ཐོག་མའི་བསམ་འདུན་མི་བརྗེད་པར།། དབུལ་ཐར་འགན་འཁྲི་ཡིད་ལ་བཅངས།

ཡེ་ཤེས་ཀྱིས་བྲིས།        2021-05-07

ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་པའི་ཧྲུའུ་ཅི་དང་པོ་ངག་དབང་ཆོས་འགྲུབ་ཀྱི་གནས་ཚུལ་རགས་བཀོད།

ཐོག་མའི་བསམ་འདུན་མི་བརྗེད་པར།། དབུལ་ཐར་འགན་འཁྲི་ཡིད་ལ་བཅངས།

ངག་དབང་ཆོས་འགྲུབ་ནི1992ལོའི་སྤྱི་ཟླ2པར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་རྫོང་ནས་སྐྱེས། ཁོ་ཆུང་དུས་ནས་སློབ་སྦྱོང་ལ་འབད་བརྩོན་ཆེ་ཞིང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ལ་སྦྱངས་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། ཁོ་ལ་ཁྲིམས་ལུགས་རིག་པའི་ཤེས་རམས་པ་དང་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཡོན་ཚད་ཐོབ།

2014ལོའི་སྤྱི་ཟླ7པར་སི་ཁྲོན་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན། 2015ལོའི་སྤྱི་ཟླ4པར་ལི་ཐང་རྫོང་ཁྲིམས་འཛིན་ཅུས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལས་དོན་བསྒྲུབས།2015ལོའི་སྤྱི་ཟླ12པ་ནས་ད་ལྟའི་བར་ལི་ཐང་རྫོང་དཔོན་སྐོར་ཡུལ་ཤོག་ཆུ་ཁོལ་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་འཁུར་བཞིན་ཡོད་པ་རེད། 2020ལོའི་སྤྱི་ཟླ5པར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་གཅིག་ཅན་ལྔའི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་གནང་བ་རེད།

ལས་གནས་སྤོས་ནས་གྲོང་དམངས་ལ་ཞབས་ཕྱིར་བསྒྲུབས།

དེ་ཡང་ཁྲིམས་འཛིན་མི་སྣ་གསར་པ་ནས་ཧྲུའུ་ཅི་དང་པོར་གྱུར་པ་ལ་ཁོས་ལོ4ཡི་དུས་ཚོད་སྤྱད་དེ་གྲོང་སྡེ་ཡོངས་ཀྱི་དུད་ཚང་དབུལ་པོ52སྣེ་ཁྲིད་དེ་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་། ཧྲུའུ་ཅི་དང་པོའི་འགན་འཁུར་བ་ནས་བཟུང་ཁོས་ཉིན་ལྟར་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་དང་གྲོང་སྡེའི་ལས་བྱེད་པ་ཁྲིད་དེ་གྲོང་སྡེའི་དུད་ཚང་རེ་རེའི་གནས་ཚུལ་རྒྱུས་ལོན་བྱས། ཁོ་ཐོག་མར་དེར་སླེབས་པའི་སྐབས་སུ་དུད་ཚང་ཚང་མའི་གྲོང་མི་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས་ཤིང་ཕྱི་དྲོ་ཁྱིམ་ནང་ལ་ལོག་དུས་འདྲ་པར་ལ་བལྟས་ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང52ཀྱི་གྲོང་མི312ཚང་མ་ངོ་ཤེས་པར་གྱུར། དུས་རྒྱུན་ཟ་མ་ཟ་བའི་དུས་ཚོད་དང་ཞིང་ནང་ལས་ཀ་ལས་བཞིན་པའི་གྲོང་མི་བཅས་ལ་ཁ་བརྡ་བྱས་པར་བརྒྱུད་ཁོས་གྲོང་སྡེ་ཡོངས་ཀྱི་དམངས་ཀྱི་གནས་ཚུལ་དང་། ཡུལ་སྲོལ་གོམས་གཤིས་རྒྱུས་ལོན་བྱུང་བ་དང་། ཏང་ཡོན་རྒན་གྲས་དང་གྲོང་སྡེའི་ལས་བྱེད་པར་ཉམས་མྱོང་དོན་གཉེར་བྱས་པར་བརྒྱུད་ཁོས་མང་ཚོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད། དེ་ལྟར་ཉིན་མོ་བཅར་འདྲིར་སྐྱོད་པ་དང་། དགོང་མོར་བསམ་བློ་གཏོང་བ། ཆ་འཕྲིན་བསྡུ་ལེན་དང་བསམ་འཆར་བསྡུ་ལེན་སོགས་ཟམ་མི་ཆད་པར་བྱས་ནས་བསམ་ཕྱོགས་ལེགས་སྒྲིག་དང་དོན་དངོས་ཟུང་འབྲེལ་བཅས་བྱས་ཏེ《ཆུ་ཁོལ་གྲོང་སྡེའི་དབུལ་ཐར་གནད་སྨིན་རོགས་སྐྱོར་འཆར་འགོད》དང《ཆུ་ཁོལ་གྲོང་སྡེའི་དུད་ཚང་དབུལ་པོའི་དབུལ་ཐར་རོགས་སྐྱོར་འཆར་གཞི》བཟོས་ནས་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གྲོང་སྡེར་གློག་མེད་པ་ནས་དུད་ཚང་ཀུན་ལ་གློག་འཁྲིད་པ། གྲོང་སྡེར་ཉེན་མེད་འཐུང་ཆུ་མེད་པ་ནས་གྲོང་སྡེ་ཡོངས་ལ་ཉེན་མེད་འཐུང་ཆུ་ཡོད་པ། གྲོང་སྡེ་ཡོངས་ཀྱི་བཙོག་ཟིང་ཞན་གསུམ་ནས་འཕྲོད་བསྟེན་ཞབས་ཞུ་རུ་ཁག་འཛུགས་པ་སོགས་ཆུ་ཁོལ་གྲོང་སྡེའི་དབུལ་ཐར་འགག་སྒྲོལ་གྱི་དཀའ་སེལ་བྱ་བ་མང་པོ་བསྒྲུབས་ཡོད། དབུལ་ཐར་འགག་སྒྲོལ་དུས་སྐབས་ཀྱི་ཆུ་ཁོལ་གྲོང་སྡེའི་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་པ་རེད།

ཐོག་མའི་བསམ་འདུན་མི་བརྗེད་པར།། དབུལ་ཐར་འགན་འཁྲི་ཡིད་ལ་བཅངས།

ནུས་ཤུགས་བཏོན་ནས་དམངས་འཚོའི་ཐབས་ལམ་འཚོལ།

ཁོས་གྲོང་སྡེར་བཅའ་སྡོད་བྱས་པ་ནས་བཟུང་ཏང་དང་མི་དམངས་ཀྱི་གཏིང་རིམ་ཟབ་མོའི་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་བདེ་སྐྱིད་དང་སྐྱིད་པོ་ཡིན་མིན་དེ་རང་ཉིད་ཀྱི་ལས་དོན་མཐའ་དག་གི་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་ཡི་ཡོད། ཆུ་ཁོལ་གྲོང་སྡེའི་ལས་དོན་ཆེ་ཆུང་ལ་གཞོལ་ནས་མཉམ་སྡེབ་དཔལ་འབྱོར་དེ་མེད་པ་ནས་ད་ལྟའི་ཐོན་ལས་ཆེན་པོ་བཞིའི་བར་ཡིན་པ་དང་། ཁེ་འབབ་གང་ཡང་མེད་པ་ནས2016ལོའི་ལོ་མཇུག་བར་དུད་ཚང་དབུལ་པོའི་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར1500ཡི་བགོས་སྐལ་ཐོབ་པ་དང་། དུད་ཚང་དབུལ་པོའི་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར1000ཡི་བགོས་སྐལ་ཐོབ་པ་དང་། 2017ལོར་དུད་ཚང་རེར་ཁེ་སྤོགས་སྒོར2000ཡི་བགོས་སྐལ་ཐོབ་ཡོད།

ཁོས་སྣེ་ཁྲིད་འོག་ཆུ་ཁོལ་གྲོང་སྡེའི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱུང་ནས་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཆུ་ཁོལ་གྲོང་སྡེའི་ཞིང་འབྲོག་ཡོངས་ལ་ཕན་པ་ཆེན་པོ་ཐོབ་ཡོད། གྲོང་སྡེར་བཅའ་སྡོད་བྱེད་རིང་ཁོས་གྲོང་སྡེ་དེ་རང་ཉིད་ཀྱི་ཁྱིམ་ལྟར་བརྩིས་པ་དང་ཆུ་ཁོལ་གྲོང་སྡེའི་གྲོང་མི་རང་ཉིད་ཀྱི་ཁྱིམ་མི་ལྟར་བརྩིས་ཡོད། ཁོས་དཀའ་ངལ་ལ་མ་འཛེམས་པར་སེམས་ནུས་ཡོད་རྒུ་བཏོན་ནས་གྲོང་མིར་ལས་དོན་སྒྲུབ་པ་དང་། ཤིན་ཏུ་དབུལ་པོའི་མི་སྣ་ཞིག་ལ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་རོགས་བྱས་པ་དང་། ནད་ཆེན་པོ་ཕོག་པའི་ནད་པ་དང་གནོད་འཚེ་ཕོག་པའི་ཞིང་དུད་སོགས་ལ་རོགས་སྐྱོབ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི5.7རག་ཐབས་བྱས་ཡོད། ནད་ལྟ་མཁན་དང་ཤི་སོང་བའི་ཁྱོན་མི20ལྷག་ཙམ་ལ་རང་ཉིད་སྒེར་གྱི་དངུལ་ཁུར་ནས་འཚམས་འདྲིའི་དངུལ་ཁྱོན་བསྡོམས་སྒོར7000ལྷག་སྤྲད་ཡོད་པ་རེད། གྲོང་སྡེའི་ལས་གཞི་ལ་སྒོར་ཁྲི300ལྷག་ཙམ་བརྩོན་ལེན་བྱས་ཤིང་། ཁྲོན་པ3བསྐྲུན་བཅུག་པ་དང་དུད་ཚང11ལ་གློག་སྐུད་སྤོ་བཅུག་ཡོད། དུད་ཚང་དབུལ་པོ9ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱས་ཡོད། སྒྱུར་དྲུག་སྐྲུན་གསུམ་དང་བརྟན་གཏོང་གཅིག་བཅས་ཀྱི་སྡོད་ཁང་དུད་ཚང45བསྒྱུར་བཀོད་བྱས་ཡོད། གྲོང་མིར་དམངས་ཕན་གྱི་ཞིང་ལས་རྒྱུ་ཆ་དང་རོགས་སྐྱོབ་དངུལ་ཁྱོན་བསྡོམས་སྒོར་ཁྲི5.6རག་ཐབས་བྱས་ནས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་ཡོད། ད་ལྟ་ཆུ་ཁོལ་གྲོང་སྡེར་གནམ་ས་བླ་འོག་བསྒྱུར་བ་ལྟར་བུའི་འཕེལ་རྒྱས་བྱུང་།

རྩ་འཛུགས་བསྐྱངས་ནས་ཕྱུག་འགྱུར་གསོན་ཤུགས་བསྣན།

ཏང་ཡོན་རེར་དར་ཆ་རེ་དང་། ཀྲི་པུའུ་རེར་བཙན་རྫོང་རེ། ཏང་ཡོན་དཔུང་སྡེ་དང་ཏང་ཀྲི་པུའུ་ལེགས་སྐྱོང་བྱ་རྒྱུ་ནི་ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་དང་ཐད་ཀར་འབྲེལ་བ་ཡོད། ངག་དབང་ཆོས་འགྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་བྱེད་མཁན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་ལ་རང་ཉིད་ཀྱི་ཞིབ་འཇུག་བཀོད་སྒྲིག་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཞི་རིམ་གྱི་དམག་འཐབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཁོས་ལམ་སྲོལ་ནས་མགོ་བཙུགས་ཏེ་ཏང་ཡོན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་དོན་ཚན12དང་། གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས་ལྟ་སྐུལ་གཅིག་བཅས་ཀྱི་ལས་དོན་ལམ་སྲོལ་མཐའ་འཁྱོངས་བྱས་པ། ཏང་དོན་དང་གྲོང་དོན། ནོར་དོན་བཅས་ཁ་གསལ་པོ་ངང་ཡོངས་བསྒྲགས་བྱས་པ་རེད། ཏང་ཀྲི་པུའུ་མཉམ་སྐྲུན་གྲོས་མོལ་ཧུར་ཐག་བྱས་ཤིང་། འཇོན་ནུས་ནས་མགོ་བརྩམས་ཏེ་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་ཧྲིལ་པོར་རྒྱུན་རྣམ་ཅན་གྱི་ཐོག་ནས་མཉེན་ཤང་ཉམས་ཞན་གྲོང་སྡེ་གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་ཇུས་གཞིར་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི་ལམ་ལུགས་དོན་འཁྱོལ་དང་། ཞིང་པའི་མཚན་མོའི་སློབ་གྲྭ་སྤྱི་འདོམས་སོགས་ཀྱི་བྱེད་སྒོ་དོན་འཁྱོལ་ནན་པོ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། སྲིད་ཇུས་བཤད་པ། བྱ་བའི་ཐད་གྲོས་བསྡུར་བཅས་བྱས་ནས་ཏང་ཀྲི་པུའུ་ཡི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་། དཔྱད་བསྡུར་གསུམ་དང་ལྟ་བ་གསུམ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་མང་ཚོགས་ཀྱིས་ཏང་གི་དྲིན་གཟོ་ཤེས་པ་དང་མེས་རྒྱལ་ལ་དགའ་ཞེན་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། སྤུས་ཚད་ནས་མགོ་བཙུགས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། ཏང་ཡོན་གྱི་གྲུབ་ཆ་ལེགས་སུ་གཏོང་བ།གྲོང་སྡེའི་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་མཁན་གྱི་ཧུར་བརྩོན་པ12གསོ་སྦྱོང་བྱེད་རོགས་བྱས་ཤིང་། ཏང་ཡོན6འཕེལ་རྒྱས་གཏོང་བ་བཅས་བྱས། ཞབས་ཞུ་ནས་མགོ་བཙུགས་ཏེ་ཏང་ཡོན་གྱི་རོགས་སྐྱོར་ལས་དོན་ལ་སེམས་ཁུར་དང་གཅེས་སེམས་རོགས་སྐྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དུས་ཚིགས་རེར་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་སྐྱོར་བྱས་ནས་བདེ་སྐྱིད་སྟེར་བ། སྒོ་རྩར་བསྐྱོད་དེ་རོགས་སྐྱོར་ཐེངས70ལྷག་ཙམ་བྱས་པ། དྲིན་གཟོའི་སློབ་གསོ་ཐེངས60ལྷག་ཙམ་དང་ཏང་ཡོན་གསོ་སྦྱོང་ཐེངས40ལྷག་ཙམ་སྤེལ་ཡོད། གཞི་རིམ་གྱི་བཙན་རྫོང་ཟམ་མི་ཆད་པར་བརྟན་དུ་བཏང་བ་བཅས་རེད།

ཐོག་མའི་བསམ་འདུན་མི་བརྗེད་པར།། དབུལ་ཐར་འགན་འཁྲི་ཡིད་ལ་བཅངས།
བསམ་ཕྱོགས་བསྒྱུར་ནས་ཕྱུག་འགྱུར་ལམ་བུ་འཚོལ།

དབུལ་སྐྱོར་དེ་གཞན་བརྟེན་ཙམ་མ་ཡིན་པ་རང་བརྟེན་གྱི་འདུ་ཤེས་སྔར་བས་མཐའ་འཁྱོངས་བྱས་ནས་ཞིང་དུད་ལ་ཞིང་ལས་གཞན་སྒྱུར་རིམ་སྤོར་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བཅས་བྱས་ཏེ་གྲོང་སྡེར་སློབ་ཁྲིད་བྱེད་པའི་རྩལ་ནུས་གསོ་སྦྱོང་བྱས་མཐར།ཆུ་ཁོལ་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། སྔ་རྗེས་སུ་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་དང་། སྦྲ་ནག་གི་དྲན་སེམས། མིའི་ཐབས་ཀྱིས་རྨོས་འདེབས་བྱས་པའི་གཟན་རྩྭའི་རྟེན་གཞི་མུའུ500འཛུགས་སྐྱོང་བྱས་ཤིང་། བདེ་སྐྱིད་སྨན་ལམ་ཆུ་ཚན་ཞབས་ཞུའི་ས་ཚུགས་བཅས་ཐོན་ལས་ཆེན་པོ་བཞི་སྐྱེད་སྲིང་བྱས་ཡོད། མཉམ་སྡེབ་དཔལ་འབྱོར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི60ལྷག་ཙམ་ལ་ཟིན་ནས་མང་ཚོགས་ཀྱི་ལོ་རེར་སྒོར2500ལྷག་ཙམ་རག་སྟེ་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་མི་སེར་གྱི་འཚོ་བ་རིམ་བཞིན་ཕྱུག་ཏུ་ཕྱིན་ཡོད་པ་རེད།

ཁོས་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དགོས་མཁོ་དེ་ཚད་གཞི་ཨང་དང་པོར་བརྩི་དགོས་པ་དང་། མང་ཚོགས་ཀྱི་ཆེད་དུ་ལྷག་བསམ་ཟོལ་མེད་ངང་བྱ་བ་དངོས་སུ་བསྒྲུབས་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་གནད་སེལ་པ། རྒྱུན་འཁྱོངས་ལྷོད་མེད་ངང་བྱ་བ་བཟང་པོ་སྒྲུབ་པ་བཅས་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲོགས་པོ་བཟང་པོ་ཞིག་བྱེད་དགོས་པ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་རེད་ཅེས་བཤད། །



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དར་མདོ་དང་ལྕགས་ཟམ་རྫོང་དུ་དུས་ཆེན་སྔོན་གྱི་འགྲིམ་འགྲུལ་ཤར་གཏོང་འགན་ལེན་དང་རིམས་ནད་འགོག་ཟོན་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲི
  • ལེ་ཚན་རྗེས་མ།:བོད་གྲོང་གི་རི་ལུང་དུ། དྲིན་གཟོ་ཡི་རོལ་དབྱངས་དཀྲོལ།
  • དོ་སྣང་ཆེ་བའི་རྩོམ།