རང་ཁུལ་གྱི་དུས་ཚིགས་དང་པོའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོང་ཐུབ་ཡོད།

ལྷ་འཛོམས་ཀྱིས་བྲིས།        2022-05-23

བཟོ་ལས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་ཚུད།

ཉེ་ཆར་གསར་འགོད་པས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ10.5འཕར་ནསGDPབརྒྱ་ཆའི་གྲངས2.2འཕར་ཡོད་པ་རེད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ9.9འཕར་བ་དང་།(གླིང་ཁུལ་བརྒྱ་ཆ17.6འཕར་བ)འཕར་ཚད་ཟླ་བ་དང་པོ་ནས་གཉིས་པའི་བར་བརྒྱ་ཆའི་གྲངས0.2མགྱོགས་སུ་ཕྱིན་ཡོད། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.6མཐོ་རུ་སོང་ནས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་བརྒྱ་ཆ101.1ལ་ཟིན་པ་དང་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས4.5མཐོ་ཡོད།

རིམས་ཚུལ་ཁྱབ་མཆེད་ཆེ་རུ་སོང་བ་དང་ཁྲོམ་རའི་དགོས་མཁོ་ཆུང་དུ་ཕྱིན་པ། ཐོན་སྐྱེད་མ་གནས་མཐོ་རུ་ཕྱིན་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་དཀའ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཁུལ་ནང་ཁུལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཅུང་ཞན་པ་དང་། དུས་ཚིགས་དང་པོར་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ49.2མར་ཆག་པ་དང་ཆག་ཚད་ཟླ་དང་པོ་ནས་གཉིས་པའི་བར་བརྒྱ་ཆའི་གྲངས16.4ལ་ཟིན་པ་རེད།།




  • ལེ་ཚན་སྔོན་མ།:ཁུལ་བདེ་འཇགས་ཨུ་ལྷན་གྱི2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་དུས་ཚིགས་གཉིས་པའི་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:རང་ཡུལ་ཆུ་ཁུངས་བེད་སྤྱད་བྱས་ཏེ་ཡུལ་མིའི་ཡོང་འབབ་རྒྱུན་སྲིང་འཕར་ཐབས་བྱས།
  • དོ་སྣང་ཆེ་བའི་རྩོམ།