འཆམ་མཐུན་གྱི་ཤྭ་རྭ་ཐང་གྲོང་སྡེ།

ཡེ་ཤེས་མགོན་པོ།        2015-07-10

ཟླ་བ6པའི་ཚེས23ཉིན་གསར་འགོད་པ་བྲག་འགོ་རྫོང་ཉི་མོ་ཤང་ཤྭ་རྭ་ཐང་གྲོང་སྡེར་འགྲོ་སྐབས་མི་རྒན་ཚོས་དབྱར་གསེང་གཏོང་བ་དང་ཏག་ཏག་འཁེལ་བྱུང་། ལོ་ན84ལ་སོན་པའི་མི་རྒན་ཀྲང་ལགས་ཀྱིས་གསར་འགོད་པར་ལོ་རྟག་པའི་སྤྱི་ཟླ6པའི་ཚེས13ཉིན་ནས་ཚེས23ཉིན་གྱི་བར་ང་ཚོ་གྲོང་སྡེའི་ལོ་ན55ཡན་ཆད་ལ་སོན་པའི་མི་རྒན་ཚང་མ་རྩྭ་ཐང་འདིར་འདུས་འཛོམས་བྱས་ཏེ་སྤྲོ་གསེང་གཏོང་སྲོལ་ཡོད་པ་རེད་ཅེས་ཡི་རང་བའི་རྣམ་འགྱུར་གྱིས་འདི་ལྟར་བཤད།
 ཤྭ་རྭ་ཐང་གྲོང་སྡེ་ནི་དམར་དམག་རྒྱང་སྐྱོད་བྱས་པའི་ལམ་བར་བོད་ཁུལ་དུ་ངལ་གསོ་བྱས་མྱོང་བའི་ས་གནས་གཙོ་བོ་ཞིག་ཡིན་པས་མ་ཚད། སྐབས་དེར་དམར་དམག་རྨས་མ་ཆེས་མང་པོ་ཉར་སྐྱོང་བྱས་པའི་གྲོང་སྡེ་ཞིག་ཀྱང་ཡིན་པ་རེད། བཅར་འདྲི་བྱེད་ཞོར་ཤེས་རྟོགས་བྱུང་དོན། གྲོང་སྡེ་དེར་རྒན་བཀུར་བྱིས་སྐྱོང་དང་མཐུན་སྒྲིལ་རོགས་རེས། སློབ་གསོར་བརྩི་མཐོང་བྱེད་པའི་དར་སྲོལ་ཡག་པོ་ཞིག་ཡོད་པ་རེད། མིག་སྔའི་བར་དུ་དུད་ཚང120ཡི་མི་གྲངས500ཡི་ནང་ལས་རིགས་སོ་སོའི་ཐོག་ལས་དོན་སྒྲུབ་མཁན165ཡོད་ཅིང་། ཆེད་སྦྱོང་སློབ་གྲྭ་ཆེན་པོའི་རིག་གནས་ཆུ་ཚད་ཡོད་མཁན103ཡོད་པ་རེད། ཤྭ་རྭ་ཐང་གྲོང་སྡེས་རང་ཉིད་འཛུགས་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་དུས་རབས་ཀྱི་འཕེལ་ཕྱོགས་ལ་གདེང་ཚོད་ཡག་པོ་བྱས་མཐར། ད་ལྟ་གྲོང་སྡེ་ཡོངས་ཀྱི་དུད་ཚང་ཐམས་ཅད་ཀྱི་སྒོ་ཁར་བསྲིངས་པའི་ཨར་འདམ་གཞུང་ལམ་དང་ཐབ་ཀའི་ཐོག་འཁྲིད་པའི་འཐུང་ཆུ་གཙང་མ། ཁྱིམ་དུ་བརྙན་འཕྲིན་བལྟ་རྒྱུ་ཡོད་ལ་ཉི་ནུས་ཆུ་བསྲོའི་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད། གྲོང་སྡེ་ཡོངས་སུ་ཆེད་ལས་སྐྱེལ་འདྲེན་བྱེད་མཁན་གྱི་དུད་ཚང55ཡོད་པས་མ་ཚད། རང་སྐྱོང་ཁུལ་གྱི་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་ཁྱབ་པའི་དམངས་གཉེར་ཁེ་ལས་པའང་གྲོང་སྡེ་འདི་ནས་འཚར་ལོངས་བྱུང་བ་རེད།། 
  • ལེ་ཚན་སྔོན་མ།:ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱིས་ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་ཉག་རོང་རྫོང་གི་ཞིང་པར་ཡོང་འབབ་འཕར་སྣོན་གཏོང་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།