རང་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས།

ལྷ་འཛོམས་་ཀྱིས་བསྒྱུར།        2021-04-19

ཡུས་ལི་ཅུན་གྱི་གསུང་བཤད་གནང་། ཧྲེན་ཞའོ་ལིང་གིས་གཏན་འབེབས་ཁྱབ་བསྒྲགས་གནང་། ལིའུ་ཁྲེང་མིང་དང་ཧྲེང་དབྱང་གིས་གསུང་བཤད་གནང་། ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས། བྱང་ཆུབ་དང་ཧྲུའུ་ཏ་ཁྲུན་ཚོགས་ཆེན་ནང་ཞུགས་ཡོད།

རང་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས།
པར་འདི་ནི་ཚོགས་ཆེན་གྱི་ཚོགས་ར་རེད།

སྤྱི་ཟླ4པའི་ཚེས15ཉིན་རང་ཁུལ་གྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་དཀར་མཛེས་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཡུས་ལི་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲེན་ཞའོ་ལིང་གིས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱང་ཆུབ་དང་ཁུལ་་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་ཡོད་པ་རེད།

ཧྲེན་ཞའོ་ལིང་གིས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཧྲེན་དབྱང་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཤིང་། བློ་མཐུན་ལིའུ་ཁྲེང་མིང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མུ་མཐུད་འཁུར་མི་དགོས་པ་རེད།

ཡུས་ལི་ཅུན་གྱིས་གསུང་བཤད་ནང་ཞིང་ཆེན་ཏང་ཨུས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅིའི་ལས་གནས་མི་འཁུར་བ་དང་། བློ་མཐུན་ཧྲེན་དབྱང་གིས་བརྗེ་རེས་བྱས་ནས་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་རྒྱུ་གཏན་འབེབས་བྱས་པ་དེ་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་དང་མགོ་ཁྲིད་ཚོགས་པ་འཛུགས་སྐྱོང་གི་སྤྱི་ཡོངས་ལ་དམིགས་ཏེ་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ལ་བསམ་གཞིག་བྱས་ཏེ་ཞིབ་འཇུག་དང་གཏན་འབེབས་གཟབ་ནན་བྱས་པ་ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས་ད་དུང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་ཁུལ་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཁྱོན་ཡོངས་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་གིས་གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་གསོ་སྦྱོང་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། 2015ལོའི་སྤྱི་ཟླ6པར་དཀར་མཛེས་ཁུལ་དུ་ལས་ཀ་བསྒྲུབས་ས་ཡོང་ནས་ད་བར་ལོ6ལ་ཉེ་བ་དང་ཉིན་མཚན2100ལྷག་གི་རིང་ལ། ངས་ཐོག་མཐའ་བར་གསུམ་དུ་ཡུག་ཕྱོགས་གཅིག་གི་བདེ་འཇགས་སྲུང་སྐྱོང་བྱས་པ་དང་ཡུག་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུག་ཕྱོགས་གཅིག་གི་མི་སེར་ལ་ཕན་པ་སྐྱོང་བཅས་ཀྱི་ལས་འགན་དང་བརྩེ་སེམས་བཅངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་བཀའ་མངགས་དང་མི་དམངས་ཀྱི་རེ་བ་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་གྱི“ཚོགས་ཁག་ཆེན་པོ་བཞི”དང་དེ་བཞིན་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་མཐུན་དང་། དམིགས་ཡུལ་ཕྱོགས་མཚུངས། ལས་དོན་གྱི་གོམ་སྟབས་གཅིག་མཚུངས་བཅས་བྱས་ནས“གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་མྱོང་བར་མི་སྐྲག་པ། མཚོ་འཕགས་མཐོ་ལ་གོ་རྟོགས་དེ་བས་མཐོ་བའི”སྙིང་སྟོབས་དར་སྤེལ་བཏང་སྟེ་རྨང་གཞི་སྲ་ཞིང་བརྟན་པོ་དང་ཕུགས་ཡུན་རིང་པོར་ཕན་པའི་དོན་ཆེན་ཁག་གཅིག་བསྒྲུབས་ཡོད་པ་དང་ལོ་མང་རིང་སྒྲུབ་མི་ཐུབ་པའི་བྱ་བ་གལ་ཆེན་ཁག་གཅིག་བསྒྲུབས་ཡོད། ད་དུང་མཚོན་རྟགས་རང་བཞིན་གྱི་དོན་སྙིང་ལྡན་པའི་དམག་འཐབ་དྲག་པོ་ཡང་ཡང་བརྒྱབ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གི་གསུངས་དོན། ངས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་རྦད་དེ་བརྩི་བཀུར་ཞུ་རྒྱུ་དང་། སྟབས་ལེགས་པ་ཞིག་ལ་དཀར་མཛེས་ཁུལ་དེ་འགྲན་སློང་ཆེ་ཞིང་རེ་བ་དེ་བས་ཆེན་པོ་ཁེངས་པའི་ཐུན་མོང་ཆེན་པོའི་ནང་ཞུགས་སུ་ཐུབ་ཡོད། དེ་ནི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ངས་ཞིང་ཆེན་ཏང་ཨུས་དཀྲིས་པའི་དཀར་མཛེས་ཁུལ་གྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་ཚད་མེད་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འཆར་འགོད་ལག་བསྟར་མཐར་ཕྱིན་བྱེད་ཅིང་། མུ་ནས་མུ་རུ་མཐུད་དེ་བྱ་བ་ཡག་མོ་བསྒྲུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི“རྒྱང་སྐྱོད་ལམ་བུའི”ཐོག་ཡག་པོ་བསྐྱོད་ནས་ཞིང་ཆེན་ཏང་ཨུའི་རེ་བཅོལ་གལ་ཆེན་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་མི་གཏོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”བརྟན་དུ་འཆང་བ་དང་།“གདེང་

ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོར་གཅིག་གྱུར་ཡོང་བ་བྱ་རྒྱུ་ཡིན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་གྱི་བོད་འབྲེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་གཞི་འཛིན་ས་དང་ཤུགས་རྒྱག་ས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་བོད་འབྲེལ་ས་ཁུལ་ཁྱོན་ཡོངས་ནས་ཡུན་རིང་བརྟན་བརླིང་རྒྱུན་སྲིང་ཐུབ་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་དཀར་མཛེས་ཁུལ་གྱི་ལེགས་སྐྱེས་འབུལ་རྒྱུ་ཡིན། མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་མགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཇེ་དྲག་ཏུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་དཀར་མཛེས་ཁུལ་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་དོ་དམ་ནན་པོ་དང་ཏང་སྐྱོང་ནན་པོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་ཡིན། དེ་རིང་ནས་བཟུང་ངའི་ཚེ་སྲོག་དང་ལོ་ཟླ་ཁམས་པའི་ས་གཞི་ཆེན་པོའི་རི་ཀླུང་དང་མཉམ་དུ་འགྲོག་པ་དང་། བསམ་པའི་ནང་དུ་དཀར་མཛེས་ཁུལ་གྱི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅང་པའི་རེ་སྨོན་དེ་བས་ཀྱང་གཞག་དགོས་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ན་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་ཐུབ་ངེས་ཡིན་པ་དང་།སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་ཡོང་བར་ཡང་སྐས་རིམ་གསར་པ་ཞིག་ཏུ་དེ་ལས་ཀྱང་སླེབས་ཐུབ་ངེས་རེད།མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་ཆེད་ང་ཚོའི་དཀར་མཛེས་ཁུལ་གྱི་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་ཐུབ་ངེས་རེད།

ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཚབ་ཞུས་ནས་གསུང་བཤད་གནང་སྐབས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་ཡིན། མིག་སྔར་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་དེ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དཔའ་ངར་ཆེར་བསྐྱེད་ཀྱི་ཆབ་སྲིད་ཀྱི་སྤྲོ་སེམས་དང་འགན་འཁྲི་དེ་བས་ཆེ་བའི་ལས་ཀའི་སྤྲོ་སེམས་ཐོག་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”བརྗིད་ཉམས་ཀྱི་འཆར་འགོད་ལག་བསྟར་ཡག་པོ་དང་མངོན་འགྱུར་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:ཡུལ་སྐོར་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་།
  • ལེ་ཚན་རྗེས་མ།:རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་གསར་བརྗེའི་གནས་གཞི་གྲོང་ཁྱེར།
  • དོ་སྣང་ཆེ་བའི་རྩོམ།