ལྷ་འཛོམས་ཀྱིས་བསྒྱུར། 2021-05-17
ཧྲེན་དབྱང་དབུལ་ཐར་དུད་ཚང་སངས་རྒྱས་ཀྱི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་།
སྤྱི་ཟླ5ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་རྟའུ་རྫོང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཧྲེན་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་འཛུགས་སྐྱོང་དེ་ཁྲིད་སྟོན་དུ་འཛིན་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་དོན་ཁག་ལ་ཕན་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཧྲེན་དབྱང་སྔ་རྗེས་སུ་རྟའུ་རྫོང་གི་དཔལ་སྨད་གྲོང་རྡལ་དང་སྤྱོད་བཟང་དེང་རབས་ཞིང་ལས་གླིང་ཁུལ།མགར་ཐར་གྲོང་རྡལ་གྱི་གནའ་གྲོང་རྗེས་ཤུལ་གདོང་ལེན་གྲོང་སྡེ། ཁུག་ཆ་ཡུལ་ཤོག་ལུང་ཕུག་གྲོང་སྡེ་སོགས་སུ་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ངང་བསམ་ཚུལ་སྤེལ་རེས་བྱས་པས་མ་ཚད། ད་དུང་ཚང་མར་མུ་མཐུད་འབད་འཐབ་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རྒྱུན་མི་ཆད་པར་བྱས་རྗེས་གསར་པ་གཞག་དགོས་པའི་སྐུལ་ལྕག་གནང་བ་རེད།
ཧྲེན་དབྱང་གིས་གསུངས་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་བསམ་བློའི་སྙིང་བཅུད་ལེན་པ། དོན་དངོས་ནན་ཏིག་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ལ་དམིགས་ཏེ་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ནས་བསམ་བློ་དང་དད་མོས་ཀྱི་སྟོབས་ཤུགས་མྱོང་ཚོར་ཏན་ཏིག་བྱ་དགོས། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སློབ་སྦྱོང་སློབ་གསོའི་གཞི་སྟེགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་སློབ་སྦྱོང་གི་ཕན་འབྲས་དེ་མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁུར། རེ་མཁོ་ཆེ་བ་བཅས་ཀྱི་དམངས་འཚོའི་དོན་དངོས་ཐག་གཅོད་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་རིག་གནས་དང་ཞིང་ལས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་བསྐང་ཐུབ་པ་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱེད་པར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུས་སྤྱི་འདོམས་བྱས་ཏེ་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུ་རྒྱུན་ལྡན་ཅན་དང་། རྒྱུད་རིམ་ལྡན་པ། ཡུན་ཕན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་དར་ཆ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་མཐོན་པོར་གཡོ་བར་བྱ་དགོས།
བརྟག་ཞིབ་གནང་རིང་ཧྲེན་དབྱང་གིས་དཔལ་སྨད་གྲོང་རྡལ་སྔོ་ཉ་གྲོང་སྡེའི་ཏང་ཡོན་རྒན་གྲས་གྲགས་པ་ལ་འཚམས་འདྲི་གནང་སྐབས་ཁ་བརྡ་ལབ་པ་དང་ལོ་རྒྱུས་བཤད་པ། དེ་སང་གི་འགྱུར་ལྡོག་གླེང་བ་བཅས་བྱས་ནས་ཏང་ཡོན་རྒན་གྲས་ཚོས་དཔེ་སྟོན་སྣེ་ཁྲིད་ཡག་པོ་བྱས་ནས་མུ་མཐུད་དེ་ནུས་པ་འདོན་རྒྱུའི་རེ་བ་གནང་བར་མ་ཟད། ད་དུང་རྫོང་དང་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་ལ་ཏང་ཡོན་རྒན་གྲས་ཀྱི་ལུས་ཁམས་དང་འཚོ་བར་སྔར་བཞིན་སེམས་ཁུར་བྱས་ཏེ་དུས་ཐོག་ཏུ་ཁོང་ཚོའི་དཀའ་ངལ་དངོས་སེལ་རོགས་བྱ་དགོས་པའི་ཐུགས་རེ་གནང་། དབུལ་ཐར་དུད་ཚང་སངས་རྒྱས་ཀྱི་ཁྱིམ་དུ་ཧྲེན་དབྱང་གིས་མི་ཚང་མས་ཏང་གི་བཀའ་དྲིན་དྲན་དགོས་པ་དང་། ཕྲུ་གུ་ཚོར་ཡི་གེ་སྦྱོང་དུ་བཅུག་ནས་ཤེས་རིག་ཡོན་ཏན་གྱིས་ལས་དབང་བསྒྱུར་བ་དང་། རང་ཉིད་ཀྱིས་འབད་བརྩོན་བྱས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱ་དགོས་པའི་སྐུལ་ལྕག་གནང་བ་རེད། བཞག་བྲའི་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་ཧྲན་དབྱང་གིས་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་དོ་སྣང་བྱེད་པ། ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་པ། གོ་རིམ་ལྡན་པའི་ངང་དབྱར་རྩྭ་དགུན་འབུ་རྐོ་འཐུ་བཅས་བྱ་དགོས་པའི་དྲན་སྐུལ་གནང་ཞིང་། འབུ་རྐོ་བྱ་ཡུལ་གྱི་གནས་སྐབས་ཏང་ཀྲི་པུའུ་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་གང་ལེགས་ཞུས་ཏེ་དབྱར་རྩྭ་དགུན་འབུ་རྐོ་འཐུ་བྱེད་རིང་རྫོང་ཁོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་དང་གོ་རིམ་ཡོད་པ་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།
ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་བརྟག་ཞིབ་ནང་ཞུགས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10