ད་ལོར་རང་ཁུལ་གྱི་འགྲིམ་གྲུལ་ཐད་མ་དངུལ་སྒོར་དུང་ཕྱུར105ཡན་བཏང་ཚར་བ་བྱ་རྒྱུ།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-17

ཉེ་ཆར། 2021ལོའི་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་སྔོན་སྤེལ་གྱི་འཐབ་ཇུས་མུ་མཐུད་ནས་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར105ཡན་བཏང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད། དེའི་ནང་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར33དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་ལམ་ལ་སྒོར་དུང་ཕྱུར55.82 གྲོང་སྡེའི་གཞུང་ལམ་དང་དེ་བཞིན་བདག་སྐྱོང་ལས་གྲྭ་སོགས་ལ་སྒོར་དུང་ཕྱུར16.27གཏང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རང་ཁུལ་གྱིས་གཙོ་གནད་འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞིང་། ལས་གཞི་མགོ་ཚུགས་པར་དམིགས་ཏེ་རྒྱལ་སྲུང་གཞུང་ལམ4218པའི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་སྲུང་གཞུང་ལམ་318པའི་དར་མདོ་ནས་རྒྱུ་ལའི་རི་མགོ་བར་གྱི་ལམ་མཚམས་དུམ་བུའི་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭ། སྡེ་རོང་རྫོང་གི་ཝ་ཁའི་འབྲི་ཆུའི་ཟམ་ཆེན་སོགས་ལས་གཞི8ཁྱོན་ཡོངས་ནས་ལས་མགོ་འཛུགས་རྒྱུའི་འགན་ལེན་བྱས་པ་དང་། མཐུད་འཛུགས་ལས་གཞི་ལ་དམིགས་ནས་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་དུམ་བུ་དང་། ལྕགས་ཟམ་ནས་ཧྲི་མན་བར་གྱི་མྱུར་བགྲོད་གཞུང་ལམ། དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་ལས་གྲྭ་སོགས་མུ་མཐུད་ནས་འཛུགས་སྐྲུན་བྱ་རྒྱུའི་ལས་གྲྭ24མགྱོགས་མྱུར་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་ཁུལ་གྱིས་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་བརྒལ་མཚུམས་དུམ་བུ)ཁྱོན་ཡོངས་ནས་ཞབས་ཞུ་བྱས་ཏེ་ཁྲོན་བོད་ལྕགས་ལམ་བརྒྱུད་ཡུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི་འགག་ལམ་དུམ་བུའི་རིམ་སྤོར་བསྒྱུར་བཀོད་མགྱོགས་སུ་གཏང་རྒྱུ་དང་། ཁྱོན་ཡོངས་ནས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཁུལ་དུ་འགྲོ་འོང་བྱེད་ས་བགྲོད་ལམ་ཆེན་པོ2ཆགས་པར་བྱ་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་སྤོར་བྱས་ཏེ། རིམ་པ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ65ལ་ཟིན་པ་དང་། རྒྱལ་སྲུང་གཞུང་ལམ་དཀྱུས་མའི་རིམ་པ་གསུམ་དང་དེ་ཡན་གྱི་ཚད་གཞིར་སླེབས་པའི་གཞུང་ལམ་བརྒྱ་ཆ95ལ་ཟིན་རྒྱུ། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མའི་རིམ་པ་གསུམ་ཡན་གྱི་གཞུང་ལམ་བརྒྱ་ཆ65ལ་ཟིན་རྒྱུ། གྲོང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་སྒྲིག་སྲོལ་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་སྟེ་ཞིང་ཆེན་རིམ་པའི་བཞི་ཡག་གྲོང་སྡེ་ལམ་གྱི་དཔེ་སྟོན་རྫོང་འཛུགས་ཚད་བརྒྱ་ཆ70ཡན་ཆད་ལ་ཟིན་པ་བྱས་ནས་ཞིང་ཆེན་རིམ་པའི་བཞི་ཡག་ཞིང་སྡེའི་གཞུང་ལམ་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་བརྩོན་ལེན་བྱེད་པ། ཁྱོན་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཉེན་མེད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་ནུས་ཤུགས་ཡོད་རྒུས་འཛུགས་དགོས།

2035ལོར་སླེབས་དུས། རང་ཁུལ་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཉེན་མེད་དང་སྟབས་བདེ། ནུས་ཐོན། འབྱུང་འཕྲོད། གྲོན་ཆུང་བཅས་ལས་གྲུབ་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཞི་རྩའི་ཐོག་བསྐྲུན་རྒྱུར་དམིགས་ཏེ་ཁུལ་ཕྱིར་ལ་བགྲོད་ལམ་ཆེན་པོ5(ལྕགས་ལམ1དང་མྱུར་བགྲོད་གཞུང་ལམ4)བསྐྲུན་ནས་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཡོད་པ་དང་། ཡུལ་ཤོག་ཚང་མར་གཞུང་ལམ་ཡོད་པ། ཚོགས་ཆུང་ཚང་མར་གཞུང་ལམ་ཡོད་པ་བཅས་ཀྱི་དེང་རབས་ཅན་གྱི་གཞུང་ལམ་དྲ་བ་ཞིག་རིམ་བཞིན་ཆགས་པར་བྱས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་གྲུབ་ཐུབ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོས་སེམས་ཤུགས་གོང་བུ་གཅིག་སྒྲིལ་བྱས་ཏེ། ལས་དོན་ཁག་ལ་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:ལོ་ཏོག་སྒང་གི་གྲོང་མིས་འཕེལ་ཁ་དར་བའི་གཞས་གསར་གཏོང་།
  • དོ་སྣང་ཆེ་བའི་རྩོམ།