སེར་ཤུལ་རྫོང་དུ་གསོ་སྦྱོང་གི་འཛིན་གྲྭ་ཞིག་གཉེར།

    སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས    2022-06-16

སེར་ཤུལ་རྫོང་དུ་གསོ་སྦྱོང་གི་འཛིན་གྲྭ་ཞིག་གཉེར།


     ཉེ་ཆར་ཁྲེང་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་ཐོག་སེར་ཤུལ་རྫོང་དུ2022ལོའི་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། རི་མོའི་སྒྱུ་རྩལ་བཅས་ཀྱི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད།

     རྫོང་སློབ་གསོ་ལུས་རྩལ་ཅུས་དང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། རྫོང་གུང་གཞོན་ཚོགས་པ་ཨུ་ལྷན། ཨ་རིག་རྫ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ། ཁྲེང་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་། སི་ཁྲོན་བརྙན་འཕྲིན་ལས་ཁུངས་ཏང་དང་མང་ཚོགས་ལས་དོན་པུའུ་ཡི་འགན་འཁུར་བ་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

     འགོ་ཚུགས་མཛད་སྒོའི་ཐོག་དགེ་རྒན་དང་སློབ་མ་རྣམས་ཀྱིས་སློབ་སྦྱོང་ལ་བསམ་བློའི་ངོས་འཛིན་ཆེ་རུ་བཏང་ནས་སློབ་སྦྱོང་ལ་ཞུགས་ཤིང་། གསོ་སྦྱོང་གོ་སྐབས་ལ་གཅེས་སྤྲས་བྱས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྒྱུད་རིམ་ལྡན་པའི་གསོ་སྦྱོང་ལ་བརྟེན་ནས་ཚང་མས་སྦྱང་བྱ་ཁོང་དུ་ཆུད་པ་དང་། ཤེས་བྱ་གསོག་འཇོག་བྱས་ནས་འཕེལ་རྒྱས་ཀྱི་འཇོན་ནུས་ཆེ་རུ་འགྲོ་བའི་གྲུབ་འབྲས་ཐོབ་ཐབས་བྱས་ཡོད་པ་རེད།


སེར་ཤུལ་རྫོང་དུ་གསོ་སྦྱོང་གི་འཛིན་གྲྭ་ཞིག་གཉེར།

     དུས་ཡུན་ཉིན་གཉིས་ཀྱི་གསོ་སྦྱོང་ནང་ཁྲེང་ཏུའུ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཚོས་ཡུལ་དངོས་ཀྱི་འགྲེལ་བཤད་དང་། མཉམ་འགུལ་ངང་སློབ་སྦྱོང་སྤེལ་རེས། དངོས་ཡོད་བཀོལ་སྤྱོད་ནང་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་དང་ཨ་རིག་རྫ་གྲོང་རྡལ་གྱི་སློབ་མ་ཚོར་སློབ་གསོ་རིག་པ་དང་། སེམས་ཁམས་རིག་པ། རི་མོའི་སྒྱུ་རྩལ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སློབ་ཁྲིད་བྱས་པ་རེད།


སེར་ཤུལ་རྫོང་དུ་གསོ་སྦྱོང་གི་འཛིན་གྲྭ་ཞིག་གཉེར།

     ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་དངོས་དང་མཐུན་པ། དམིགས་སའི་རང་བཞིན་ཆེ་བ་བཅས་ཡིན་པས་དཔྱད་གཞིར་འཛིན་པའི་སློབ་སྦྱོང་གི་ནུས་པ་ཆེན་པོ་ལྡན་ཡོད།

  • ལེ་ཚན་སྔོན་མ།:ཡུལ་སྡེ་དར་རྒྱས་གཏོང་བའི་མཛེས་སྡུག་གི་རི་མོ་མཉམ་དུ་འབྲི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།