རོང་བྲག་རྫོང་ཇ་རྒྱུད་གྲོང་རྡལ་གྱིས་ཏང་སྐྱོང་དང་སྦྲེལ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་བསླངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-05-23

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་ཇ་རྒྱུད་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་སྐྱོང་གིས་སྣེ་ཁྲིད་པ་མཐའ་འཁྱོངས་དང་གྲོང་རྡལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཏང་སྐྱོང་དང་སྦྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཏང་སྐྱོང་དང་དར་རྒྱས་ཀྱི་རི་མོ་ལེགས་པོར་བྲིས། གྲོང་རྡལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་དཔེ་སྟོན་སྐུལ་འདེད་ཀྱི་ནུས་པ་བཏོན་པས་ས་ཁོངས་ཡོངས་ཀྱི་ཏང་སྐྱོང་གིས་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ནུས་བསླངས་ཡོད།

“ཏང་སྐྱོང་དང་ཐོན་ལས་ཁྲིད་སྟོན་ཟུང་སྦྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས། ཡུལ་སྡེ་དར་རྒྱས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལྟར“སྐོར་ལམ་གཅིག་དང་ལྟེ་གནས་གཉིས། ཚན་ཚོགས་བཞི”བཅས་ཀྱི་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ལ་དམིགས་ཤིང་།“ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་ཏང་མིས་ཞོར་དུ་ཁྲིད་པ། མང་ཚོགས་རྗེས་སུ་ཞུགས་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས། སྣ་མང་རིག་གནས་དང་ཐོན་ཁུངས་ལེགས་ཆའི་འདེགས་སྐྱོར་ཡོད་པའི་ཁྱད་ལྡན་གནས་ཚང་ཁྱུ་ཚོགས་ཤིག་ཆགས་པར་བྱས་ཏེ།“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་སྡེ”དང“ཐེན་ཧྥུའུ་ཡུལ་སྐོར་གྲགས་ཅན་གྲོང་རྡལ”གསར་ཏུ་བཏོད། མུའུ440ཡི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་མུའུ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར12000ལྷག་འཕར་ཡོད། ཞིང་ལས་དང་རིག་གནས། སྒྱུ་རྩལ། ཞིབ་འཇུག། སློབ་གསོ། བདེ་གསོའི་ཡུལ་སྐོར་བཅས་ཀྱི་མཉམ་འདྲེས་དཔེ་སྟོན་རྟེན་གཞི10བདེ་བླག་ངང་བསྐྲུན་པ་དང་། ཕན་འབྲས་ཅན་དང་ལྟད་མོ་ཅན། ཞིབ་གཉེར་ཅན་བཅས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས“གྲོང་སྡེ་གཅིག་ལ་སྤུས་རྟགས་གཅིག”གི་རྣམ་པ་ཐོག་མར་ཆགས་པ་དང་ཞིང་པའི་ཡོང་འབབ་དང་ཐོན་ལས་སྤུས་ཚད་གཉིས་མཐོ་རུ་ཕྱིན་པ་མངོན་འགྱུར་བྱུང་།

“ཏང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་སྦྲེལ”བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཁམས་གསོའི་ཡུལ་སྐོར་གསར་ཏུ་བཏོད། “ཐཱན་སྙོམས་འགྱུར”སྙིང་དོན་དུ་བྱས་པའི་འོས་འགན་ཤིང་འཛུགས་ལྗང་འཕར་རྟེན་གཞི་འཛུགས་པ་དང་། ཏང་ཀྲི་པུའུ་ཡི་ཆ་སྒྲིག་མཉམ་སྐྲུན་ལམ་སྲོལ་ལ་བརྟེན་ནས་ཏང་མི་གདོང་ལེན་པ་དང་ཀྲི་པུའུ་མཉམ་གཏོད།

དང་བླངས་སྔོན་སྐྱོད་པ་བཅས་ཀྱིས་མཉམ་དུ་ཡུལ་སྡེའི་ཡུལ་སྐོར་གྱི་སྐྱེ་ཁམས་མཛེས་ལྗོངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུས། ཏང་ཀྲི་པུའུ16གིས་མཉམ་འབྲེལ་བྱས་ཐོག“ལག་གདང་སྦྲེལ་ནས་ལྗོན་ཤིང་འཛུགས། ཏང་གི་དར་ཆ་རླུང་གིས་བསྐྱོད”ཞེས་པ་སྙིང་དོན་དུ་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ། མེ་ཏོག་ས་བོན་རྒྱ་མ2000ལྷག་ཙམ་བཏབ་པ་དང་ལྗང་བསྒྱུར་རྒྱ་ཁྱོན་མུའུ100ལྷག་ཟིན། གྲོང་རྡལ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་ཁམ་སྡོང་དང་ལི་སྡོང་། རྒྱ་ལྕང་སོགས་ཀྱི་སྡོང་ཕྲུག་ཁྱོན600ལྷག་ཙམ་བཙུགས་པ་དང་། སྡོང་ཕྲུག་བདག་སྐྱོང་རུ་ཁག3གྱི་ཁྱོན་མི95ཡིས་དུས་མཇུག་ཏུ་དོ་དམ་དང་སྲུང་སྐྱོང་བྱས། རྣམ་པ་གསར་པའི་སྐྱེ་ཁམས་མཛེས་ལྗོངས་གསར་གཏོད་ལེགས་འགྲུབ་དང་ལྗོངས་ཁུལ་གཙོ་བོའི་ཡུལ་སྐོར་དང་ངལ་གསོའི་དུས་ཚོད་འབྲེལ་མཐུད་མངོན་འགྱུར་བྱེད་པ་ལེགས་པོ་བྱུང་།

“ཏང་སྐྱོང་དང་ཐུན་མོང་དཔལ་འབྱོར་ཟུང་སྦྲེལ”བྱས་ནས་ཐོན་ཁུངས་མཉམ་འདྲེས་དང་མཉམ་སྤྱོད་ཐད་ལ་འཁྲུག་ཆ་དོད་པོ་བྱུང་། གྲོང་སྡེའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱས་ནས“ཐུན་མོང་གིས་མ་དངུལ་གཏོང་བ་དང་མི་སྒེར་གྱིས་མ་དངུལ་བཏང་ནས་མ་རྐང་ནང་ཞུགས་པ་ཟུང་འབྲེལ”སོགས་ཀྱི་རྣམ་པ་བརྒྱུད་ནས་ཡུལ་མི་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། ལུགས་དང་མཐུན་པར་ས་ཞིང་འཁོར་རྒྱུག་བྱས་ནས་མ་དངུལ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཇ་རྒྱུད་གྲོང་སྡེ་དང་པོའི་མཛེས་མའི་ལུག་མིག་ཁྱད་ལྡན་ཐོན་ལས་དང་ཇ་རྒྱུད་གྲོང་སྡེ་གསུམ་པའི་ཡུལ་སྡེའི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་། དཔའ་དབང་ཆུང་གྲོང་སྡེའི་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཅས་དཔེ་སྟོན་ཡིན་པའི“1+3+8”གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ནས་ས་ཞིང་མུའུ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར3000ནས12000བར་འཕར་ཡོད།“གྲོང་སྡེ་ཐུན་མོང་དང་མཉམ་ལས་ཁང་། སྤྱི་གཉེར་ཁང་བཅས་ཟུང་དུ་སྦྲེལ་བའི”རྣམ་པར་དམིགས་ནས་ཉེར་ལ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རོགས་སྐྱོར་དང་སྟོབས་ཆེར་གཏོང་བའི་ལས་གཞིའི་འཆར་འགོད་ལག་བསྟར་བྱས་པ་དང་། དྲྭ་ཐོག་ཡུལ་སྐོར་སྤྲོ་གསེང་གླིང་ཤུགས་ཡོད་རྒུས་གསར་དུ་བཏོད་ནས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་དང་ཡུལ་མིའི་ཡོང་འབབ་འཕར་བར་ཐབས་ཤེས་མང་པོ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:རང་ཡུལ་ཆུ་ཁུངས་བེད་སྤྱད་བྱས་ཏེ་ཡུལ་མིའི་ཡོང་འབབ་རྒྱུན་སྲིང་འཕར་ཐབས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།