ཁུལ་བདེ་འཇགས་ཨུ་ལྷན་གྱི2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་དུས་ཚིགས་གཉིས་པའི་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-23

སྤྱི་ཟླ5པའི་ཚེས11ཉིན། ཁུལ་བདེ་འཇགས་ཨུ་ལྷན་གྱི2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་དུ་ཚིགས་གཉིས་པའི་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཚོགས་ཐོག་དུས་ཚིགས་དང་པོའི་ཉེན་མེད་ཐོན་སྐྱེད་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་ད་སྔའི་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ཅིང་། དུས་ཚིགས་གཉིས་པའི་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ་རེད།

ཚོགས་ཐོག་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེན་མེད་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཞིབ་འཇུག་ཞིབ་ཅིང་ཕྲ་བ་དང་ཁོང་དུ་ཆུད་པ། གོ་དོན་མཐིལ་རྟོགས་བྱས་ནས་ཉེན་མེད་ཐོན་སྐྱེད་ཀྱི་ལག་ལེན་ལས་ཀར་མཛུབ་ཁྲིད་བྱ་དགོས། ཉེན་མེད་ཐོན་སྐྱེད་ཀྱི་ཧ་ཅང་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་ཉེན་མེད་ཐོན་སྐྱེད་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་ཏན་ཏིག་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཉེན་མེད་ཐོན་སྐྱེད་ཀྱི་ལས་འགན་ཕྲག་ཏུ་འཁུར་དགོས། ཆུ་ཤུགས་གློག་ཁང་དང་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན། རྡོ་སོལ་མིན་པའི་གཏེར་རི། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། རང་སྐྲུན་སྡོད་ཁང་སོགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ནས། ནན་ཏན་དང་ཀུན་ལ་ཁྱབ་པ་བྱས་ཏེ་ཉེན་མེད་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱེད་སྒོ་སྤེལ་ཞིང་། ཉེན་མེད་ཐོན་སྐྱེད་ཀྱི་བྱ་ཐབས15དོན་འཁྱོལ་བྱས་ནས་ཉེན་མེད་ཐོན་སྐྱེད་ཀྱི་གཞན་དབང་གི་རྣམ་པ་རྦད་དེ་བསྒྱུར་དགོས་པ་རེད། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཉེན་མེད་ཐོན་སྐྱེད་ཀྱི་དྲ་བ་དམ་ཚགས་བཟོ་བ་དང་ཉེན་མེད་ཉེན་ཟོན་སྒྲིག་ཆས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་མེད་དར་བ་དང་ཉེན་མེད་དོ་དམ། ཉེན་མེད་བཅོས་སྒྲིག་བཅས་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་བཏང་ནས་ཁྲིམས་འགལ་བྱ་སྤྱོད་གབ་ས་མེད་པ་བཟོ་དགོས། ས་གནས་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་། ལས་རིགས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། འཚུབ་བསྟུན་སྡེ་ཚན་གྱི་ཕྱོགས་བསྡུས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ཁོངས་མིའི་སྡེ་ཚན་གྱི་ཕྱོགས་བསྡུས་ལྟ་སྐུལ་ཁྲིམས་འཛིན་གྱི་འགན་འཁྲི་བཅས་དོན་འཁྱོལ་ཏན་ཏིག་བྱས་ནས་ཉེན་མེད་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཁྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་ཁྲིམས་སྐྱོང་སྐོར་གྱི་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དུས་ཚིགས་དང་པོའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོང་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།