམ་ཅུས་ཀྱིས་བྱེད་སྒོ་ཡག་པོ་སྤེལ་བའི་དོན་སྙིང་གལ་ཆེན་ངོས་འཛོན་གང་ལེགས་བྱེད་ཅིང་། བྱེད་སྒོའི་སྤྱིའི་འཆར་འགོད་དང་བླང་བྱ་ལྟར། ལས་གཞི་སྣ་ཚོགས་དང་འགྲན་བསྡུར་སྣ་ཚོགས་གྲ་སྒྲིག་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། འབྲེལ་མཐུད་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། བྱེད་སྒོའི་སྒྲིག་འཛུགས་གྲ་སྒྲིག་དང་མཐུན་སྦྱོར་དང་འགན་ལེན་ལས་ཀ་སྣ་ཚོགས་ཡག་པོ་སྒྲུབ་གང་ཐུབ་བྱས་ནས། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བདེ་བླང་ངང་སྤེལ་ཐུབ་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)སོ་སོ་དང་ཉི་སྟེན་དོ་དམ་ཅུས། དུང་དཀར་ལུང་པའི་དོ་དམ་ཅུས་ཀྱི་རིག་གནས་ཁང་གི་འགོ་འཛིན་པ་དང་འབྲེལ་ཡོད་འགན་ཁུར་མི་སྣ་གྲོས་ཚོགས་ནང་ཞུགས་པ་རེད།།   
  • ལེ་ཚན་སྔོན་མ།:ཐུན་མོང་དུ་ནུས་ཤུགས་མཉམ་འདོན་བྱས་ཏེ་འཕེལ་རྒྱས་བཏང་ན་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་ལས་རྣམ་པར་རྒྱལ་ཐུབ།
  • ལེ་ཚན་རྗེས་མ།:ལས་གཞི་ཇེ་མགྱོགས་སུ་བསྐྲུན་ནས་རིམ་གྲས་དང་པོའི་ལྟེ་གནས་འཛུགས་སྐྱོང་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།