རང་ཁུལ་གྱིས་ཁྲིམས་འགལ་ལུགས་འགལ་གྱིས་ས་ཞིང་སྤྱོད་པར་དག་ཐེར་བཅོས་སྐྱོང་ཤུགས་ཆེན་བྱས།

ཨན་རུང་མེས་བསྒྱུར།        2014-07-15

ཁྲིམས་འགལ་གྱིས་ས་ཞིང་སྤྱོད་པར་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་གཏོང་ཆེད།ཉེ་ཆར་ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱིས་སྒྲུབ་གཉེར་བྱེད་སྟངས་ལ་ལྟ་སྐུལ་བྱས་པའི་དཔེར་འོས་ཀྱི་ས་ཞིང་སྐོར་གྱི་ཁྲིམས་འགལ་གྱོད་དོན་ཆེན་པོ9དག་ཐེར་ལེགས་བཅོས་དང་རྩད་གཅོད་བྱས་ཚུལ་ལ་ལས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིམ་ནང་རྟའུ་དང་བྲག་འགོ  དཀར་མཛེས།འབའ་ཐང་།ལི་ཐང་རྫོང་དྲུག་གི་ས་ཞིང་སྤྱོད་པའི་ཐད་ཁྲིམས་འགལ་གྱི་གྱོད་དོན6དེ་དག་ལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དག་ཐེར་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་བྱས་པ་དང་།ཁྲིམས་དང་འགལ་ནས་ས་ཞིང་བཟུང་སྤྱོད་བྱས་པའི་ཐོག་གསར་སྐྲུན་བྱས་པའི་ཁང་པ་སྨི་གྲུ་བཞི་མ་ཁྲི2ལྷག་གཞུང་བཞེས་བཏང་ནས་དངུལ་ཆད་སྒོར་ཁྲི45.25བཅད་པ།དར་མདོ་རྫོང་གི་ས་ཞིང་སྐོར་གྱི་ཁྲིམས་འགལ་གྱོད་དོན2གོ་རིམ་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
དག་ཐེར་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་ཀྱི་ལས་ཀ་མགྱོགས་སུ་གཏོང་ཆེད།ཅུས་དེས་གྱོད་དོན་ཞིབ་བཤེར་ཐག་གཅོད་དང་ལྟ་ཞིབ་ཚོ་ཆུང་བཙུགས་ནས་ཉག་ཆུ་རྫོང་དུ་བཅའ་སྡོད་བྱས་ནས་ཆུ་གཉིས་མདོའི་གློག་འདོན་ས་ཚུགས་འགན་གཙང་ལེན་པའི་ཚོང་གཉེར་ས་ཞིང་ཨང2པའི་ས་ཞིང་སྐོར་གྱི་ཁྲིམས་འགལ་གྱོད་དོན་ཐག་གཅོད་བྱས་ཚུལ་ལ་ལྟ་སྐུལ་བྱས་པ།གྱོད་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་ལ་བརྟག་དཔྱད་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལྟ་ཞིབ་ཚོ་ཆུང་གིས་ཉག་ཆུ་རྫོང་གི་སྲིད་གཞུང་དང་རྫོང་རྒྱལ་ས་ཐོན་ཁུངས་ཅུས་ཀྱི་ལས་བགོས་འགན་གཉེར་འགོ་ཁྲིད།ཚོང་བདག་སྡེ་ཚན་གྱི་འགན་ཁུར་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་བཞུགས་མོལ་གྲོས་ཚོགས་འཚོགས་ནས་སྔར་ལས་ལྷག་པར་ནན་བཤད་བྱས་དོན།གལ་སྲིད་དུས་བཅད་ནང་ས་ཞིང་སྐོར་གྱི་ཁྲིམས་འགལ་གྱོད་དོན་ལ་དག་ཐེར་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་མ་བྱས་ན་ཉག་ཆུ་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ཐད་ཀྱི་ས་ཞིང་སྤྱོད་པའི་སྙན་ཞུ་ལ་ཆོག་མཆན་སྤྲོད་དུས་གྲངས་བཅད་བྱ་རྒྱུ་ཡིན།རྫོང་དེའི་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཤུགས་ཆེན་པོས་རྒྱས་ས་ཐོན་ཁུངས་སྡེ་ཁག་གི་ལས་ཀར་རྒྱབ་སྐྱོར་བྱེད་པ་དང་།ཉག་ཆུའི་ཆུ་གློག་གསར་སྦོལ་སྤྱི་གཉེར་ཁང་གི་ཆུ་གཉིས་མདོ་གློག་འདོན་ས་ཚུགས་ཀྱི་ཁྲིམས་འགལ་ས་ཞིང་སྤྱོད་པའི་སྤྱོད་ཚུལ་ལ་སེམས་ཐག་རྦད་བཅད་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་དང་ཞིབ་བཤེར་ཐག་གཅོད་བྱེད་པ་ཡིན་ཞེས་བཤད་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཡན་ལག་དམག་ཁུལ་གྱིས་འགོ་ཁྲིད་ཚོགས་པའི་མི་སྣ་བརྗེ་བསྐོའི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པའི་ཚོགས་ཆེན་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཚགས་པར་ཁང་གི་སེམས་མཐུན་ཕྱོགས་མཐུན་གྱི་ལས་དོན་ལ་འབྲས་བུ་སྨིན།
  • དོ་སྣང་ཆེ་བའི་རྩོམ།