རང་ཁུལ་མི111ལ་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཐོབ།

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2021-04-23

རང་ཁུལ་མི111ལ་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཐོབ།

    སྤྱི་ཟླ4པའི་ཚེས22ཉིན་སི་ཁྲོན་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུའི་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་ཡུལ་དུ་བྱུང་བའི་སྔོན་ཐོན་ཐུན་མོང་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། “གོང་འོག་སེམས་པ་མཐུན། དཀའ་སྤྱད་འབད་འཐབ་བྱེད། གནད་སྨིན་དོན་དངོས་གཉེར། གསར་གཏོད་གསར་སྐྲུན་བྱེད། འགག་སྒྲོལ་དཀའ་ངལ་སེལ། དམངས་ཀྱི་རེ་འདུན་སྐོང་”ཞེས་པའི་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་སྙིང་རུས་བྱས་ཏེ་ཡུལ་སྡེ་དར་རྒྱས་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འབུལ་དགོས། དཀར་མཛེས་ཁུལ་གྱི་བློ་མཐུན10དང་ཐུན་མོང་ལས་ཁུངས7ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་པ་དང་། བློ་མཐུན111དང་ཐུན་མོང་ལས་ཁུངས71ལ་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐོབ་ཡོད་པ་རེད།

རང་ཁུལ་མི111ལ་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཐོབ།

    2015ལོ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་ཐུགས་ཁུར་འོག།  དཀར་མཛེས་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་གཙང་སེལ་བྱས་ཏེ། དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ཚེགས་ཁྲོད་ཀྱི་དཀའ་གནད་བསལ་བར་བརྟེན། རྫོང་དང་གྲོང་ཁྱེར18ཚང་མ་དབུལ་པོའི་གྲས་ནས་ཕུད་ཡོད་པ་དང་། གྲོང་སྡེ་དབུལ་པོ1360ཚང་མ་དབུལ་ཐར་བྱུང་ཡོད་ཅིང་། མང་ཚོགས་དབུལ་པོ་ཁྲི22.55ཚང་མ་དབུལ་ཐར་བྱུང་ཡོད་ལ།  དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་སྤྱི་ཁོག་དབུལ་པོ་མེད་པར་བཟོས་པས། དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་རེད།

    ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་མ་འཚོག་གོང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱང་ཆུབ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་བཅས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཅིག་བསྡུས་ཀྱིས་འཚམས་འདྲི་གནང་བ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚང་མར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ལོ་མང་རིང་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པའི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།།



  • ལེ་ཚན་སྔོན་མ།:གཞུང་ལམ་འདི་གཉིས་ལ་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར7ལྷག་གཏང་རྒྱུ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཤིག་མཐོང་།
  • དོ་སྣང་ཆེ་བའི་རྩོམ།