དཀར་མེན་བཟོ་ལས་གླིང་ལ“སི་ཁྲོན་གྱི2020ལོའི་ཐོན་ལས་ གླིང་ཁུལ་ཆེ་གྲས་བཅུ”ཡི་མཚན་སྙན་ཐོབ།

        2021-03-24

སྤྱི་ཟླ3ཚེས18ཉིན་ལ2020ལོའི་སི་ཁྲོན་གྱི་དཔལ་འབྱོར་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ10ལ་བྱ་དགའ་སྤྲོད་པའི་མཛད་སྒོ་མེ་ཧྲན་གྲོང་ཁྱེར་དུ་སྤེལ་ཞིང་། རང་ཁུལ་གྱི“ས་ཁོངས་བརྒལ་བའི་གླིང་ཁུལ”ཏེ་དཀར་མཛེས་ཁུལ་དང་མེན་ཧྲན་བཟོ་ལས་གླིང་ཁུལ་ལ“2020ལོའི་སི་ཁྲོན་གྱི་ཐོན་ལས་གླིང་ཁུལ་ཆེ་གྲས་བཅུའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

དེ་ནི་སི་ཁྲོན་དཔལ་འབྱོར་ལས་རིགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ལོ་འཁོར་གྱི་དོན་ཆེན་ཞིག་ཡིན་ཞིང་།ད་ཐེངས་ཀྱི་བྱེད་སྒོས“དཔེ་བཟང་སྣེ་ཁྲིད་དང་སླར་གསོ་སྔོན་སྐྱོད”ཅེས་པ་གཙོ་དོན་དུ་བྱས་ཡོད།དེའི་དམིགས་ཡུལ་ནི་ཁྲོམ་རའི་བྱེད་པོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་སྔར་བས་འཕེལ་བ་བྱས་ནས་དཔེ་བཟང་གི་སྟོབས་ཤུགས་ལ་བརྟེན་ནས་ཁེ་ལས་དེ་བས་མང་པོས་དུས་སྐབས་ཀྱི་དཀའ་ངལ་མཉམ་དུ་ཁྱད་བསད་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་འཁོར་སྐྱོད་གཉིས་ལྡན་གྱི་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོག་ཤིང་ལྟ་བུར་འགྱུར་བ་དེ་རེད།

2020ལོར། གློ་བུར་དུ་བྱུང་བའི་ཏོག་གསར་གློ་རིམས་དང་།འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་འགྲོ་བ་སོགས་ཀྱི་ཕོག་ཐུག་ཚབས་ཆེན་སྣ་ཚོགས་བྱུང་བའི་མདུན་དུ་དཀར་མེན་བཟོ་ལས་གླིང་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱི་མགོ་ཁྲིད་ཚན་ཁག་གིས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་ནུས་ཤུགས་ཡོད་རྒུས་གླིང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་སྣེ་ཁྲིད་དེ་རིམས་ནད་དང་ཚོང་འགུགས་ལ་མཐོང་ཆེན། ཐོན་སྐྱེད་ལ་དམ་འཛིན་བཅས་བྱས་ནས“རྟེན་གཞི་རྙིང་པ་ལེགས་སུ་གཏོང་བ་དང་། གླིང་ཁུལ་གསར་པ་སྟོབས་འབྱོར་ལྡན་པ་བཟོ་པ། གྲོང་ཁྱེར་གསར་པ་དེ་བས་མཛེས་སྡུག་ལྡན་པ་བཟོ་པ།”བཅས་ཀྱི་ཐད་ལ་བསམ་གཞིག་གང་ལེགས་བྱས་ནས་“ས་ཁོངས་བརྒལ་བའི་གླིང་ཁུལ”གྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད་པ་རེད།

2020ལོར་གླིང་ཁུལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར256.96ལ་ཟིན་ཞིང་ན་ནིང་དུས་མཚུངས་ལས་བརྒྱ་ཆ12.1འཕར་ནས་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་བཞིའི“ས་ཁོངས་བརྒལ་བའི་གླིང་ཁུལ”ཁྲོད་དཔལ་འབྱོར་བསྡོམས་འབོར་ཆེ་ཤོས་ཀྱི་གླིང་ཁུལ་དུ་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི“51025”ཡི་གཙོ་གནད་ཐོན་ལས་གླིང་ཁུལ་དུ་ཚུད་པ་དང་།“2019ལོ་འཁོར་གྱི་ཀྲུང་གོའི་ཐོན་ལས་གླིང་ཁུལ་གྱི་འཕེལ་ཤུགས་ཆེན་པོ་བརྒྱའི”མིང་ཐོའི་ནང་ཚུད་ཡོད་ལ། མེ་ཧྲན་དེ་ཁྲེང་ཏུའུ་གྲོང་ཁུལ་གྱི་དར་རྒྱས་ཆེ་བའི་ས་གནས་གཉིས་པ་བསྐྲུན་རོགས་བྱས་ནས་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་དང་སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་གསོ་སྐྱོང་ཐོན་ལས་གླིང་ཁུལ་གྱི་ཡ་གྱལ་དུ་གྱུར་པ་རེད།

འདི་ལོའི་འཕེལ་རྒྱས་དམིགས་ཚད་སྐོར་གླེང་སྐབས་གླིང་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཆང་གིས་ཡིད་ཆེས་ཆེན་པོས2021ལོར་དཀར་མེན་བཟོ་ལས་གླིང་ཁུལ་གྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར350ལ་ཟིན་པ་དང་འཕར་ཚད་བརྒྱ་ཆ30ཡན་ལ་ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་ཚད་བརྒྱ་ཆ20ཡན་ལ་ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར50འཇོག་པར་བརྩོན་ལེན་བྱ་རྒྱུ་དང་། ཁྲལ་འབབ་སྒོར་དུང་ཕྱུར་5ལས་བརྒལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

དཀར་མེན་བཟོ་ལས་གླིང་ཁུལ་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་དང་། ཁྲེང་ཏུའུ་བསྐོར་བའི་དཔལ་འབྱོར་ཁུལ་སོགས་ས་ཁུལ་ཡག་མོར་གནས་ཡོད། གླིང་ཁུལ་གྱིས་ནུས་རྒྱུ་གསར་པའི་ཐོན་ལས་དང་ལྕགས་རིགས་གསར་པའི་རྒྱུ་ཆ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་ཞིང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏང་རྒྱུར་རམ་འདེགས་བྱེད་ཅིང་། རླངས་འཁོར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིབ་ཅིང་ཕྲ་བའི་རྫས་འགྱུར་བཟོ་ལས་དང་། འཕྲུལ་ཆས། བསྐྱར་སྐྱེའི་ཐོན་ཁུངས། ཡང་བའི་བཟོ་ལས།ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་བཅས་ཆ་ཚང་སྒོ་ནས་འཕེལ་རྒྱས་གཏོང་ཞིང་། ལོ9ཡི་རིང་འཕེལ་རྒྱས་བཏང་བར་བརྒྱུད་རྒྱལ་ཁབ་ནང་ཁུལ་དུ་ཐུང་ཝུའེ་དང་ནུས་འཇོག་།ཧྥང་ཏ་ཐན་སུའུ་སོགས་ཁེ་ལས་གྲགས་ཅན་བརྒྱ་ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད། ལོ9ཡི་རིང་། དཀར་མཛེས་ཁུལ་དང་མེ་ཧྲན་ས་ཁུལ་གཉིས་ཀྱིས་སྲིད་འཛིན་དང་ས་ཁོངས་ཀྱི་བཀག་རྒྱ་གཏོར་ནས་ཚད་གཞི་མཐོ་བའི་འཆར་འགོད་དང་། ཆུ་ཚད་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་བྱས་ནས་རིམ་བཞིན་ལེགས་ཕྱོགས་སུ་སླེབས་པའི་ཁྱད་ལྡན་བཟོ་ལས་གླིང་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས་བོད་རིགས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་ཡོད།།

(ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:གློག་ཤུགས་ལས་རིགས་ལ་སྐུལ་ཁྲིད་ཤུགས་ཆེན་བྱས།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་འབད་འབུངས་ཡར་ བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།