ལོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་འབད་འབུངས་ཡར་ བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

        2021-03-24

ལི་ཐང་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ།

ཉིན་འགའི་སྔོན། ལི་ཐང་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཡག་པོ་བྱ་ཆེད།རྫོང་དེས་རིམ་ཁག་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་ལ་ལོ་ཧྲིལ་པོར་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་སློབ་སྦྱོང་ཐེངས2ལས་མི་ཉུང་བ་དང་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭར་ཉིན6ལས་མི་ཉུང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཡོད།བདུན་གཅིག་གི་སྔ་རྗེས་སུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི།སྔོན་ཐོན་དཔེ་བཟང་བཅས་ཀྱིས་ཏང་གི་ལོ་རྒྱུས་སྦྱོང་པ་དང་།བསམ་ཚུལ་རྟོགས་པ།དོན་དངོས་སྒྲུབ་པ། གསར་དུ་གཏོད་པ་བཅས་བརྗོད་དོན་གཙོ་བོར་བྱས་ཏེ་འབྲེལ་གཏུག་ཚན་པ་དང་།ཡུལ་གྲོང་ལས་རིགས་ཁག་གི་ཁོངས་གཏོགས་བཅས་སུ་ཏང་གི་སློབ་ཚན་ཐེངས་གཅིག་འཁྲིད་པའི་བྱེད་སྒོ་སྤེལ་དགོས། ལས་བྱེད་ལས་བཟོའི་རང་སྦྱོང་གི་རྨང་གཞིའི་ཐོག་རྫོང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་གྲུབ་འབྲས་སྤེལ་རེས་བྱེད་སྒོ་ཐེངས1སྤེལ་དགོས། མཐོ་གྲོང་གྲོང་རྡལ་སློབ་ཁང་ཆེན་མོའི་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་འཆད་ཁྲིད་ཐེངས2དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་མངོན་གསལ་དང་ཁྱད་ཆོས་མངོན་གསལ། བྱེད་ཐབས་སྣ་མང་བཅས་ཀྱི་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་སློབ་སྦྱོང་བྱེད་སྒོ་སྤེལ་ནས་དུས་ཚིགས་རེར་བརྗོད་དོན་གཙོ་བོའི་ཚོགས་འདུ་གསུམ་དང་སློབ་ཚན་གཅིག་དང་།བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་རེ་སྤེལ་དགོས། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་བྱ་གཙོ་བོར་དམིགས་ཤིང་།ལི་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གསར་བརྗེའི་རིག་གནས་སོགས་དང་ཟུང་འབྲེལ་བྱས་ཏེ།རིགས་གཅིག་མཁས་པ་དང་མཁས་དབང་།སྔོན་ཐོན་དཔེ་མཚོན།ལས་རིགས་ཀྱི་འཐུས་མི་སོགས་གདན་འདྲེན་ཞུས་ནས་ཏང་གི་ལོ་རྒྱུས་སྦྱོང་པ་དང་།བསམ་ཚུལ་རྟོགས་པ། དོན་དངོས་སྒྲུབ་པ། གསར་དུ་གཏོད་པ་བཅས་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་བགྲོ་གླེང་བཞུགས་མོལ་ཚོགས་འདུ་འཚོག་དགོས།རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ལས་ཀའི་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་དང་གྲོས་བསྡུར། སྤེལ་རེས་བྱས་ནས་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱ་དགོས།

རྫོང་དེས་རྫོང་ཨུའི1+4+12+Nཡི་སྒྲོག་འགྲེལ་བྱེད་སྟངས་ལ་བརྟེན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་།མེས་རྒྱལ་ལ་དགའ་ཞེན།ཁྲིམས་སྐྱོང་སྲུང་བ།དེང་རབས་ཅན་དུ་སྐྱོད་པ་བཅས་ཀྱི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རྫོང་རིམ་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ལས་ཁུངས་དང་གྲོང་སྡེ། སློབ་གྲྭ ཁེ་ལས། དགོན་སྡེ་སོགས་སུ་ཁྱོན་ཡོངས་ལ་ཁྱབ་པའི་ཏང་གི་ལོ་རྒྱུས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཡོད། འཐབ་འཛིང་པ་རྒན་གྲས་དང་ཏང་ཡོན་རྒན་གྲས།བློ་མཐུན་རྒན་གྲས་བཅས་དང་།དབུལ་ཐར་འགག་སྒྲོལ། ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་སྔོན་ཐོན་དཔེ་བཟང་བཅས་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོའི་སྙན་ཞུ་ཕུལ་ཡོད།

ལོ་རྒྱུས་སློབ་སྦྱོང་དང་ལོ་རྒྱུས་ཤེས་རྟོགས།ཏང་ལ་དགའ་ཞེན། རྒྱལ་ཁབ་ལ་དགའ་ཞེན་ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལི་ཐང་གི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས།གཞོན་ནུ་ལོ་ཆུང་གི་སློབ་མ་བཅས་ཚོགས་སྤྱི་ཆེན་པོ་གསུམ་ལ་དམིགས་ཏེ་ལོ་རྒྱུས་ལྔའི་དྲིལ་བསྒྲགས་སློབ་གསོ་དེ་ལས་ཁུངས་དང་སློབ་གྲྭ ཞིང་འབྲོག་ཁུལ།དགོན་སྡེ།ཁེ་ལས་བཅས་ལྔ་སྤེལ་བྱེད་སྒོ་གནད་སྨིན་ངང་སྤེལ་བ་དང་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་ལོ་རྒྱུས་གཙོ་གནད་དུ་བྱས་པའི་ཀྲུང་གོའི་ལོ་རྒྱུས་གསར་པ་དང་།བཅོས་བསྒྱུར་སྒོ་དབྱེའི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས།མི་རིགས་མཐུན་སྒྲིལ་ཡར་ཐོན་ལོ་རྒྱུས་ལོ་རྒྱུས་ལྔའི་དྲིལ་བསྒྲགས་སློབ་གསོ་བཅས་སྤེལ་ནས་ཏང་ནང་ཁུལ་གྱི་སློབ་སྦྱོང་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་རྒྱ་ཁྱབ་ངང་སྣེ་ཁྲིད་བྱས། མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་དཔེ་མཚོན་གསར་པ་སྒྲོག་སྦྱོང་བྱ་རྒྱུ་བརྗོད་བྱར་བྱས་ནས་འབད་འཐབ་ཀྱི་བདེ་སྐྱིད·བདེ་སྐྱིད་ལྡན་པའི་འབད་འཐབ--དབུལ་ཐར་འགག་སྒྲོལ་གྱི་དཀར་མཛེས(ལི་ཐང)ཀྱི་གཏམ་རྒྱུད་ཅེས་པའི་སྐོར་སྐྱོད་གཏམ་བཤད་སྤེལ་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་མངོན་པ་དང་།དབུལ་ཐར་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ཐོག་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་དཀའ་སྤྱད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་ཡུལ་སྡེ་དར་རྒྱས་དང་གསུམ་འཛུགས་མཉམ་འགུལ།འཐབ་ཇུས་ཆེན་པོ་བདུན་གྱི་སྤེལ་ས་གཙོ་བོར་ཞུགས་རྒྱུའི་ལྕག་སྐུལ་བྱས་པ་རེད།།

( ཀུན་དགས་བསྒྱུར།)


  • ལེ་ཚན་སྔོན་མ།:དཀར་མེན་བཟོ་ལས་གླིང་ལ“སི་ཁྲོན་གྱི2020ལོའི་ཐོན་ལས་ གླིང་ཁུལ་ཆེ་གྲས་བཅུ”ཡི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།: རོང་བྲག་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་ གསོར་སྐུལ་འདེད་ཏན་ཏིག་བཏང་།
  • དོ་སྣང་ཆེ་བའི་རྩོམ།