རང་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་གྲ་སྒྲིག

ཨོ་རྒྱན་གྱིས་བསྒྱུར།        2021-05-18

རང་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་གྲ་སྒྲིག

     2021ལོའི་སི་ཁྲོན་དཀར་མཛེས་ཀྱི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་འཆར་ཉེ་ཡོད་ལ། རང་ཁུལ་གྱིས་སྐབས་འདིའི་དུས་ཆེན་ནི་ཏང་དབུ་བརྙེས་ནས་ལོ100འཁོར་བར་ལེགས་སྐྱེས་ཕུལ་བའི་ནང་དོན་གཙོ་བོའི་གྲས་ཤིག་བཞག་ནས་དཀར་མཛེས་རྫོང་དུ་འཚོག་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་དང་གཞོན་ནུ་རང་འདུན་པ་ཚོས་སྐབས་འདིའི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་ནས་བྱས་རྗེས་འཇོག་རྒྱུ་དང་། མཛའ་བརྩེ་དང་རོགས་རེས། ཡར་ཐོན་བཅས་ཀྱི་རང་འདུན་པའི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་མཛེས་སྡུག་ལྡན་པའི་དཀར་མཛེས་འཛུགས་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འབོད་སྐུལ་བྱ་ཆེད་རང་འདུན་པ་བསྡུ་རྒྱུའི་བརྡ་བཏང་བ་རེད།

     སྐབས་འདིའི་རང་འདུན་པ་བསྡུ་ལེན་བྱ་ཡུལ་ནི་དཀར་མཛེས་རྫོང་ལ་ཁ་ཕྱོགས་ཤིང་། རྫོང་ཡོངས་ཀྱི་སློབ་འབྲིང་སློབ་མ་དང་། སློབ་ཆེན་སློབ་མ། ལོ18ནས30བར་གྱི་གཞོན་ནུ། སློབ་གྲྭའི་དགེ་རྒན་བཅས་ཚང་མ་ཞུགས་ཆོག་ལ་མི་གྲངས་དང་ཕོ་མོའི་དབྱེ་བ་མེད་ཅིང་། དེ་དང་ཆབས་ཅིག་ད་དུང་རྫོང་ཁོངས་ནས་དྲྭ་གྲགས་ཐད་གཏོང་པ10བསྡུ་རྒྱུ་ཡིན་ལ། ཕོ་མོའི་དབྱེ་བ་མེད། རང་འདུན་པ་ཚང་མར་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་དང་ལྡན་པ། མཛའ་བརྩེ་དང་རོགས་རེས། ཡར་རྒྱས་བཅས་ཀྱི་ཞབས་ཞུའི་སྙིང་སྟོབས་དང་ལྡན་དགོས་ལ། རང་འདུན་ཞབས་ཞུའི་བྱ་གཞག་ལ་དགའ་ཞེན་ཆེ་ཞིང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་ལེགས་སྐྱེས་འབུལ་སེམས་ཆེ་བ། ཚུལ་མིན་གྱི་དགའ་ཕྱོགས་མེད་པ། ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་མི་བྱེད་པར། འགན་འཁུར་གྱི་འདུ་ཤེས་དང་ལྡན་པ། གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ། རྩ་འཛུགས་ཀྱི་འགྲིག་ལམ་ལ་བརྩི་སྲུང་དང་ལྡན་པ། རང་མོས་ངང་སྤྱི་ཚོགས་དང་མི་གཞན་ལ་ཞབས་ཞུ་དང་རོགས་རམ་བྱེད་དགོས་པ་བཅས་ཀྱི་བླང་བྱ་དང་ལྡན་པ་རེད་འདུག།

     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རང་འདུན་པར་ཞུགས་འདོད་ཅན་ཡོད་ན་གུང་གཞོན་སྡེ་ཚོགས་དཀར་མཛེས་རྫོང་ཨུའི་གཞུང་དོན་ཁང་དུ་རང་ཉིད་ཀྱི་ཐོབ་དཔང་བཟུང་ནས་ཐོ་འགོད་བྱེད་དུ་འགྲོ་ཆོག། སྐབས་འདིའི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་མཇུག་འགྲིལ་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད་པའི་མི་སྒེར་ལ་བྱ་དགའ་སྤྲད་རྒྱུ་དང་གཟེངས་བསྟོད་བྱ་རྒྱུར་མ་ཟད། ཞབས་ཞུའི་ནང་ཞུགས་མཁན་གྱི་རང་འདུན་པར་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་རང་འདུན་ཞབས་ཞུའི་ལག་ཁྱེར་ཡང་ཐོབ་རྒྱུ་དང་འབྲེལ་ཡོད་སྡེ་ཚོགས་ཨུ་ལྷན་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་བྱ་ཆོག་པ་རེད།

རང་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་གྲ་སྒྲིག


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་གསར་བརྗེའི་རྗེས་ཤུལ།༼ ༡ ༽
  • ལེ་ཚན་རྗེས་མ།:གངས་ལྗོངས་མཚལ་རྡོའི་སྙན་གྲགས་ཡོངས་སུ་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།