རང་ཁུལ་གྱི་བུད་མེད་འདི་ཚོ་ལ་རྟེན་འབྲེལ་ཞུ།

ཐུབ་ཀྱིས་བསྒྱུར།        2021-03-09

   རང་ཁུལ་གྱི་བུད་མེད་འདི་ཚོ་ལ་རྟེན་འབྲེལ་ཞུ།

   སྤྱི་ཟླ3པའི་ཚེས5ཉིན། གསར་འགོད་པས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་སྔོན་ཞིང་ཆེན་བུད་མེད་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཀྲའོ་ཅོན་སོགས་བུད་མེད10ལ་ཞིང་ཆེན་ཆེན་གསུམ་བརྒྱད་དར་དམར་བའི་དཔེ་བཟང་དང་། རེན་ཕིང་སོགས་བུད་མེད190ལ་ཞིང་ཆེན་གསུམ་བརྒྱད་དར་དམར་བའི་མཚན་སྙན་སྤྲད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་བུད་མེད་ཁེ་ལས་མཐུན་ཚོགས་སོགས་ལས་ཁུངས100ལ་ཞིང་ཆེན་གསུམ་བརྒྱད་དར་དམར་ཐུན་མོང་གི་མཚན་སྙན་སྤྲད་པའི་གཏན་འབེབས་བྱས་ཤིང་། དེའི་ནང་དུ་རང་ཁུལ་གྱི་ཉག་ཆུ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅིན་ཧོ་དང་།  དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྒྲིག་བཤེར་ཁང་ལྔ་པའི་ཀྲུའུ་རེན་གཞོན་པ་བློ་བཟང་སྒྲོལ་མ། འདབ་པ་རྫོང་ཚེ་རོགས་ཡུལ་ཤོག་དགོན་སར་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་སྐལ་བཟང་སྒྲོན་མེ། སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཡུང་ཧོང་། རྟའུ་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཞི་གཞོན་པ་ཀྲུའུ་ཞིན། དཀར་མཛེས་ཁུལ་དབུལ་སྐྱོར་ཐོན་འབྱེད་ཅུས་འཆར་འགོད་ལས་གཞི་ཁང་གི་ཁོ་ཀྲང་གཞོན་པ་ཧོང་ཙུའོ་ཅུན། ལི་ཐང་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་རུ་ཆེན་གྱི་སློབ་སྟོན་བ་ལིའུ་ཞ་བཅས་བུད་མེད7ལ་སི་ཁྲོན་ཞིང་ཆེན་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ་པ་རེད།

      དེ་མིན་དཀར་མཛེས་ཁུལ་རྩ་འཛུགས་པུའུ་ཡི་བུད་མེད་མཉམ་འབྲེལ་ཨུ་ལྷན་དང་། རྒྱལ་ཁབ་སྤྱི་ཁྱབ་ཁྲལ་དོན་ཅུས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུས་ཁྲལ་བསྡུ་ཞབས་ཞུའི་ལྟེ་གནས་ཀྱི12366གི་ཁ་པར་ཚོགས་པ། སི་ཁྲོན་གཡག་མདོ་མྱུར་བགྲོད་གཞུང་ལམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ལྕགས་ཟམ་ཁའི་དོ་དམ་ཁང་བཅས་ཐུན་མོང3ལ་སི་ཁྲོན་ཞིང་ཆེན་གསུམ་བརྒྱད་ཐུན་མོང་གི་མཚན་སྙན་ཐོབ་པ་རེད།།

  • ལེ་ཚན་སྔོན་མ།:ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༢
  • ལེ་ཚན་རྗེས་མ།:གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ལས་མགོ་བསྐྱར་དུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།