ཟླ་བ7པའི་ཚེས21ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཆེད་དུ་བརྒྱད་ཟིལ་རྫོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་གནང་བ་རེད། ཁོང་གིས་བརྒྱད་ཟིལ་རྫོང་གིས་གྲོང་ཁུལ་གྱི་སྤུས་ཚད་མཐོར་འདེགས་གཏང་ཞིང་། ཡུལ་སྐོར་རིམ་གྲས་མཐོར་སྤར། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ། འགྲིམ་འགྲུལ་ལྷོ་བྱང་སྦྲེལ་ཐུབ་པ་བཅས་ཕྱོགས་བཞིར་ཤུགས་བརྒྱབ་ནས་ཁུལ་ཡོངས་སུ་སྔོན་དུ་འབྱོར་འབྲིང་སྐྲུན་གང་ཐུབ་བྱ་དགོས་པའི་ཐུགས་རེ་གནང་།
ལིའུ་ཁྲེང་མིང་གིས་སྔོན་རྗེས་སུ་གྲོང་ཁུལ་འཛུགས་སྐྲུན་བྱས་ཚུལ་ལ་ཆ་རྒྱུས་ཟབ་མོ་ལོན་རྗེས་གྲོང་ཁུལ་གཙོ་བོའི་རྒྱས་སྐྲུན་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་གསར་དུ་བཟོ་སྐྲུན་བྱས་པའི་འོད་སྐྱིད་ནུབ་རྒྱུད་ཀྱི་སྤྲོ་གསེང་འཁྱམས་རིང་ལ་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། ད་དུང་ཕྱིན་ཆད་ཀྱི་ལས་ཀའི་སྐོར་ལ་བརྒྱད་ཟིལ་རྫོང་གིས་གྲོང་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྤུས་ཚད་མཐོར་འདེགས་གཏང་རྒྱུར་དོ་སྣང་བྱ་དགོས་པའི་ཐུགས་རེ་གནང་བ་རེད། ཁོང་གིས་གསུང་དོན། གྲོང་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཧ་ཅང་གལ་ཆེན་པོ་ཡིན་པས། འཆར་འགོད་བྱ་རྒྱུར་ལེགས་འཛིན་བྱེད་པ་དང་ལག་བསྟར་ནན་པོ་བྱ་དགོས། བརྒྱད་ཟིལ་རྫོང་གིས་གྲོང་ཁུལ་འཆར་འགོད་འཛུགས་སྐྲུན་བྱས་དུས་དེང་རབས་བོད་ཁུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་བྱས་ནས་རི་སྔོ་ཞིང་ཆུ་དྭངས་བ་དང་། བོད་ཁུལ་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་དེང་རབས་ཅན་གྱི་བོད་ཁུལ་གྱི་གྲོང་ཁུལ་ཞིག་སྐྲུན་གང་ཐུབ་བྱ་དགོས།
ལིའུ་ཁྲེང་མིང་གིས་ད་དུང་ལེགས་ཐར་མཚོའི་མཛེས་ལྗོངས་ས་ཁུལ་དང་དཀར་ཆུས་གྲོང་རྡལ་གྱི་ཧ་ཁྱུང་གྲོང་རྡལ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཚད། ད་དུང་སྐྱིད་ཁྲིད་རིའི་ཕུག་ལམ་འཛུགས་སྐྲུན་བྱས་ཚུལ་ལ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་ཤིང་། བརྒྱད་ཟིལ་མཐོ་རིམ་སློབ་འབྲིང་དང་དཀར་ཆུས་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་གནས་ཚུལ་ཆ་རྒྱུས་བླངས་པ་རེད།
ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་བརྒྱད་ཟིལ་རྫོང་གི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཕེབས་རོགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།