འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།

        2015-06-19

འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
བོད་རིག་པའི་ཆེད་མཁས་པ་སྔོ་ཆུང་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ། 
 

ཟླ་བ༦པའི་ཚེས༡༩ཉིན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་ནས་དེ་སྔོན་དཀར་མཛེས་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་བཞེས་མྱོང་བའི་བོད་རིག་པའི་ཆེད་མཁས་པ་སྔོ་ཆུང་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཞུས་ཆུང་གི་ལོ་ཙཱ་བ་ཡེ་ཤེས་མགོན་པོ་གཉིས་གདན་འདྲེན་ཞུས་ཏེ་རྒྱ་བོད་ཡིག་སྒྱུར་སྐོར་གྱི་འཆད་ཁྲིད་གནང་བ་རེད། 

འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
ཞུས་ཆུང་གི་ལོ་ཙཱ་བ་ཡེ་ཤེས་མགོན་པོས་འཆད་ཁྲིད་གནང་བཞིན་པ། 
 

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ལས་སྒྲུབ་མི་སྣ་ཡོངས་དང་།  ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཁུལ་མི་རིགས་ལས་བྱེད་སློབ་གྲྭ།    ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ཀྱི་འབྲེལ་ཡོད་མི་སྣ༡༠༠ལྷག་གིས་འཆད་ཁྲིད་ལ་ཉན་པར་མ་ཟད། རྒྱ་བོད་ཡིག་སྒྱུར་ཐད་ཀྱི་དོགས་གནད༣༠ལྷག་ལ་དམིགས་ནས་བགྲོ་གླེང་རྒྱ་ཆེར་སྤེལ་བ་རེད།  འཆད་ཁྲིད་དང་བགྲོ་གླེང་བྱས་པར་བརྒྱུད་ནས་ཡིག་སྒྱུར་ལས་སྒྲུབ་མི་སྣའི་བྱང་ཚད་མཐོ་རུ་བཏང་ཞིང་བོད་ཡིག་ཚགས་པར་དང་དུས་དེབ། དྲ་བ། འཕྲིན་ཕྲན་སོགས་ཀྱི་སྤུས་ཚད་ཇེ་མཐོར་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་བ་དང་སྦྲགས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་སྒྲུབ་མི་སྣའི་བར་ཕན་ཚུན་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་གཞི་སྟེགས་དང་གོ་སྐབས་ཤིག་ཀྱང་བསྐྲུན་པ་རེད།

འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
མདོ་འཛིན་པས་མདོ་འཛིན་བྱེད་བཞིན་པ། འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
ཚོགས་རའི་ཡུལ་དངོས།
 འཆད་ཁྲིད་བགྲོ་གླེང་བརྒྱུད་ནས་ཡིག་སྒྱུར་ཆུ་ཚད་མཐོ་རུ་གཏོང་།
བགྲོ་གླེང་གནང་བཞིན་པ། 

  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གནམ་གཤིས་ཅུས་དང་རྒྱལ་ས་ཐོན་ཁུངས་དོ་དམ་ཅུས་གཉིས་ཀྱིས་མཉམ་དུ་གནོད་འགོག་བྱས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་རྫོང་རེར་ཐབས་ཇུས་རེ་ལག་བསྟར་བྱས་ནས་མཐོ་སྒང་གི་གྲོང་ཁྱེར་བསྐྲུན་གང་ཐུབ་བྱས།
  • དོ་སྣང་ཆེ་བའི་རྩོམ།