ལི་ཐང་རྫོང་གིས་རྫོང་རེར་ཐབས་ཇུས་རེ་ལག་བསྟར་བྱས་ནས་མཐོ་སྒང་གི་གྲོང་ཁྱེར་བསྐྲུན་གང་ཐུབ་བྱས།

བློ་བཟང་བཀྲ་ཤིས་ཀྱིས་བསྒྱུར།        2015-06-23

ལི་ཐང་རྫོང་གིས་དབུ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་རྗེས། མིག་སྔའི་འཕེལ་རྒྱས་ཀྱི་གནས་བབ་ཁོང་དུ་ཆུད་པ་དང་། ཚོང་རའི་སྒོ་ཆེན་རྒྱ་སྐྱེད་བྱས་པ་དང་མཉམ་ལས་ཤུགས་ཆེར་བཏང་བར་བརྒྱུད་ནས་ལོ་རྒྱུས་ཀྱི་རིག་གནས་དང་ས་གནས་ཀྱི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དཀར་མཛེས་ཁུལ་ལྷོ་རྒྱུད་ས་ཁུལ་གྱི་ཚོང་ལས་ཀྱི་འགྲིམ་འགྲུལ་འགག་མདོ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་གནས་གཞི། ཁམས་བོད་ལྗོངས་རྒྱུའི་རིག་གནས་ཀྱི་གནས་མཆོག་བཅས་བསྐྲུན་ནས་མཛེས་སྡུག་འཆམ་མཐུན་གྱི་མཐོ་སྒང་གི་གྲོང་ཁྱེར་བསྐྲུན་གང་ཐུབ་བྱས་པ་རེད།
 ཁྱད་འཕགས་ཐོན་ལས་གསོ་སྐྱོང་བྱས་པ་དང་རིག་གནས་ལྗོངས་རྒྱུ་དམིགས་སུ་བཀར་ནས་སྔོན་དུ་སྤེལ་ཞིང་།དེང་རབས་ཀྱི་ཞིང་འབྲོག་ལས་སྟོབས་ཆེར་གཏོང་བ་དང་། ཆུ་གློག་དང་གཏེར་ཁ་ཐོན་ལས་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་། འགྲིམ་འགྲུལ་འཛུགས་སྐྲུན་སྤེལ་ཤུགས་མགྱོགས་སུ་གཏོང་བ་དང་ཆུ་བེད་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གྲོང་ཁུལ་གྱི་དྲ་བ་དང་གྲོང་གསེབ་ཀྱི་དྲ་བའི་བསྒྱུར་བཀོད་ཇེ་མགྱོགས་གཏོང་བ། གློག་ཤུགས་མཁའ་ལམ་གྱི་ལས་གྲྭའི་འཛུགས་སྐྲུན་ལ་འདེད་སྤེལ་གཏོང་།
 དཀར་མཛེས་ཁུལ་ལྷོ་རྒྱུད་གྲོང་རྡལ་གྱི་ལྟེ་བ་བསྐྲུན་རྒྱུར་དམིགས་ནས།མུ་མཐུད་དུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་སོགས་ཀྱི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས་ནས་གྲོང་ཁུལ་ཁྲོམ་ལམ་གྱི་བསྒྱུར་བཀོད་ཨར་ལས་མྱུར་དུ་ལེགས་འགྲུབ་ཡོང་བ་དང་སྦྲགས། གྲོང་ཁྱེར་གྱི་ཆུ་འབུད་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད། མུ་མཐུད་དུ་རྫོང་མཁར་གྱི་རྣམ་པ་བསྒྱུར་བཀོད་བྱེད་པ་དང་འགྲམ་སྣ་ཤང་རྫེས་པ་གྲོང་སྡེ་སོགས་གྲོང་སྡེ11མཛེས་སྡུག་བདེ་སྐྱིད་ཀྱི་གྲོང་གསར་བསྐྲུན་རྒྱུའི་འགོ་བཙུགས་ཤིང་། ཤུགས་ཆེན་པོས་སྲིད་གཞུང་བཅའ་སྡོད་སར་གློག་གསལ་བ་དང་ཁོར་ཡུག་སྔོ་བ།ཡིད་འཕྲོག་པའི་ལས་གྲྭ་ལག་ལེན་བྱ་རྒྱུ།
 ཁྱོན་ཡོངས་ནས་ཤང་དང་གྲོང་སྡེ་བཅོས་སྐྱོང་དང་གསར་སྐྲུན་བྱས་ཏེ་གྲོང་གསེབ་ལས་ཀ་ཚད་ལྡན་སྤེལ་ཐུབ་པར་ཁག་ཐེག་བྱ་རྒྱུ།
 འཆར་འགོད་དང་རྣམ་གྲངས་ལས་ཀའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནན་ཏན་གྱི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལག་ལེན་བྱས་པའི་གནས་ཚུལ་ལ་གདེང་འཇོག་ཕྱོགས་བསྡོམས་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་སྒྲིག་བཟོ་ལས་ཀ་སྤེལ་ཏེ་ཁུལ་དང་རྫོང་གྱི་གལ་ཆེའི་རྣམ་གྲངས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་རྒྱུ།།
  • ལེ་ཚན་སྔོན་མ།:འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
  • ལེ་ཚན་རྗེས་མ།:ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ནས་རིག་གནས་ལྗོངས་རྒྱུ་འཕེལ་རྒྱས་གཏོང་།
  • དོ་སྣང་ཆེ་བའི་རྩོམ།