རང་ཁུལ་གྱིས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་འབྲེལ་ཡོད་ལས་དོན་ཆེད་མངགས་བཀོད་སྒྲིག་བྱས།

ཨོ་རྒྱན་གྱིས་བསྒྱུར།        2021-05-24

ཉེ་ཆར། 2021ལོའི་ཁུལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱུགས་དང་དམའ་འབྲིང་སློབ་ཐོན་སློབ་མའི་སྦྱོང་ཚན་རྒྱུགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་།“རྒྱུགས་གཉིས”ཀྱི་འབྲེལ་ཡོད་ལས་དོན་ཆེད་མངགས་བཀོད་སྒྲིག་བྱས་པ་རེད།

ད་ལོར་རང་ཁུལ་གྱི“རྒྱུགས་གཉིས”ལ་ཞུགས་མཁན་གྱི་མི་གྲངས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་མཁན་གྱི་སློབ་མ7507ལ་ཟིན་པ་དེ་ལོ་གོང་མ་ལས164མང་དུ་ཕྱིན་པ་དང་། རྫོང(གྲོང་ཁྱེར)8ལ་རྒྱུགས་ཚུགས8བཙུགས་པ་དང་། འབྲིང་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ13395ལ་སླེབས་ཤིང་། ལོ་སྔོན་མ་ལས685མང་དུ་ཕྱིན་པ་རེད། རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པ་དོ་དམ་ཅུས་བཅས་སུ་རྒྱུགས་ཚུགས་ཁྱོན་བསྡོམས18བཙུགས་ཡོད་པ་རེད།

གྲོས་ཚོགས་ཐོག་བསྟན་དོན། སློབ་བསྡུའི་རྒྱུགས་ལེན་ལས་ཀ་ཁྱབ་ཁྱོན་ཆེ་ཞིང་ལས་ཚད་མཐོ་བས་རྫོང(གྲོང་ཁྱེར)ཁག་གི་སློབ་གསོ་དང་ལུས་རྩལ་ཅུས། རིམ་པ་ཁག་གི་རྒྱུགས་འགུགས་སྡེ་ཁག། སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས“རྒྱུགས་གཉིས”ཀྱི་འཕྲལ་སྡོམ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། རང་བྱུང་གནོད་འཚེ། གཞུང་ལམ་འགྲིམ་འགྲུལ། བཟའ་བཅའི་ཉེན་མེད། ནད་ཡམས་སོགས་ཀྱི་འཕྲལ་སྡོམ་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་འབྲེལ་འཕྲལ་སྡོམ་འགན་ལེན་བྱ་ཐབས་དོན་འཁྱོལ་བྱས་ནས་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པར་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱུགས་ཀྱི་ཉིན་མེད་ལ་དམ་འཛིན་ཡག་པོ་བྱས་ནས“རྒྱུགས་གཉིས”རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་ཇུས་གཞི་དང་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། རྒྱུགས་མ་སྤྲད་གོང་གི་ཉིན14ཡི་ནང་བདེ་ཐང་ཐོ་འགོད་དང་། རྒྱུགས་ཚུགས་ནས་འགྲོ་འོང་བྱས་ཚེ་ཁ་ཤུབས་གྱོན་དགོས་པ་དང། བདེ་ཐང་ཨང་ཐོ་བསྟན་དགོས། གཟུགས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་བྱས་ནས་རྒྱུགས་རར་དུག་སེལ་བྱ་དགོས། རིམས་འགོག་དངོས་ཟོག་གྲ་སྒྲིག་དང་ཚ་རྒྱས་རྒྱུགས་ར་འཛུགས་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཏེ་རིམས་འགོག་ཉིན་མེད་སྲུང་སྐྱོང་བྱ་དགོས། རྒྱུགས་ཤོག་གི་བརྒྱུད་རིམ་ཧྲིལ་པོ་དང་ཁྱོན་ཡོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་ཤོག་ཉིན་མེད་ཡིན་པའི་འགན་ལེན་བྱ་དགོས་པ། རྒྱུགས་ཚུགས་ཉེ་འཁོར་གྱི་ཉིན་མེད་བཅོས་སྐྱོང་དང་། མེ་ཟོན་ཉིན་མེད། བཟའ་བཅའི་འཕྲོད་བསྟེན། འགྲིམ་འགྲུལ་ཁྲིད་སྟོན་བཅས་ཀྱི་ཉེན་མེད་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཡིག་རྒྱུགས་ཁོར་ཡུག་ལེགས་སུ་གཏང་དགོས་པ་དང་། ཡིག་རྒྱུགས་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མཐོ་རྒྱུགས་ཀྱི་ཆེད་དོན་གཟིགས་སྐྱོང་སྲིད་ཇུས་ཁག་དང་། སྐད་གཉིས་སློབ་ཁྲིད་སྒྱུར་བཅོས། འབྲིང་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་བཅས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྒྱུགས་སྤྲོད་སློབ་མའི་རེ་འདུན་རེའུ་མིག་འགོད་ཐབས་ཀྱི་མཛུབ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མར་འདྲ་མཉམ་ངང་ཡིག་རྒྱུགས་ནང་ཞུགས་པའི་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་པ། ཡོངས་བསྒྲགས་ངང་སློབ་མ་བསྡུ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལ་ཞིབ་བཤེར་ཡག་པོ་བྱེད་པ། མཐོ་རྒྱུགས་སྐར་སྣོན་གྱི་གཟིགས་སྐྱོང་སློབ་བསྡུའི་སྲིད་ཇུས་དོན་འཁྱོལ་ནན་པོ་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱ་དགོས།། 


  • ལེ་ཚན་སྔོན་མ།:ཏྲེ་ཧོར་བོད་ཡིག་སློབ་གྲྭས་དབྱངས་གསལ་གྱི་སྲོག་རྟ་ཞེས་པའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:“འཕྲལ་བསྟུན་ལས་འགན·2021ལོའི”ས་ཡོམ་གནོད་འགོག་གནོད་སེལ་དཀར་མཛེས་ཡན་ལག་དངོས་སྦྱོང་བྱེད་སྒོ་དུང་དཀར་ལུང་པར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།