ཐུན་མོང་དུ་ནུས་ཤུགས་མཉམ་འདོན་བྱས་ཏེ་འཕེལ་རྒྱས་བཏང་ན་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་ལས་རྣམ་པར་རྒྱལ་ཐུབ།

དབྱངས་ཅན་གྱིས་བསྒྱུར།        2016-04-21

ཟླ་བ4པའི་ཚེས10ཉིན་ལི་ཐང་རྫོང་དབུལ་སྐྱོར་འགག་སྒྲོལ་གྱི་ཡུལ་དངོས་ཀྱི་ལས་ཀའི་གྲོས་ཚོགས་འཚོགས་ཚར་མ་ཐག་ཧོར་རྙིང་ཤང་ཏང་ཨུའི་ཧྲུའུ་ཅི་དབྱང་ཀང་ལ་མྱོང་ཚོར་ཟབ་མོ་ཐེབས།ཁོས་དེ་རིང་འཛོམ་པ་ཤང་གི་ནོར་ཟོག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་སྒར་བ་གྲོང་རྡལ་དབུལ་སྐྱོར་འགག་སྒྲོལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་ཡུལ་དུ་ལྟ་སར་ཕྱིན་ནས་ཕན་འབྲས་ཆེན་པོ་ཐོབ་བྱུང་། ངས་བསམ་རྒྱུར་དབུལ་ཕོངས་ཀྱི་འགག་གནད་སྒྲོལ་དགོས་ན་གནས་ཡུལ་གཏན་འཁེལ་བྱ་དགོས་ཤིང་།རང་རེའི་ཤང་དེ་གཡོན་རུ་རྩྭ་ཐང་ཆེན་པོར་ཆགས་ཡོད་ལ་རྒྱལ་སྲུང་གཞུང་ལམ318ཕྱོགས་སུའང་གནས་ཡོད་པ་རེད། འགྲིམ་འགྲུལ་གྱི་ཁྱད་འཕགས་ཆ་རྐྱེན་འཛོམས་ནས་འབྲོག་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་ཐབས་ལམ་ཞིག་འཆར་འགོད་བྱེད་བཞིན་པ་རེད་ཅེས་བཤད།
ཟླ་བ4པའི་ཚེས10ཉིན་གྱི་སྔ་དྲོར། དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་དབུལ་ཕོངས་གྲོང་སྡེའི་ཧྲུའུ་ཅི་དང་པོ21འཛོམ་པ་ཤང་གི་འབྲོག་རར་བསླེབས་ནས།སྒོ་བྱང་འགེལ་ནས་འཛུགས་གཉེར་བྱེད་འགོ་ཚུགས་པའི་འཛོམས་ཆེན་དགྲ་ལྷ་མཐོ་སྒང་ནོར་ནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ལས་མི་དང་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད། ཡུལ་དངོས་ཀྱི་གྲོས་ཚོགས་ཐོག་འཛམ་པ་ཤང་ར་གཞིས་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་དང་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཆོས་ཐར་གྱིས་མཉམ་ལས་ཁང་དུ་མིག་སྔར་ཕྱུགས་ཟོག་མགོ་གྲངས500ལྷག་ཡོད། རྗེས་མར་ཟོག་འོ་ལས་སྣོན་བྱེད་སའི་བཟོ་གྲྭ་འཛུགས་གྲབས་ཡིན་པས་ཤང་ཡོངས་ཀྱི་ཞིང་འབྲོག་དུད་ཚང་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་རེ་བ་ཡོད།ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞེས་བཤད། ཚོགས་ཐོག་ད་དུང་མཉམ་ལས་ཁང་ལ་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི5གཏོང་སྤྲོད་བྱས་པ་རེད།
དེ་རྗེས་རྟོག་ཞིབ་ཚོགས་པ་སྒར་བ་གྲོང་རྡལ་འཇམ་མདའ་གྲོང་སྡེའི་དབུལ་བྲལ་འགག་སྒྲོལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཡུལ་དུ་ལྟ་སྦྱོང་བྱས། སྒར་བ་གྲོང་རྡལ་གྱིས་སྡོད་ཁང་ཡག་པོའི་ནང་སྡོད་ཐུབ་པ་དང་། འཚོ་བ་ཡག་པོ་རོལ་ཐུབ་པ། གོམས་སྲོལ་ཡག་པོ་ཆགས་ཐུབ་པ་། སྤྱོད་ཚུལ་ཡག་པོ་གྲུབ་ཐུབ་པ་བཅས་ཡག་པོ་བཞི་བྱ་དགོས་པའི་བླང་བྱ་ལྟར། སྡོད་ཁང་མེད་མཁན་ལ་སྡོད་ཁང་བསྐྲུན་རྒྱུ་དང་།ཆབ་ཁང་དང་ཇ་ཁང་བཟོ་བཅོས་བྱ་རྒྱུའི་ཨར་ལས་ལག་བསྟར་བྱས་པ་རེད། ཆེས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སྡོད་ཁང་མེད་པའི་དུད་ཚང3གྱི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་ཆེད། སྒར་བ་གྲོང་རྡལ་གྱིས་མ་དངུལ་དཀོན་པའི་གནས་ཚུལ་འོག་གྲོང་སྡེའི་ལས་བྱེད་པ་དང་ཡུལ་མི་ཚོ་ལས་ཀ་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་རང་ཉིད་ཀྱིས་ཨར་འདམ་སོ་ཕག་ལས།(རྫོང་ཁུལ་ནང་ཉོས་པ་ལས་སྒོར900ལྷག་གྲོན་ཆུང་བྱེད་ཐུབ།)མིག་སྔར་ཐོག་ཁང3འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ་ཐོག་ཁང་རེར་གཞི་ཁྱོན་སྨི་གྲུ་བཞི་མ140ཙམ་ཡོད།
ད་ལོར་དབུལ་ཕོངས་ཞྭ་མོ་ཕུད་དགོས་པའི་མཆོད་རྟེན་ཤང་གུར་ཤོག་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཕུན་ཚོགས་ཀྱིས་འབྲོག་ལས་ཁེ་གཙང་ཡིན་པའི་གྲོང་སྡེར་ཆ་བཞག་ན། དེང་རབས་ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་ཡག་པོ་གཏང་རྒྱུའི་ལས་ཀ་དེ་གལ་ཆེ་བའི་ནང་གི་འགངས་ཆེན་རེད། དུད་ཚང་གཅིག་གི་ནུས་པར་བརྟེན་པ་ལས་ཐུན་མོང་དུ་ནུས་ཤུགས་གཅིག་བསྡུས་བྱས་ན་དབུལ་སྐྱོར་གྱི་འགག་གནད་སྒྲོལ་ཐུབ་ངེས་རེད་ཅེས་བཤད།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁྲེང་ཏུའུ་ལ་གྲགས་ཅན་ཁེ་ལས་དང་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རིག་རྩལ་བྱེད་སྒོའི་མཐུན་སྦྱོར་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་རིག་གནས་འགོ་འཛིན་པའི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།