དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

        2021-04-29

     སྤྱི་ཟླ4པའི་ཚེས28ཉིན། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༡༠༠འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་རེད། སློབ་གྲྭས་སློབ་མའི་ཡིག་གཟུགས་འགྲན་སྡུར་འདི་བརྒྱུད་ནས་སློབ་མའི་ཡིག་གཟུགས་ཀྱི་གཞི་རྩའི་རྩལ་ནུས་ལ་ལྟ་ཞིབ་བྱས་ཏེ། ཡིག་གཟུགས་ལ་བཅངས་པའི་སྤྲོ་བ་སྔར་ལས་འཕེལ་བར་བྱས་ཤིང་། དུས་མཚུངས་སུ་བྱེད་སྒོ་སྤེལ་བ་བརྒྱུད་ཁོང་ཚོར་རང་ཉིད་ཀྱི་ནུས་རྩལ་ངོམ་སའི་སྟེགས་བུ་ཞིག་ཀྱང་བསྐྲུན་ཡོད། ཕན་ཚུན་རོགས་རེས་དང་སྐྱོན་སྤང་དགེ་སྒྲུབ་བྱེད་ནས་སློབ་གྲྭའི་རིག་གནས་ལ་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་དུས་ཆེན་གཉིས་འདི་ལྟར་བསུ།

     འགྲན་སྡུར་ཡུལ་དངོས་སུ། དགེ་རྒན་དབང་དགའ་དང་དགེ་རྒན་བསོད་ནམས་དབང་རྒྱལ། དགེ་རྒན་བསྟན་པ། དགེ་རྒན་པད་མ་བཟང་མོ། དགེ་རྒན་འཇམ་དབྱངས་ཆོས་གྲགས། དགེ་རྒན་དཔག་བསམ་དོན་འགྲུབ་སོགས་དགེ་རྒན་གང་མང་གིས་དཔྱད་འདེམས་གནང་ཞིང་། འགྲན་ཞུགས་ཀྱི་རིམ་པ་ནི། དམའ་གཅིག་ཚན་སྐོར་དང་། དམའ་གཉིས་ཚན་སྐོར། དམའ་གསུམ་ཚན་སྐོར། མཐོ་འབྲིང་ཚན་སྐོར་བཅས་ཡིན་ཞིང་། ཨང་དང་པོའི་བྱ་དགའ་བརྒྱད་དང་། ཨང་གཉིས་པའི་བྱ་དགའ་ཉེར་བཞི། ཨང་གསུམ་པའི་བྱ་དགའ་སུམ་ཅུ། ཕུལ་བྱུང་བྱ་དགའ་གང་མང་བཅས་ཐོབ་ཡོད་པ་རེད།

དཔག་བསམ་དོན་གྲུབ་ཀྱིས་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་ཁྱད་ཆོས་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།
  • དོ་སྣང་ཆེ་བའི་རྩོམ།