གཞུང་ལམ་འདི་གཉིས་ལ་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར7ལྷག་གཏང་རྒྱུ།

ཐུབ་ཀྱིས་བསྒྱུར།        2021-04-22

     ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་རང་ཁུལ་གྱི་མཐུད་འཛུགས་ལས་གཞི་རྒྱལ་ལམ318པའི་དར་མདོའི་རྒྱུ་ལའི་ཕུག་ལམ་གཞུང་ལམ་ཨར་ལས་དང་རྒྱལ་ལམ318པའི་དར་མདོ་བརྒྱུད་མཚམས་ཀྱི་གཞུང་ལམ་ཨར་ལས་ཏེ་བོད་ཞུགས་གཞུང་ལམ་གཉིས་སྐྲུན་ཡས་ཀྱི2021ལོའི་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་འཇོག་པའི་འཆར་གཞི་ཚན་པ་དང་པོའི་སྒོར་ཁྲི71979སྤྲད་པ་རེད།

     རྒྱལ་ལམ318པའི་དར་མདོའི་རྒྱུ་ལའི་ཕུག་ལམ་གཞུང་ལམ་ཨར་ལས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ9.94ཡོད་པ་དང་།གཞུང་ལམ་རིམ་པ་གཉིས་པའི་ལག་རྩལ་ཚད་གཞི་སྤྱད་ཅིང་མ་དངུལ་བསྡོམས་འབོར་ཧ་ལམ་སྒོར་ཁྲི145500གཏང་དགོས་ལ།དེའི་ཁྲོད་དུ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་སྒོར་ཁྲི109125ཡིན་པ་རེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ད་ཐེངས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་སྒོར་ཁྲི32029སྤྲད་ནས་ད་བར་ལས་གཞི་འདིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་ཡོངས་སུ་རྫོགས་པ་རེད།

     རྒྱལ་ལམ318པའི་དར་མདོ་བརྒྱུད་མཚམས་ཀྱི་གཞུང་ལམ་ཨར་ལས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ13ཡོད་ཅིང་། གཞུང་ལམ་རིམ་པ་གཉིས་པའི་ལག་རྩལ་ཚད་གཞི་སྤྱད་ཅིང་མ་དངུལ་བསྡོམས་འབོར་སྒོར་ཁྲི106600གཏང་དགོས་ལ། དེའི་ཁྲོད་དུ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་སྒོར་ཁྲི79950ཡིན་པ་རེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ད་ཐེངས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་སྒོར་ཁྲི39950སྤྲད་ནས་ད་བར་ལས་གཞི་འདིའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་ཡོངས་སུ་རྫོགས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཞུགས་གཞུང་ལམ་ལས་གཞི་གཉིས་ལག་ལེན་བྱས་རྗེས། ཁྲོན་བོད་གཞུང་ལམ་གྱི་འགྲོ་ལམ་སྔར་བས་འཐུས་ཚང་དུ་འགྲོ་ཐུབ་པ་དང་། སྐྱེལ་འདྲེན་ནུས་པ་ཇེ་ཆེ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་འགྲོ་ཐུབ་ལ།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། ལམ་རྒྱུད་ཀྱི་ཐོན་ཁུངས་ཁྱད་འཕགས་ཐོན་འབྱེད་བེད་སྤྱོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བ་ལ་ནུས་པ་གལ་ཆེན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:བོད་ཀྱི་ཕོ་གསར་ཞིག་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད་པ།
  • ལེ་ཚན་རྗེས་མ།:རང་ཁུལ་མི111ལ་ཞིང་ཆེན་དབུལ་ཐར་འགག་སྒྲོལ་གྱི་གཟེངས་བསྟོད་ཐོབ།
  • དོ་སྣང་ཆེ་བའི་རྩོམ།