ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཡེ་ཤེས་ཀྱིས་བསྒྱུར།        2021-03-25

ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཨན་ཧུའེ་ཞིང་ཆེན་དབྱིན་ཧྲང་རྫོང་ཝང་ཀང་གྲོང་རྡལ་གྱི་ཞིང་པས་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་རྨོ་འདེབས་བྱེད་བཞིན་ཚུལ།

ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཧུའུ་ནན་ཞིང་ཆེན་རྨི་ལུའོ་གྲོང་ཁྱེར་ལུའོ་ཅང་གྲོང་རྡལ་ཧུང་ཧོ་ཧྲན་གྲོང་སྡེར་ཡུལ་མིས་ཞིང་ལས་འཕྲུལ་ཆས་སྤྱད་ནས་ཞིང་ལས་བྱེད་བཞིན་པའི་ཚུལ།

ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཀོང་ཏུང་ཐའེ་ཧྲན་གྲོང་ཁྱེར་ཝུན་ཚུན་གྲོང་རྡལ་ཅའོ་དབྱི་གྲོང་ཚོ་དང་པོར་ཞིང་པས་ཞིང་ལས་འཕྲུལ་ཆས་ཀྱིས་ས་ཞིང་སློག་བཞིན་པའི་ཚུལ།

ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཧུའུ་ནན་ཞིང་ཆེན་རྨི་ལུའོ་གྲོང་ཁྱེར་ཏ་ཅིང་གྲོང་རྡལ་ཀུའེ་ཧྭ་གྲོང་སྡེའི་ཡུལ་མིས་སྐོར་འདེབས་འཕྲུལ་འཁོར་བཏང་ནས་ལས་ཀ་བྱེད་བཞིན་པའི་ཚུལ།

ཞིང་ལས་འཕྲུལ་ཆས་གསར་པས་དཔྱིད་རྨོད་ལས་ལ་མགྱོགས་ཤིང་སྤུས་དག་གི་གསོན་ཤུགས་བསྣན།

ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་ཡོན་ཅང་གྲོང་ཁྱེར་ཚའོ་ཝེ་གྲོང་རྡལ་གྱི་ཡོན་ཅང་དེང་རབས་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་རྟེན་གཞིར་ཡུལ་མིས་མྱུག་འཛུགས་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྟངས་ལ་ལྟ་སྦྱོང་བྱེད་བཞིན་པའི་ཚུལ།

ཞིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་སྤྱི་ཟླ3ཚེས21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཧུའུ་ནན་ཞིང་ཆེན་རྨི་ལུའོ་གྲོང་ཁྱེར་ནས་རྡོ་ཐལ་གནད་སྨིན་གཏོར་བྱེད་འཕྲུལ་འཁོར་དང་ཆུ་ཞིང་རྨོ་ལུད་མཉམ་བྱེད་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་གསར་པ་ཁྱབ་གདལ་བེད་སྤྱོད་བྱས་པ་ལས་དཔྱིད་རྨོད་བྱེད་སྒོའི་ནང་ཚན་རྩལ་འདུས་ཚད་མང་དུ་ཕྱིན་པ་དང་ཞིང་པའི་རྨོ་འདེབས་ཀྱི་ཁུར་པོ་ཡང་དུ་འགྲོ་བཞིན་ཡོད་པ་མཐོང་།

རྨི་ལུའོ་གྲོང་ཁྱེར་ལུའོ་ཅང་གྲོང་རྡལ་དུ་རྡོ་ཐལ་གནད་སྨིན་འཕྲུལ་འཁོར་ཞིག་ཕར་འགྲོ་ཚུར་འོང་བྱེད་པ་དང་ཆབས་ཅིག སྔོ་ལྗང་ཞིང་རའི་ནང་དུ་ས་ལམ་དཀར་པོ་རེ་རེ་བཞིན་དོད་ནས་འདུག།

ཉེ་བའི་ལོ་ཤས་རིང་། ས་རྒྱུ་སྐྱུར་འགྱུར་གནད་དོན་གྱིས་རྨི་ལུའོ་གྲོང་ཁྱེར་གྱི་ས་ཁུལ་ཁ་ཤས་ལ་དཀའ་ངལ་བཟོས་ཡོད། རྡོ་ཐལ་འདོར་བ་ནི་ས་རྒྱུ་སྐྱུར་འགྱུར་བཅོས་སྐྱོང་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་མིས་གཏོར་ན་ལས་ཆོད་ཆུང་བ་དང་། ཚོད་འཛིན་བྱེད་དཀའ་བ་རེད། སྐབས་དེ་དུས་འཕྲུལ་འཁོར་གྱི་ལེགས་ཆ་མངོན་ཡོད་པ་རེད། རྨི་ལུའོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཞིང་འཕྲུལ་ལས་དོན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལིའུ་ཧའོ་ཡིས་གསར་འགོད་པར་རྡོ་ཐལ་གནད་སྨིན་གཏོར་གཏོང་འཕྲུལ་ཆས་ཀྱིས་རིག་ནུས་ཀྱིས་ཚོད་འཛིན་བྱས་ཏེ་རྡོ་ཐལ་གཏོར་ཚད་གནད་ལ་འཁེལ་བ་དང་སྙོམས་པོ་ཡོང་རྒྱུ་འགན་ལེན་བྱེད་ཐུབ་པ་རེད་ཅེས་བཤད། རྨི་ལུའོ་གྲོང་ཁྱེར་གྱིས་ད་ལོའི་སྤྱི་ཟླ3པ་ནས་བཟུང་རྡོ་ཐལ་གཏོར་བའི་ལས་ཀ་ཁྱབ་གདལ་གཏོང་རྩིས་ཡོད་པ་དང་འཆར་གཞི་བྱས་ན་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི5ལ་ཟིན་པ་རེད།

འབྲུ་འདེབས་དུད་ཆེན་ལི་ཏེ་ཧུའེ་ཡིས་ན་ནིང་རང་ཉིད་ཀྱི་འབྲས་ཞིང་ནང་རྡོ་ཐལ་གནད་སྨིན་གཏོར་བའི་ཕན་འབྲས་ལ་ཚད་ལེན་བྱས་ཡོད། རྡོ་ཐལ་གནད་སྨིན་འཕྲུལ་འཁོར་གྱི་ལས་ཀའི་མྱུར་ཚད་མགྱོགས་པོ་ཡོད་པས་ཆུ་ཚོད་གཅིག་ནང་འབྲས་ཞིང་མུའུ20ཙམ་ལ་གཏོར་ཐུབ་ཀྱིན་ཡོད། བེད་སྤྱོད་བཏང་རྗེས་སྐྱུར་གཤིས་ས་རྒྱུ་ལེགས་སུ་ཕྱིན་པར་མ་ཟད་ནད་དང་འབུའི་གནོད་འཚེ་ཡང་ཉུང་དུ་ཕྱིན་སོང་ཞེས་བཤད།

རྨི་ལུའོ་གྲོང་ཁྱེར་ཏ་ཅིང་གྲོང་རྡལ་ཀུའེ་ཧྭ་གྲོང་སྡེའི་འབྲུ་འདེབས་དུད་ཆེན་ཡིའུ་དབྱི་ཡིས་ཆུ་ཞིང་རྨོ་ལུད་མཉམ་བྱེད་འཕྲུལ་ཆས་སྤྱད་དེ་ཉིན་རེར་ས་ཞིང་མུའུ20ལྷག་ཙམ་ལ་ལུད་རྒྱག་ཐུབ་པར་མ་ཟད། རྫས་འགྱུར་ལུད་སྤྱོད་ཚད་བཅུ་ཆ་གསུམ་ཉུང་དུ་ཕྱིན་ནས་རང་ཉིད་ཀྱི་རྨོ་འདེབས་ཁུར་པོ་ཡང་དུ་ཕྱིན་ཡོད་ཅེས་བཤད།

འབྲི་ཆུའི་དབུས་རྒྱུད་ཀྱི་ཏུང་ཐིང་མཚེའུ་ཡི་ཀླུང་ཐང་ནི་རང་རྒྱལ་གྱི་ཆུ་འབྲས་ཐོན་ཁུལ་གཙོ་བོ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཞིང་ལས་བྲེལ་བ་ཆེ་བས་ལས་མི་བཀོལ་སྤྱོད་བྱེད་དཀའ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་དོད་དུ་ཕྱིན་ཡོད། དེར་བརྟེན་ས་གནས་དེ་གའི་རྫོང་དང་གྲོང་ཁྱེར་ཁག་གཅིག་གིས་ཞིང་ལས་འཕྲུལ་ཆས་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་ལ་འགན་ལེན་བྱས་པ་རེད། རྨི་ལུའོ་གྲོང་ཁྱེར་གྱིས་ད་ལོར་ཞིང་ལས་འཕྲུལ་ཆས་དང་ལས་སྒྲུབ་ཁ་གསབ་ཐད་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི405བཏང་ཡོད་པ་རེད། ཞིང་པས་ཞིང་ལས་འཕྲུལ་ཆས་ཉོ་བ་དང་རྨོ་འདེབས་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཚང་མར་བབ་མཚུངས་ཀྱི་ཁ་གསབ་རོགས་དངུལ་ཐོབ་ཐུབ་ཅིང་། དཔེར་ན་རྡོ་ཐལ་གནད་སྨིན་འཕྲུལ་ཆས་ཉོ་སྒྲུབ་བྱེད་པར་སྒོར་ཁྲི3.5ཁ་གསབ་བྱས་ཤིང་རྡོ་ཐལ་གཏོར་བའི་ལས་ཀའི་ཁ་གསབ་རོགས་དངུལ་མུའུ་རེར་སྒོར40སྤྲད་ཡོད། གོ་རིམ་ལྡན་པའི་ངང་འཕྲུལ་ཆས་ཀྱི་རྨོ་འདེབས་བྱེད་པར་མུའུ་རེར་སྒོར30ཁ་གསབ་བྱ་རྒྱུ་ཡིན་པ་རེད།

ཡིའུ་དབྱི་ཡིས་གསར་འགོད་པར་ད་ཆ་ལུད་རྒྱག་པ་དང་།ཞིང་རྨོ་བ།འབྲས་མྱུག་འཛུགས་པ།བརྔ་བསྡུ་སོགས་ཚང་མར་དེ་འཚམ་གྱི་འཕྲུལ་ཆས་ཡོད་པ་དང་།སྲིད་གཞུང་གིས་ཀྱང་ཞིང་ལས་འཕྲུལ་ཆས་སྤྱོད་པ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད།ད་ལོ་རང་ཉིད་ཀྱིས་མྱུག་འཛུགས་ལུད་འདེབས་འཕྲུལ་འཁོར་བེད་སྤྱོད་ཚོད་ལྟ་བྱས་ནས་ཚན་རྩལ་ཞིང་འདེབས་ཁྲོད་དུ་དེ་བས་ཧུར་ཐག་ཞུགས་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།



  • ལེ་ཚན་སྔོན་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡༡
  • ལེ་ཚན་རྗེས་མ།:ལི་ཐང་བསྟན་འཛིན་གྱི་རྗེས་ལ་ཉག་ཆུ་ཁའི་བློ་བཟང་འཕྲིན་ལས་་་་་་་་་་
  • དོ་སྣང་ཆེ་བའི་རྩོམ།