ཧྲེན་དབྱང་གིས་དར་མདོ་དང་ལྕགས་ཟམ་རྫོང་དུ་དུས་ཆེན་སྔོན་གྱི་འགྲིམ་འགྲུལ་ཤར་གཏོང་འགན་ལེན་དང་རིམས་ནད་འགོག་ཟོན་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-06

ཁུལ་ཡོངས་ཀྱི་མི་དམངས་ཚོར་སྤྲོ་སྐྱིད་དང་འཆམ་མཐུན། ཉེན་མེད་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་ཞེས་གསུངས།

ཧྲེན་དབྱང་གིས་དར་མདོ་དང་ལྕགས་ཟམ་རྫོང་དུ་དུས་ཆེན་སྔོན་གྱི་འགྲིམ་འགྲུལ་ཤར་གཏོང་འགན་ལེན་དང་རིམས་ནད་འགོག་ཟོན་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲི
ཧྲེན་དབྱང་གིས་ཕག་མོ་རིའི་གདན་ཐོག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་འཚོང་ས་རུ་ཡུལ་སྐོར་ཞབས་ཞུའི་འགན་ལེན་ལས་ཀར་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱེད་བཞིན་པ།

   ཧྲེན་དབྱང་གིས་ཕག་མོ་རིའི་གདན་ཐོག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་འཚོང་ས་རུ་ཡུལ་སྐོར་ཞབས་ཞུའི་འགན་ལེན་ལས་ཀར་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱེད་བཞིན་པ། སྤྱི་ཟླ4པའི་ཚེས29ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་དུ་ཕེབས་ཏེ“ལྔ་གཅིག”དུས་ཆེན་སྔོན་རང་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་དང་རིམས་ནད་འགོག་ཟོན་ཚོད་འཛིན། ཡུལ་སྐོར་ཞབས་ཞུ་འགན་ལེན། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱས་པ་དང་འབྲེལ། ལས་ཡུལ་དང་པོའི་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་དང་། ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན་ཞིབ་བཤེར་བྱེད་སའི་ནང་ཞུགས་ཡོད། ཧྲེན་དབྱང་སྔ་རྗེས་སུ་དར་མདོ་གྲོང་ཁྱེར་གྱི་གངས་ཆུ་ཟམ་པ་དང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཞབས་ཞུའི་ས་ཚུགས། ཕག་མོ་རིའི་གདན་ཐོག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་འཚོང་ས་དང་། ལྷ་ལུང་བྱམས་པའི་མགྲོན་ཁང་ཆེན་མོ། དར་མདོའི་གཡག་རྭ་ལྟག་སྒོའི་རླངས་འཁོར་འཇོག་ས། ལྕགས་ཟམ་རྫོང་འཇའ་ཚོན་ཟམ་པའི་ལམ་མདོར་ཡོད་པའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཞབས་ཞུའི་ས་ཚུགས་སོགས་ལ་ཕེབས་ནས་གུང་གསེང་སྐབས་སུ་རང་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་དང་ཡུལ་སྐོར་ཞབས་ཞུའི་འགན་ལེན། རིམས་ནད་འགོག་ཟོན་ཚོད་འཛིན། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག དེ་བཞིན་རླངས་འཁོར་འཇོག་སར་འགན་ལེན་གྲ་སྒྲིག རླངས་འཁོར་འགྲོ་སྐྱོད་འགན་ལེན་གྲ་སྒྲིག་སོགས་ཀྱི་ལས་དོན་ལ་ཆརྒྱུས་ཞིབ་ཕྲ་གནང་བ་རེད། ཧྲེན་དབྱང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་བླང་བྱ་གསར་པ་དོན་འཁྱོལ་ནན་པོ་བྱས་ཏེ་སྔ་མ་ནང་བཞིན་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བ་དང་ལུས་ཁམས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་མགྲོན་ཁང་དང་ཟ་ཁང་སོགས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་དུ་ཞིང་ཆེན་དང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཀའ་རྒྱ་དྲིལ་བསྒྲགས་སྔར་ལས་ལྷག་པ་བྱ་དགོས། ཉེན་མེད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཉེན་རྟོག་པ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཤིང་། འགྲིམ་འགྲུལ་ཁྲིད་སྟོན་དང་གཞུང་ལམ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་འགྲོ་འོང་བདེ་མོ་ཡོང་བར་འགན་ལེན་བྱ་དགོས། གུང་གསེང་སྐབས་ཀྱི་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ཡུལ་སྐོར་འགན་ལེན་ཇུས་གཞི་དང་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་ཡུལ་སྐོར་ཉེན་ཁའི་དོན་རྐྱེན་སྣ་ཚོགས་ཐོན་རྒྱུར་ནན་འགོག་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་སྤྲོ་སྐྱིད་དང་འཆམ་མཐུན། ཉེན་མེད་བཅས་ཡིན་པའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་ཞེས་གསུངས་པ་རེད། ཁུལ་ཨུའི་འབྲེལ་གཏུག་དྲུང་ཡིག་ཆེན་མོ་གཞོན་པ་དང་། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གི་འགན་འཁུར་བ། ཁུལ་་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཞིབ་བཤེར་བྱེད་སའི་ནང་ཞུགས་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:ཐོག་མའི་བསམ་འདུན་མི་བརྗེད་པར།། དབུལ་ཐར་འགན་འཁྲི་ཡིད་ལ་བཅངས།
  • དོ་སྣང་ཆེ་བའི་རྩོམ།