ཧྲེན་དབྱང་གིས་ལི་ཐང་རྫོང་གྱང་པ་གྲོང་རྡལ་གྱི་ནགས་ཚལ་མེ་གསོད་ལས་ཀར་བཀོད་འདོམས་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-04-28

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་དུ་ལག་བསྟར་དོན་འཁྱོལ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་དམག་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་དགོས་ཞེས་བླང་བྱ་བཏོན།

ཧྲེན་དབྱང་གིས་ལི་ཐང་རྫོང་གྱང་པ་གྲོང་རྡལ་གྱི་ནགས་ཚལ་མེ་གསོད་ལས་ཀར་བཀོད་འདོམས་གནང་།

ཧྲེན་དབྱང་གིས་ལི་ཐང་ནགས་ཚལ་མེ་སྐྱོན་འགོག་གསོད་ལས་ཀར་ཁྲིད་སྟོན་གནང་བཞིན་པའི་ཚུལ་རེད།

སྤྱི་ཟླ4ཚེས24ཉིན་གྱི་ཆུ་ཚོད15ཡས་མས་སུ་ལི་ཐང་རྫོང་གྱང་པ་གྲོང་རྡལ་དུ་གློ་བུར་དུ་ནགས་ཚལ་མེ་སྐྱོན་ཤོར་བ་རེད། མེ་སྐྱོན་ཤོར་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དེ་མ་ཐག་ཏུ་མེ་སྐྱོན་ཤོར་ཡུལ་དུ་ཕེབས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་བྱས་ཤིང་མེ་སྐྱོན་ཤོར་ཡུལ་དུ་མེ་སྐྱོན་སེལ་བའི་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། ཧྲེན་དབྱང་གིས་ཚེ་སྲོག་གོང་བཀུར་དང་ཉེན་མེད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒྲིག་འཛུགས་གོ་རིམ་ཡོད་ལ། ཚན་རིག་དང་མཐུན་པར་མེ་བསད་ནས་ནུས་ཤུགས་ཡོད་རྒུས་མེ་ཁྱབ་མཆེད་འགྲོ་བར་ཚོད་འཛིན་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་དམག་འཐབ་དྲག་པོ་མཐའ་གཅིག་ཏུ་བརྒྱག་དགོས་ཞེས་ནན་གསུང་གནང་བ་རེད།

སྤྱི་ཟླ4པའི་ཚེས25ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་ཧྲེན་དབྱང་གིས་ཁུལ་གྱི་ལས་དོན་ཚོགས་ཆུང་ཁྲིད་ནས་མེ་སྐྱོན་ཤོར་ཡུལ་དུ་སླེབས་ནས་ཡུལ་དངོས་སུ་མེ་སྐྱོན་ཤོར་ཚུལ་ལ་ལྟ་ཞིབ་དང་མེ་སྐྱོན་གྱི་གནས་ཚུལ་ཞིབ་གཅོད། རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་དང་མེ་གསོད་ལས་དོན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་རྗེས་གྱང་པ་གྲོང་རྡལ་དུ“4.24”ནགས་ཚལ་མེ་སྐྱོན་འཚུབ་བསྟུན་མྱུར་སྐྱོབ་བཀོད་འདོམས་པུའུ་ཡི་ཚོགས་འདུ་གཙོ་སྐྱོང་བྱས་ནས་མེ་གསོད་ལས་དོན་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་རེད།

ཧྲེན་དབྱང་གིས་ཚེ་སྲོག་གོང་བཀུར་དང་ཉེན་མེད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས“སྔོན་སྤེལ་གསུམ་དང་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་མི་སྣ་གཅིག་ཀྱང་ཤི་རྨས་མི་བྱུང་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུང་དགོས་པའི་བླང་བྱ་བཏོན་པ་རེད། བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་མེ་གསོད་ལས་ཀར་ཕན་འབྲས་མཐོན་པོར་ཐོབ་པའི་འཁོར་སྐྱོད་དང་སྒྲིག་འཛུགས་གོ་རིམ་ཡོད་པར་འགན་ལེན་བྱ་དགོས། མེ་སྐྱོན་གྱི་གནས་ཚུལ་གནད་ལ་འཁེལ་བ་བརྡར་ཤ་བཅད་ནས་ཕན་ཡོད་ཀྱི་མེ་གསོད་ཀྱི་གོ་སྐབས་ཁོང་དུ་ཆུད་པ་བྱེད་པ་དང་།སྟོབས་ཤུགས་སྤྱི་འདོམས་བྱེད་པ། ཚན་རིག་དང་མཐུན་པ་ངང་མེ་གསོད་པ་བཅས་བྱ་དགོས། དངོས་རྫས་བཀོད་གཏོང་དང་སྨན་བཅོས་རོགས་སྐྱོབ། འགྲིམ་འགྲུལ། འཕྲིན་གཏོང་སོགས་རྒྱབ་ཕྱོགས་ཀྱི་འགན་སྲུང་ཞབས་ཞུ་ཡག་པོ་བསྒྲུབ་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱ་དགོས། མ་མཐའི་མཚམས་ཐིག་གི་བསམ་གཞིག་ཇེ་དྲག་ཏུ་བཏང་ནས་བསླབ་བྱ་དང་ལེན།དཔེ་གཅིག་གིས་དོན་བརྒྱ་མཚོན་པ། ནན་འགོག་ནན་སྲུང། སྔོན་ནས་འགོག་ཟོན་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སླར་ཡང་མི་ཤོར་བར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། གྱོད་གཞི་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་གྱོད་གཞི་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་མེ་སྐྱོན་བྱུང་རྐྱེན་གང་མགྱོགས་སུ་རྩད་ཆོད་ཐུབ་པ་བྱ་དགོས།

ཚེས25ཉིན་གྱི་ཆུ་ཚོད6པ་ཡས་མས་སུ་ཧྲེན་དབྱང་སླར་ཡང་མེ་སྐྱོན་ཤོར་ཡུལ་གྱི་ལྷོ་བྱང་གཉིས་སུ་ཕེབས་ཏེ་མེ་གསོད་ལས་དོན་ལ་སྔར་བས་བཀོད་འདོམས་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་དང་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་ཧྥུའུ་པའོ། ལི་ཐང་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཞུགས་ཡོད་པ་རེད།

མིག་སྔར་མེ་གསོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་མེད་པ་དང་མེ་སྐྱོན་རྒྱུ་རྐྱེན་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།།




  • ལེ་ཚན་སྔོན་མ།:ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་ཁྱད་ཆོས་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན།
  • དོ་སྣང་ཆེ་བའི་རྩོམ།