རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གསར་བརྗེའི་གནས་གཞི་གྲོང་ཁྱེར།

        2021-04-19

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གསར་བརྗེའི་གནས་གཞི་གྲོང་ཁྱེར།

གླུ་ཡི་མིང་།

《གྲོང་གསར་བསྐོར།》

གངས་རིར་ཤར་བའི་ཉི་མ་དམར་པོས།

ལྷ་སའི་གྲོང་ལ་གསེར་འོད་འཕྲོས།

འོས་ལངས་ཞིང་བྲན་གྱིས་གཟབ་འཕྱོར་སྤྲས།

ཕ་དང་བུ་མོས་གྲོང་གསར་བསྐོར་ཡ།

བུ་མོ་སྔོན་ལ་འགྲོ་བཞིན་ཡོད་འོ།།

གོམ་སྟབས་འཚུབ།

མི་རྒན་ང་རྗེས་ལ་བརྒྱུགས་ནས་འོ།།

རྔུལ་ཆུ་འབབ།

ལྷ་སའི་རྣམ་པ་གསར་པར་ལྟ་འདོད་ཡོད།

གོམ་ཆེན་སྤོས་ནས་རྗེས་ལ་འབྲང་དགོས་ཡེ།

ཡེ་ཡེ། ཐོག་ཁང་འདི་ནི་ཧ་ཅང་ཡ་མཚན་ཆེ།

དུད་ཁུང་མཐོ་ལ་སྒོ་ཁར་ཤིང་གི་སྒོ་

བྱང་བཀལ་ཡོད་ཡ།

བཟོ་གྲྭ་གསར་པར་ཐོན་སྐྱེད་བྲེལ།

ལྷ་ས་ཉིན་བཞིན་འགྱུར་ལྡོག་འགྲོ།

ཞིང་ལས་འཕེལ་ཆེན་ཡོང་བའི་ཆེད།

བཟོ་པ་ཨ་ཇོས་རོགས་རམ་བྱེད་ཐག་བཅད།

ཨ་ཕ་ཡེ། ཡེ། མགྱོགས་པ་འགྲོ།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

བུ་མོ་ཡེ། ཡེ། ང་སྒུག་དང་།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

མགྱོགས་པ་འགྲོ་དང་། མགྱོགས་པ་རྒྱུགས་ཡ།

འོ་ཡ་ཡ་ཡ་ཡ་ཡ།

ཡེ། ཡེ། གཞུང་ལམ་ཐོག་ལ་ཐལ་བ་ཕྱུར་དོན་ཅི།

ལྷ་སའི་གྲོང་ལ་མི་མང་འཛོམས་དོན་ཅི་ཡ།

ཞིང་འབྲོག་དངོས་རྫས་བརྗེ་རེས་ཆེ།

གྲོང་ཁྱེར་ཡུལ་སྡེ་དམ་པོར་སྦྲེལ།

རྡོག་རྩ་གཅིག་སྒྲིལ་གྱིས་རོགས་རེས་བྱས།

ཐོན་སྐྱེད་འཕེལ་རྒྱས་འཚོ་བ་ཡག་བྱུང་ཡ།

ཨ་ཕ་ཡེ། ཡེ། མགྱོགས་པ་འགྲོ།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

བུ་མོ་ཡེ། ཡེ། ང་སྒུག་དང་།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

མགྱོགས་པ་འགྲོ་དང་། མགྱོགས་པ་རྒྱུགས་ཡ།

འོ་ཡ་ཡ་ཡ་ཡ་ཡ།

ཡེ། ཡེ། གྲོང་ཁྱེར་ཕྱི་ནང་གླུ་སྐད་གྲག་དོན་ཅི།

མི་ཚོའི་གདོང་ལ་དམར་མདངས་རྒྱས་དོན་ཅི་ཡ།

སྒྲ་སྐྱེད་འཕྲུལ་ལས་ཏང་གི་སྐད་ཆ་གྲག་ཡ།

ཤེས་བྱ་རེ་རེ་སེམས་ལ་བཞག།

ཐབས་བརྒྱ་ཇུས་སྟོང་གིས་ཐོན་སྐྱེད་བྱེད།

ཧུར་སྐྱོད་ཀྱི་གླུ་སྒྲས་རི་ཀླུང་སྒུལ།

ཨ་ཕ་ཡེ། ཡེ། མགྱོགས་པ་འགྲོ།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

བུ་མོ་ཡེ། ཡེ། ང་སྒུག་དང་།

ཨོ། ལྷ་སའི་རྣམ་པ་གསར་པར་ལྟོས།

མགྱོགས་པ་འགྲོ་དང་། མགྱོགས་པ་རྒྱུགས་ཡ།

འོ་ཡ་ཡ་ཡ་ཡ་ཡ།

ཡེ། ཡེ། ཞིན་ཧྭ་དཔེ་ཁང་ཧ་ཅང་མཛེས།

མའོ་ཀྲུའུ་ཞིའི་ཚོན་པར་སྐུ་ཞིག་ཉོ་ཡ།

ཁོང་གིས་ང་ཚོའི་མགོ་ཁྲིད་ནས་

ཁྱིམ་བདག་བྱེད།

ཁོང་ནི་ཤར་ཕྱོགས་ཀྱི་ཉི་མ་དམར་པོ་རེད་ཡ།

ང་ཚོའི་སེམས་པ་དྲོ་ཞིང་གསལ་ལ་སོང་།

བདེ་སྐྱིད་ཀྱི་འཚོ་བ་ལོ་ཁྲིར་བརྟན་ཡ།

ལྷ་སའི་གནའ་གྲོང་ལ་གསེར་གྱི་མེ་ཏོག་བཞད།

རླབས་ཆེན་གུང་ཁྲན་ཏང་ལ་བཀའ་དྲིན་ཞུ།

གླུ་ཚིག་བརྩམས་པའི་ལོ་རྒྱུས།

《གྲོང་གསར་བསྐོར།》ཞེས་པ་ནི་ཉིས་ལེན་རོལ་དབྱངས་བརྩམས་ཆོས་དཔེ་མཚོན་གྲགས་ཅན་ཞིག་ཡིན་ཞིང་། བོད་རིགས་ཀྱི་བྲོ་བ་དང་ཁྱད་ཆོས་ཆེ་བའི་གླུ་དབྱངས་འདི་ཕོ་མོ་གཉིས་ཀྱིས་ལེན་རེས་བྱེད་ཐབས་སྤྱད་དེ། འོས་ལངས་ཞིང་བྲན་ཕ་དང་བུ་མོ་གཉིས་ཀྱི་གཟུགས་བརྙན་གསར་པ་བཞེངས་ཡོད་ཅིང་། ལྷ་སའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་དང་འཕོ་འགྱུར་གསར་པ་མཚོན་པ་དང་། དམངས་གཙོ་བཅོས་བསྒྱུར་གྱི་རྗེས་སུ་བོད་ལྗོངས་མི་དམངས་ཀྱི་སྤྲོ་སེམས་ཚད་མེད་དང་བོད་རིགས་མི་དམངས་ཀྱིས་གུང་ཁྲན་ཏང་ལ་དགའ་ཞེན་དང་བཀའ་དྲིན་ཞུ་བའི་བརྩེ་དུང་ལྷུག་བརྗོད་བྱས་ཡོད་ལ། འོས་ལངས་ཞིང་བྲན་གྱི་འཚོ་བ་གསར་པ་དང་དགའ་སྤྲོའི་བསམ་པ་གླུ་རུ་བླངས་ཡོད། གླུ་དབྱངས་ཀྱི་འགྱུར་ཁུགས་བྲོད་ཅིང་སྤྲོ་ལ་གཞས་གདངས་བོད་རིགས་ཀྱི་རོལ་དབྱངས་རྒྱུ་ཆ་ལས་འཕེལ་གྲུབ་བྱུང་བ་རེད།

རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།

《གྲོང་གསར་བསྐོར།》ཞེས་པ་ནི་སྤྱི་ལོ1959ལོར་ཐུན་མོང་གིས་གླུ་ཚིག་བརྩམས་ཤིང་། (ཏེང་ཞན་ཁེ་ཡིས་བྲིས།)ལི་ཁྲའེ་ཧྲུན་གྱི་གཞས་གདངས་བརྩམས་པ་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གླུ་པ་དང་གླུ་མ་གྲགས་ཅན་ཀྲང་ཞིན་མིང་དང་པེ་ཞིང་ཝུའུ(ད་ལྟའི་མིང་ལ་ཅང་ཞིང་ཝུའུ་ཟེར།)གཉིས་ཀྱིས་ལེན་པ་རེད། བོད་སྐད་ཀྱིས་གླུ་དབྱངས་འདི་ཐོག་མར་ལེན་མཁན་ནི་ཐུབ་བསྟན་དང་ཕུན་ཚོགས་སྒྲོལ་མ་གཉིས་ཡིན་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གསར་བརྗེའི་གནས་གཞི་གྲོང་ཁྱེར།

ཀ། ལོ་རྒྱུས་ཕྱིར་འདྲེན།

དམག་འཐབ་དྲག་པོ་བརྒྱབ་པའི་ལྕགས་ཟམ་གྱི་གཏམ་རྒྱུད་མི་རབས་ནས་མི་རབས་བར་དུ་བརྒྱུད།

དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་གཏམ་རྒྱུད་ལ། ཡའོ་ཞན་ཀུའེ་ཡིས་སྤོ་བོ་ལགས་དང་ཨ་ཕའི་ས་ནས་ག་ཚད་ཉན་མྱོང་བ་མི་ཤེས་ཤིང་། ད་ལྟ་ཁོས་ཡང་བསྐྱར་རང་གི་བྱིས་པ་དང་ཡུལ་སྐོར་བར་བཤད་དང་བཆད་བཞིན་ཡོད་པ་རེད།

1935ལོའི་སྤྱི་ཟླ5པའི་ཚེས25ཉིན། དམར་དམག་ཨན་ཧྲུན་ཁྲང་ནས་གཙང་པོ་དྲག་ཏུ་བརྒལ་ཞིང་། གོ་མིང་ཏང་གི་དམག་དཔུང་གིས་མཐའ་སྐོར་རྗེས་འདེད་བྱས་ནས་བཀག་པའི་མདུན་དུ། རྦ་རླབས་དྲག་ཏུ་འཕྱུར་བའི་རྒྱལ་རོང་རྒྱག་མོ་རྔུལ་ཆུའི་ཁུག་ཏུ་གྲུ་ཉུང་ལ་མི་མང་བའི་དམར་དམག་གི་མདུན་དུ་ལྷགས་པའི་གནས་བབ་ཧ་ཅང་ཛ་དྲག་ཆེ་བ་རེད། སྤྱི་ཟླ5བའི་ཚེས26ཉིན། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། ཀྲུའོ་ཏེ་སོགས་ཀྱིས་དེ་མ་ཐག་གཡས་གཡོན་གཉིས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བར་དུ་བཙིར་ནས་ལྕགས་ཟམ་ལེན་རྒྱུའི་གྲོས་ཐག་བཅད་པ་རེད།

དེའི་སྐབས་སུ་ལྕགས་ཟམ་ནི་གོ་མིང་ཏང་གི་མདའ་ཤོག་གཉིས་ཀྱིས་བསྲུངས་ནས་ཡོད་པའི་ཐོག་སྟོང་ཤོགས་གཉིས་དཔུང་རོགས་སུ་བཏང་ནས་དམར་དམག་བྱང་དུ་བསྐྱོད་པར་བཀག་འགོག་བྱེད་པའི་རེ་ངན་བཅངས།

1935ལོའི་སྤྱི་ཟླ5པ་ཚེས28ཉིན་གྱི་ཞོགས་པར། བཀའ་འབྱོར་བའི་དམར་དམག་མདའ་ཤོག་བཞི་པའི་དཔོན་དམག་གིས་དཔུང་རོགས་བྱེད་པའི་དགྲ་དམག་དང་འགྲན་བསྡུར་ནང་བཞིན་མདུན་སྐྱོད་བྱས་ཏེ། དྲག་ཆར་འབབ་ཅིང་རི་ལམ་ཀྱག་ཀྱོག་འདམ་རྫབ་ཀྱི་གནས་ཚུལ་འོག་བཀྲེས་ལྟོགས་དང་ངལ་དུབ་ཀྱིས་མནར་ནའང་མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་མ་བཞག་སྟེ། ཉིན་མཚན་སྦྲེལ་ནས་ལེ་དབར240བསྐྱོད་མཐར། སྤྱི་ཟླ5པའི་ཚེས29ཉིན་གྱི་ཐོ་རེངས་སུ་ལྕགས་ཟམ་གྱི་ནུབ་ངོགས་སུ་སླེབས། སྐབས་དེར་སྨི་བརྒྱ་ལྷག་ཙམ་ཡོད་པའི་ལྕགས་ཟམ་ཐོག་དགྲ་བོས་སྨི་བརྒྱད་ཅུ་ལྷག་ཙམ་གྱི་ཟམ་གདན་བཤིག་ཟིན་པ་རེད།

ཛ་དྲག་གི་གནས་བབ་འདི་ལ་དམིགས་ནས། ཐག་རིང་དུ་འཇབ་རྒོལ་བྱེད་པའི་དམར་དམག་མདའ་ཤོག་བཞི་བས་ངལ་དུབ་ལ་མ་འཛེམས་པར་མདའ་དཔོན་དང་ཆབ་སྲིད་ཨུ་ཡོན་གཉིས་ཀྱིས་བཀོད་འདོམས་འོག་མྱུར་དུ་ཕྱོགས་ཀུན་ནས་ཕར་རྒོལ་བྱས་པ་རེད། དེ་མ་ཐག་ཏུ་མེ་སྒྱོགས་ཀྱི་སྒྲ་དང་གསོད་སྒྲས་གྲོག་རོང་ཡོངས་སུ་ཁེངས། འཕྲལ་རྒོལ་རུ་ཁག་གི་འགན་འཁུར་བའི་བརྒྱ་ཤོག་གཉིས་པ་དེ་བརྒྱ་དཔོན་གྱིས་སྣེ་ཁྲིད་འོག་དཔའ་བོ22ཀྱིས་ལག་ཏུ་མེ་མདའ་བཟུང་བ་དང་ཕྲག་ལ་གྲི་ཐུང་ཁྱེར། སྐེད་ལ་ལག་འབོམ་བཏགས།ཤར་འགྲམ་གྱི་དགྲ་བོའི་མེ་ཤུགས་གདོང་མཆོངས་བྱས་ནས་ལྕགས་ཟམ་ཐོག་ཏུ་པང་ལེབ་བཏིང་སྟེ་གོག་བགྲོད་བྱས་ནས་མདུན་དུ་བསྐྱོད། འཕྲལ་རྒོལ་རུ་ཁག་གིས་ཚུར་རྒོལ་བྱས་རྗེས་དགྲ་བོས་ཟམ་མགོར་མེ་བཏང་སྟེ་རང་དམག་མདུན་དུ་སྐྱོད་པར་བཀག་འགོག་བྱེད་པའི་ངན་སེམས་བཅངས། སྐབས་དེ་དུས་ཤར་འགྲམ་གྱི་རང་དམག་ཀྱང་ལྕགས་ཟམ་གྱི་ཐོག་ཏུ་འབྱོར་ནས་མགྱོགས་མྱུར་ངང་མེ་བསད་ཅིང་། ངོགས་གཉིས་ཀྱི་དམར་དམག་གིས་བཙིར་རྒོལ་བྱས་པར་བརྟེན། ཟམ་པ་སྲུང་བའི་དགྲ་བོ་སྐོར་ཞིག་རང་དམག་གིས་ཚར་བཅད་པ་དང་སྐོར་ཞིག་བྲེལ་འཚུབ་ངང་བྲོས། ལྕགས་ཟམ་གྱི་དམག་འཐབ་ཆུ་ཚོད་གཉིས་རིང་རྒྱུན་མཐུད་ངང་བརྒྱབ།

“སྤོ་བོ་ལགས་ཀྱིས་སྐབས་དེ་དུས་ང་ཚོ་ལྕགས་ཟམ་གྱི་ནུབ་ངོགས་སུ་སྡོད་མཁན་ཞིང་དུད་བཅུ་གྲངས་ཀྱིས་དམར་དམག་ལ་སྒོ་པང་ཞལ་འདེབས་ཕུལ་ཡོད”ཅེས་བཤད། ཡའོ་ཞན་ཀུའེ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དམར་དམག་གིས་ལྕགས་ཟམ་དེ་བདེ་བླག་ངང་འཕྲོག་པ་དེས་ཅང་ཅེ་ཧྲིས་དམར་དམག་འདི་ཉིད་ཧྲི་ཏ་ཁའེ་ཡི་ཕུགས་འདུན་གཉིས་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་དེ་སྟོང་ཟད་དུ་བཏང་བ་རེད་ཅེས་བཤད།

དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོའི་རྡོ་རིང་གླིང་གའི་ཐང་ཆེན་དུ་ཀ་གྲུ22ཀྲོང་ངེར་འགྱིང་ཡོད་པ་དེས་ལྕགས་ཟམ་མྱུར་འཕྲོག་བྱེད་མཁན22ཀྱི་དཔའ་བོ་མཚོན་གྱི་ཡོད་མོད། འོན་ཀྱང་ཀ་དབྱིབས5ཡི་ཐོག་མ་གཏོགས་དཔའ་བོའི་མིང་བཀོད་མེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེ་དུས་ཀྱི་ལྕགས་ཟམ་དམག་འཁྲུག་བྱུང་རྗེས་དམག་དཔུང་མུ་མཐུད་ནས་མདུན་སྐྱོད་བྱེད་རིང་དཔའ་བོ་མང་པོའི་མིང་རྣམས་ཟིན་ཐོར་བཀོད་མེད་ཅིང་། དེ་རྗེས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་བློ་མཐུན་མང་པོ་ཞིག་སྔ་རྗེས་སུ་སྐུ་གཤེགས་པ་རེད།

ལྕགས་ཟམ་མྱུར་འཕྲོག་བྱས་པ་དེ་ཀྲུང་གོ་གུང་ཁྲན་ཏང་རྒྱང་སྐྱོད་སྐབས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་དང་པོ་དང་གཉིས་པ། བཞི་པ་ལྷན་དུ་འཛོམ་རྒྱུ་མངོན་འགྱུར་ཡོང་ཆེད།མཐར་བྱང་དང་ཧྲན་བྱང་གི་རྒྱང་སྐྱོད་མཇུག་བསྒྲིལ་ནས་རྨང་གཞི་བརྟན་པོ་བཏིང་སྟེ། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་ཉམས་པ་མེད་པའི་ལེའུ་ཞིག་བརྩམས་པ་དང་།“ལྕགས་གདུང་བཅུ་གསུམ་གྱིས་སྤྱི་མཐུན་རྒྱལ་ཁབ་ཏུ་སྐྱོད་པའི་ལམ་བུ་གཤགས་པ”ཡི་བརྗིད་ཉམས་ཆེ་བའི་བསྟོད་བསྔགས་ཐོབ་ཅིང་། ཀྲུང་གོ་གསར་པ་འཛུགས་པར་མཛད་རྗེས་ཆེན་པོ་ཡོད་མཁན་དམག་སྤྱི་བཅུའི་ཁྲོད་ནས་དམག་སྤྱི་བདུན་གྱིས་ལྕགས་ཟམ་བརྒྱུད་ཡོད། ཀྲུའུ་ཞི་མའོ་ཙེ་ཏུང་གིས“རྒྱལ་མོ་རྔུལ་ཆུ་འཕྲེད་བརྒལ་ལྕགས་ཟམ”ཞེས་པའི་ཉམས་མེད་སྙན་ཚིག་བཞག་གནང་ཡོད།

“ལྕགས་ཟམ་མྱུར་འཕྲོག་བྱེད་མཁན་གྱི་དཔའ་བོའི་བྱ་སྤྱོད་དེ་སློབ་ཆུང་གི་སྐད་ཡིག་སློབ་དེབ་ནང་བཅུག་པ་དང་མི་རབས་མང་པོར་ཤུགས་རྐྱེན་ཐེབས་པས་ལྕགས་ཟམ་དེ་འཛམ་གླིང་ཐོག་སྐད་གྲག་ཆོད་ཡོད”ཅེས་བཤད། ཡའོ་ཞན་ཀུའེ་ཡིས་གཞོན་ནུའི་དུས་སུ་ཁོས་སློབ་ཚན་དེ་བཀླགས་ནས་ལྕགས་ཟམ་ཐོག་ལངས་པས་དམར་དམག་གིས་ཟམ་པ་འཕྲོག་སྐབས་ཀྱི་ཀི་སྒྲ་ཐོས་པའི་སྣང་བ་འཆར། ད་ཆ་ཉིན་ལྟར་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བས་བང་རིང་པོ་བསྒྲིགས་ནས་ལྕགས་ཟམ་ཐོག་བསྐྱོད་དེ་སློབ་དེབ་ནང་ལྕགས་ཟམ་སྐོར་གླེང་གི་ཡོད་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གསར་བརྗེའི་གནས་གཞི་གྲོང་ཁྱེར།

ཁ། དྲན་གསོའི་ནང་གི་སྐྱིད་སྡུག་རི་མོ།

ཨར་པོ་བ་ནས་འགྲུལ་ཁང་གི་སྦྱིན་བདག་ཏུ་གྱུར་བའི་བརྒྱུད་རིམ།

ཡའོ་ཞན་ཀུའེ་ཡིས“ངའི་ཁྱིམ་ནི་མི་རབས་ནས་མི་རབས་བར་ལྕགས་ཟམ་ཁ་ན་འཚོ་སྡོད་བྱེད་ཀྱི་ཡོད”ཅེས་བཤད་བཞིན།དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་ཁྱིམ་དུ་མགར་བའི་ཚོང་ཁང་ཞིག་ཕྱེས། ཡུལ་མི་ཁྱིམ་མཚེས་རྣམས་ལ་ཟོར་བ་དང་།འཇོར།སྟ་རེ།གཤོལ་བཅས་བརྡུངས་ཏེ་ཐག་རིང་ནས་ཏིང་ཏིང་ཏང་ཏང་གི་སྒྲ་ཚོར།ཆུང་དུས་ང་རང་རྟག་པར་མགར་ཐབ་འགྲམ་དུ་བསྡད་ནས་ཨ་ཕར་ཁོལ་མོ་འཐེན་རོགས་བྱས་མྱོང་། མགར་བའི་ཚོང་ཁང་རྐྱང་པ་ལ་བརྟེན་ནས་ནང་མི་ཚང་མའི་འཚོ་བར་དཀའ་ཚེགས་ཆེན་པོ་ཡོད་ཅིང་།“སྐབས་དེ་དུས་ལྕགས་མགར་གྱི་ཡོང་འབབ་རག་ནས་དཔྱིད་གསར་དུས་ཆེན་སླེབས་སྐབས་ཕ་མ་གཉིས་པོས་ང་ཚོ་ལྕགས་ཟམ་ནས་ཁྲིད་དེ་གྲོང་མཁར་དུ་ཡོང་བ་དང་།རས་ཀྱི་སྤ་སེ་འཚོལ་བ་དང་།འཚེམ་བཟོ་བ་ཚོར་གྱོན་ཆས་གསར་པ་ཆ་ཚང་ཞིག་བཟོ་རུ་བཅུག དེ་ནས་བུ་རམ་དང་སིལ་ཏོག་ཅུང་ཙམ་ཉོས་ནས་ལོག་ཡོང་བ་བཅས་མི་ཚོས་བལྟས་ན་ང་ཚོའི་ཁྱིམ་ནི་དངུལ་ཡོད་མཁན་ཞིག་ཏུ་རྩི་བཞིན་ཡོད”ཅེས་ཡའོ་ཞན་ཀུའེ་ཡིས་འདས་ཟིན་པའི་དཀའ་ཚེགས་ཆེ་བའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་སེམས་ནང་དྲོ་སྐྱིད་ཀྱི་ཉམས་ཤིག་ཤར་ནས་དེ་ལྟར་བཤད་པ་རེད།

“ལོ་ཞིག་གི་ནང་རྒྱུ་རྐྱེན་གང་ཡིན་མི་ཤེས་པར་མེ་ཆེན་པོ་ཞིག་གིས་ང་ཚོ་ཁྱིམ་ཚང་ཁ་ཤས་ཀྱི་ཤིང་ལས་གྲུབ་པའི་ཁང་པ་ཚང་མ་མེས་བསྲེགས་ནས་ང་ཚོ་ཚང་མར་གྱོང་གུན་ཚབས་ཆེན་ཕོག་བྱུང”། ཡའོ་ཞན་ཀུའེ་ཡིས་ཕྱིར་དྲན་བྱས་ཏེ་བཤད་དོན།མེ་ཆེན་པོ་འབར་བར་བལྟས་རྗེས།ཕ་མ་གཉིས་ཀྱི་ངོས་སུ་ཡིད་ཐང་ཆད་པའི་མིག་ཆུ་རང་ཤུགས་སུ་བཞུར། མེ་ཆེན་གྱིས་ཁང་པ་མེར་བསྲེགས་ཀྱང་འཚོ་བ་ད་དུང་སྐྱེལ་ཐབས་བྱེད་དགོས་ཀྱི་ཡོད་པས།ཕ་མ་གཉིས་པོའི་མགར་བའི་ཚོང་ཁང་དང་ངའི་ཨར་ལས་བརྒྱབ་པའི་གླ་དངུལ་གྱིས་ཡུལ་མི་ཚོའི་རོགས་རམ་འོག་རྫ་གཡམ་ཁང་པ་ཞིག་གསར་དུ་བཀབ་སྟེ་འགྲུལ་ཁང་གཉེར་སྐྱོང་བྱས་པ་ཡིན།

སྐབས་དེ་དུས་ལྕགས་ཟམ་རྫོང་གྲོང་ཁུལ་གྱི་ཁང་པ་ཐབས་ཆག་ལས་མེད་ཅིང་།ཚང་མ་གཅིག་མཚུངས་ཀྱི་རྫ་གཡམ་ཁང་པ་ཡིན་མོད།འོན་ཀྱང་རྫོང་གི་གྲོང་ཁུལ་ཡིན་པས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ12ཀྱི་གྲོང་མི་དང་དེ་བཞིན་དུ་རྐང་བཙུགས་ནས་འོང་མཁན་གྱི་ཡུལ་སྐོར་བ་ཡོད་པར་བརྟེན།ལྕགས་ཟམ་རྫོང་གྲོང་ཁུལ་གྱི་མི་སྔར་བས་མང་དུ་ཕྱིན་ཡོད་པ་རེད།

“ང་ཚོའི་ཁྱིམ་ནི་ལྕགས་ཟམ་ཀྱི་སྟེང་ཕྱོགས་ཡོད་པ་དང་ལོ་རབས90པའི་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ས་གནས་ཁག་ནས་ལྕགས་ཟམ་དུ་ཡུལ་སྐོར་ཡོང་མཁན་ཉིན་རེ་ལས་ཉིན་རེ་མང་དུ་སོང་།ངས་ཆེད་དུ་རྟ་གཉིས་ཉོས་ནས་དམར་དམག་གི་གྱོན་ཆས་དང་བོད་རིགས་ཀྱི་གྱོན་ཆས་ཉོས་ཏེ།ཡུལ་སྐོར་བས་དམར་དམག་གི་གྱོན་ཆས་གྱོན་ནས་རྟ་བཞོན་ཏེ་ལྕགས་ཟམ་ཀྱི་ནུབ་ངོགས་སུ་པར་བརྒྱབ་ཏེ་ཡོང་འབབ་བཙལ་བ་ཡིན།ཉིན་ལྟར་པར་རྒྱག་ཏུ་ཡོང་མཁན་གྱི་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག་ལ། དེས་མི་ཚད་ལྕགས་ཟམ་རྫོང་ས་གནས་དེ་གའི་མི་རྣམས་ཀྱང་དྲན་རྟེན་དུ་པར་རྒྱག་སར་ཡོང་གི་ཡོད་པ་དང།ལྷག་པར་དུ་བྱིས་པ་ཆུང་ཆུང་ཚོ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད། སྐབས་དེ་དུས་ལྔ་གཅིག་དང་བཅུ་གཅིག་རྫོགས་ལྡན་གཟའ་འཁོར་རིང་ཡོང་འབབ་སྒོར2000ལྷག་ཙམ་ཡོང་གི་ཡོད།སྐབས་དེ་དུས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཚོར་ཟླ་རེར་གླ་ཕོགས་སྒོར་སུམ་བརྒྱ་བཞི་བརྒྱ་ཙམ་ལས་མེད།འོན་ཀྱང་ངས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི3ལྷག་ཙམ་རག་གི་ཡོད་ཅེས་བཤད། ལྕགས་ཟམ་རྫོང་མཁར་ནི་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།ཁོས་ལོ་མང་རིང་ལ་གསོག་འཇོག་བྱས་པའི་སྒོར་མོ་ལ་བརྟེན་ནས་རྫ་གཡམ་ཁང་པ་བཤིག་སྟེ་ཐོག་རྩེག་ལྔ་ཅན་གྱི་ཐོག་ཁང་ཞིག་བསྐྲུན་པ་ཡིན། དེ་ནི་མིང་དོན་མཚུངས་པའི“གཙང་པོའི་མཛེས་ལྗོངས་ཁང”ཡིན་པས་ཡུལ་སྐོར་བ་མང་པོས་ཁེངས་བཞིན་ཡོད་ཅེས་པ་དང་།“ང་ད་ལྟ་ལས་འཁྱུར་ངལ་གསོ་རྒྱག་གི་ཡོད”ཅེས་ཡའོ་ཞན་ཀུའེ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད།

ག གསར་བརྗེའི་གྲོང་ཁྱེར་གྲགས་ཅན།

རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་ཀྱི་འོད་མདངས་བཀྲ་བའི་མུ་ཏིག།

ཉིན་རྒྱུན་ཟ་མ་བཟས་ཚར་རྗེས། ཡའོ་ཞན་ཀུའེ་ཡིས་ལྕགས་ཟམ་ཁའི་ཐང་ཆེན་དུ་སྐྱོད་བཞིན་ཡོད་ལ། གློག་འོད་ཁྲ་ཆིལ་དགུ་ཆིལ་གྱིས་ལྕགས་ཟམ་ཁའི་རྫོང་མཁར་འདི་ཉིད་ལ་མཛེས་སྡུག་གི་འོད་མདངས་ལྷག་ཏུ་བཀྲ་རུ་བཅུག

ལྕགས་ཟམ་གྱི་ཟམ་མགོའི་གོང་རོལ་ན་སྨི་གྲུ་བཞི་མ4000ལྷག་ཙམ་ཡོད་པའི་ལྕགས་ཟམ་ཁའི་ཐང་ཆེན་ཡིན་པ་དང་། ཐང་ཆེན་གྱི་གཞོགས་གཉིས་སུ་བསིལ་ཁང་ཞིག་བསྐྲུན་ཡོད་པ་རེད། རྒན་རྒོན་ཚོ་མཉམ་དུ་འཛོམས་ནས་བག་ཕེབས་ངང་གླེང་མོལ་ལ་རོལ་བཞིན་ཡོད་ལ། རྒན་དར་གཞོན་གསུམ་གྱི་མི་སྣ་མང་པོས་དགའ་སྤྲོའི་ངང་བོད་རིགས་དང་དབྱིས་རིགས་ཀྱི་ཞབས་བྲོ་འཁྲབ་བཞིན་འདུག

ཡའོ་ཞན་ཀུའེ་ཡིས་ངོ་ཤེས་རྙིང་པ་དང་སྐད་ཆ་བཤད་བཞིན་དུ་འོད་མདངས་བཀྲ་བའི་མཚན་ལྗོངས་མཐོང་བས་བློ་བདེ་བར་གྱུར།“2003ལོའི་གོང་དུ་དེ་གར་ད་དུང་དཔངས་དམའ་བའི་སོ་ཕག་གི་ཁང་པ་ཞིག་ཡོད་པ་དེར་སྲན་བཀག་ཚོང་མཁན་དང་། འཚེམ་བཟོའི་ཚོང་ཁང་གཉེར་མཁན། ཚོང་ཟོག་རྩག་རྩིག་འཚོང་མཁན། ཐང་བཤམས་ཚོང་བྱེད་མཁན། སྐྲ་བཞར་མཁན་བཅས་ཀྱིས་སྲང་ལམ་ཧྲིལ་པོ་གང་ཡོད་ལེ་རེད”ཅེས་ཡའོ་ཞན་ཀུའེ་དང་ངོ་ཤེས་རྙིང་པ་གཉིས་ཀྱིས་ལྕགས་ཟམ་ཁའི་འདས་དོན་ལྷུག་བརྗོད་བྱེད་བཞིན་མཆིས།

“དེ་འདྲ་ཡིན་ལེ་རེད། སྐབས་དེ་དུས་བ་གླང་དང་ཁྱི་སོགས་གང་ས་གང་དུ་འཁྱམས་ནས་འགྲོ་བཞིན་ཡོད་ཅིང་། རྫོང་མཁར་དུ་དྲི་ངན་གྱིས་ཁེངས་ནས་ཡོད་རེད”། གྲོགས་པོ་རྙིང་པས་ད་ཆ་ཁང་པ་མང་པོ་དེ་འདྲ་བརྒྱབ་ཡོད་པས་ཁུལ་ཡོངས་ཀྱི་རྫོང་གཞན་དག་གི་ལས་འཁྱུར་ངལ་གསོའི་ལས་བཟོ་བ་ཚང་མ་ལྕགས་ཟམ་རྫོང་དུ་ཁང་པ་ཉོ་བར་ཡོང་བས་ཁང་རིན་མཐོན་པོ་ཡིན་རུང་། ལྕགས་ཟམ་རྫོང་ལ་མི་མང་པོའི་དགའ་བསུ་ཐོབ་བཞིན་ཡོད་ཅེས་བཤད་པ་རེད།

“རེད་ཡ། ངས་སྡོད་ཁང་དང་འཛུགས་སྐྲུན་སྡེ་ཚན་གྱི་ལས་དོན་མི་སྣ་ལས་གོ་ཐོས་བྱུང་བ་ལྟར་ན། ལོ40ཡི་གོང་ལྕགས་ཟམ་རྫོང་མཁར་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཅིག་ཀྱང་ཟིན་གྱི་མེད། ད་ཆ་གྲོང་ཁྱེར་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6.8ལ་ཟིན་ནས་སྔོན་ཆད་ལས་ལྡབ7ཙམ་འཕར་ཡོད”ཅེས་བཤད། ཡའོ་ཞན་ཀུའེ་ཡིས་ད་ལྟར་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་དང་ལྕགས་ཟམ་ཁའི་མཐའ་སྐོར་དུ་ལྕགས་ཟམ་གྱིས་ལྟེ་བར་བྱས་པའི་ཉེ་འཁོར་གྱི་ཁྲོམ་ལམ་དག་སྔར་ནས་ལྕགས་ཟམ་རྫོང་གི་ཚོང་ལས་ལྟེ་གནས་སུ་གྱུར་ཡོད། ཟ་ཁང་ཆུང་གྲས་དང་། ཁྱད་ལྡན་ཐོན་རྫས་ཚོང་ཁང་། ཡུལ་སྐོར་དྲན་རྟེན་ཚོང་ཁང་། མགྲོན་ཁང་། ཟ་ཁང་བཅས་མང་པོ་ཡོད་ལ། དེ་དག་གི་ཁྲོད་དུ་གསར་བརྗེའི་ཡུལ་སྐོར་ཚོང་ཟོག་མང་པོ་ཡོད་པ་རེད།

རྒྱུས་མངའ་ཡོད་པའི་ཁྲོམ་གཞུང་དུ་སྐྱོད་སྐབས་ཡའོ་ཞན་ཀུའེ་ཡིས་བཤད་དོན། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་གསར་བརྗེའི་རིག་གནས་དེ་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་འབྲེལ་འདྲིས་བྱས་ནས་ཡོད་པ་རེད། དཔེ་ན་རུའེ་ཅིན་ལམ་དང་། ཁྲེང་ཝུའུ་ལམ། དམག་སྤྱིའི་ལམ། དམག་དཔོན་ལམ། ཧྭ་ལིན་སྲང་ལམ་ལ་སོགས་པ་ཚང་མ་སྐབས་དེ་དུས་ཀྱི་ལྕགས་ཟམ་མྱུར་འཕྲོག་བྱེད་མཁན་གྱི་དཔའ་བོ་དང་མི་སྣ། རྒྱང་སྐྱོད་སྐབས་སུ་དམར་དམག་གིས་དམག་འཐབ་བྱེད་མྱོང་བའི་ས་གནས་མིང་བཏགས་པ་དང་གསར་བརྗེའི་གཞི་རྒྱུ་ལྕགས་ཟམ་ཁའི་ཁྲག་རྒྱུན་ཁྲོད་འབྲེལ་འདྲིས་བྱས་ཡོད་པ་རེད།

རི་ཁུལ་དུ་ཆགས་པའི་རྫོང་ཆུང་ཆུང་ཞིག་ཡིན་པའི་ལྕགས་ཟམ་རྫོང་གིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་གསར་བརྗེའི་རིག་གནས་ལ་དམིགས་ནས་ཡུལ་སྐོར་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་བྱ་ཐབས་སྤྱད་དེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཏང་བས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་དང་འགུག་བཞིན་ཡོད་པ་རེད། ནུས་ཤུགས་ཡོད་རྒུས་བཏོན་ཏེ་འཛུགས་སྐྱོང་བྱས་ནསA4རིམ་པའི་ལྕགས་ཟམ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་གཏོད་བྱས་མཐར། ད་ཆ་དཀར་མཛེས་ཁུལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད། དེ་དང་ཆབས་ཅིག་རྫོང་དེས་སྐབས་དེ་དུས་ཀྱི་དམར་དམག་དཔུང་འཇུག་མདུན་སྐྱོད་སའི་ལམ་ཐིག་བརྒྱུད་ཡུལ་དུ་དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་དང་དུང་དཀར་ལུང་པ། ཁུག་རྟ་ལུང་པ། འུ་ལག་རི་བོ་སོགས་མཛེས་ལྗོངས་ཁུལ་འབོར་ཆེན་བཏོད་དེ་ཡུལ་སྐོར་བ་མང་དག་ཅིག་གི་ཡིད་དབང་བཀུག་ནས་རི་ཁུག་གི་ཞིང་པར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། ད་ཆ་ལྕགས་ཟམ་རྫོང་འདི་ཉིད་དཀར་མཛེས་ཁུལ་གྱི་གསར་བརྗེའི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་དྲིལ་བསྒྲགས་སློབ་གསོར་ཤུགས་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཤེས་བྱ་མིའི་སེམས་སུ་ཟུག་ཏུ་བཅུག
  • དོ་སྣང་ཆེ་བའི་རྩོམ།