སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།

​སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-05

   

སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།


   སྤྱི་ཟླ2ཚེས་པའི3ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་གདན་ཞུའི་སྲིད་གྲོས་ཨུ་ཡོན་བཞི་པོས་གསར་འགྱུར་བཅར་འདྲིའི་“ཨུ་ཡོན་བགྲོད་ལམ”བརྒྱུད་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བསྐྱོན་པ་རེད།

སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།

དབུལ་ཐར་འགག་སྒྲོལ་གྲུབ་འབྲས་ཀྱིས་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།

  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་དབུལ་སྐྱོར་ཐོན་འབྱེད་ཅུས་ཀྱི་ཅུས་ཀྲང་དབྱང་ཆིང་ཧྭས་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་ཟུང་དུ་སྦྲེལ་བའི་ཐད་བསམ་ཕྱོགས་དང་བྱེད་ཐབས་འདི་ལྟར་བཤད་པ་སྟེ།གཅིག་ནི་འཆར་གཞི་ལེ་ལག་ཚང་བ་བཟོས་ཏེ་སྣེ་ཁྲིད་ཡག་པོ་བྱ་དགོས།གཉིས་ནི་ཐོན་ལས་འཕེལ་རྒྱས་ཕན་འབྲས་ཆེ་བའི་རྨས་གཞི་དང་ལས་གནས་བརྟན་ཐོག་ལས་ཞུགས་ཡོང་འཕར་གྱི་རྨང་གཞི་ཆེན་པོ་གཉིས་བརྟན་པོར་བཟོ་དགོས།གསུམ་ནི་དབུལ་པོ་བསྐྱར་ལོག་དང་ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར།དེ་བཞིན་ཞིང་སྡེའི་དབུལ་ཐར་མི་འབོར་གྱི་ཉེན་མེད་སྡོད་ཁང་བཅས་ཀྱི་འགྱུར་ཚུལ་ལྟ་སྐུལ་ཚད་ལེན་གྱི་ནང་སྲོལ་ཆེན་པོ་གསུམ་འཐུས་ཚང་དུ་གཏང་དགོས།བཞི་ནི་ནོར་སྲིད་མ་འཇོག་དང་དངུལ་རྩའི་ཞབས་ཞུ། ས་ཞིང་རྒྱབ་སྐྱོར།ཤེས་ལྡན་མི་སྣའི་རིག་སྟོབས་རྒྱབ་སྐྱོར་བཅས་ཀྱི་སྲིད་ཇུས་བཞི་འབྲེལ་མཐུད་ཡག་པོ་བྱ་དགོས།ལྔ་ནི་གནས་སྤོས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་དང་།དབུལ་སྐྱོར་ཐོན་རྫས་དོ་དམ་ལྟ་སྐུལ། ཡུལ་སྡེ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར།སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་མ་ལགདབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུའི་ལས་དོན་བཅས་ལས་དོན་སྣ་ལྔ་དམ་འཛིན་ཡག་པོ་བྱ་དགོས།

སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།

རང་རྟོགས་ངང་རིམས་བབ་འགོག་ཟོན་གྱི་འདུ་ཤེས་བཅངས་ནས་ཕན་འབྲས་ཡོང་བ་བྱ་དགོས། 

   ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་།ཁུལ་རིམས་ནད་འགོག་ཟོན་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེས་རང་ཁུལ་གྱིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ཁུལ་བསྐྱར་ཐོན་ཡོང་བར་སྔོན་འགོག་བྱེད་ཚུལ་སྐོར་དང་ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་སྐབས་སུ་ཁུལ་དང་རྫོང་།གྲོང་ཁྱེར་ཁག་གིས་རིམས་བབ་འགོག་ཟོན་ཐད་ཀྱི་གྲོས་འགོ་གླེང་བའི་ཚེ་འདི་ལྟར་བཤད་པ་རེད།རང་ཁུལ་གྱིས་གཙོ་བོ་ཕྱོགས་གསུམ་ཐད་ནས་ཕྱི་ནས་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ཁུལ་བསྐྱར་དུ་ཐོན་པར་སྔོན་འགོག་བྱས་ཡོད་དེ།གཅིག་ནི་རིམས་ནད་མི་འགོས་པ་དང་འགོས་ཉུང་བར་དམིགས་ནས་འགོག་ཟོན་ཡག་པོ་བྱས་ཡོད།གཉིས་ནི་ལྟ་ཞིབ་ཚད་ལེན་བརྒྱུད་དེ་རིམས་ནད་སྔ་ཚེར་གོ་བར་དམིགས་ཏེ་གནས་ཚུལ་འཕྱུགས་མེད་ཤེས་གང་ཐུབ་བྱས་ཡོད།གསུམ་ནི་ཐག་གཅོད་བྱེད་སྟངས་མྱུར་ཞིང་གོ་ཆོད་པོར་དམིགས་ཏེ་ཁ་གཏད་མྱུར་འཇལ་བྱས་ཡོད།ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་སྐབས་ཀྱི་རིམས་བབ་འགོག་ཟོན་ཐད་ལ་ “ཕྱོགས་དྲུག”གི་ལས་ཀའི་ཡག་པོ་བསྒྲུབ་རྒྱུའི་གྲོས་འགོ་བཏོན་པ་སྟེ།གཅིག་ནི་བསམ་བློའི་ངོས་འཛིན་ཐད་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བ་དང་།གཉིས་ནི་རིམས་འགོག་སྟོབས་ཤུགས་ཧྲག་པོ་ཡིན་དགོས།གསུམ་ནི་རིམས་ཚུལ་མཐིལ་རྟོགས་གྲལ་བཤེར་གནད་ལ་འཁེལ་བ་བྱ་དགོས།བཞི་ནི་ལྟ་ཞིབ་ཚད་ལེན་བྱེད་རྒྱ་ཆེ་རུ་གཏང་དགོས།ལྔ་ནི་བྱེད་ཐབས་དོན་ལ་གནས་པ་ཡིན་དགོས།དྲུག་ནི་བྱ་སྤྱོད་སྤེལ་སྟངས་མགྱོགས་པོ་ཡིན་དགོས།

སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།

ཁྲིམས་ལྟར་ཁུལ་བསྐྱངས་ཏེ་ཁྲིམས་སྐྱོང་གི་སྒྲིག་བཟང་འཛུགས་དགོས།

    ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། སི་ཁྲོན་མི་རིགས་སློབ་གླིང་ཁྲིམས་རིག་སློབ་གླིང་གི་མགོ་གཙོ་ཡེ་ཞའོ་པིང་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུ་དང་ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་བར་གྱི་འབྲེལ་བ་ཁྱད་པར་སྐོར་གླེང་བའི་འདི་ལྟར་བཤད་པ་སྟེ།སྔ་མ་ནི་དགོས་ངེས་ཀྱི་བླང་བྱ་ཡིན་ལ་ཕྱི་མ་ནི་འགན་སྲུང་གལ་ཆེན་དང་རྩ་བའི་བྱེད་ཐབས་ཡིན་པ་རེད།དེ་གཉིས་ཀྱི་ཁྱད་པར་ནི་ལས་དོན་གྱི་གཙོ་གནད་དང་མངོན་འགྱུར་ཐབས་ལམ་མི་འདྲ་ཞིང་།ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ཚེ་ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱ་དགོས།གྲོང་ཁྱེར་དང་ཁུལ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུའི་ལས་དོན་རིམ་སྤར་ལྔ་བྱ་ཐུབ་དགོས་ཏེ།གཅིག་ནི་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་གཞག་དགོས།གཉིས་ནི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏང་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་དགོས།གསུམ་ནི་ཁྲིམས་ལྟར་དགོན་པ་དང་གྲྭ་བཙུན་བཅོས་སྐྱོང་དོ་དམ་བྱ་རྒྱུ་དེ་གནད་འགག་གི་ལས་འགན་དུ་བརྩི་དགོས།བཞི་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་པ་ཆེ་རུ་གཏང་རྒྱུ་དེ་གཙོ་གནད་ལས་འགན་དུ་བརྩི་དགོས།ལྔ་ནི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་ནུས་པ་ཆེ་རུ་གཏང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་དགོས།

སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།

སློབ་གཉེར་ཆ་རྐྱེན་ཇེ་ཡག་ཕྱིན་པ་དང་བསྟུན་ནས་སློབ་ཁྲིད་སྤུས་ཚད་ཀྱང་མཐོར་འདེགས་གཏང་དགོས།

    ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་།གསེར་ཐར་རྫོང་མཁར་སློབ་ཆུང་གི་སློབ་གཙོ་ཀྲང་ཅིན་གྱིས་སློབ་གྲྭའི་འཕོ་འགྱུར་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་རེ་སྨོན་བསྐང་དགོས་པའི་འདི་ལྟར་བཤད་པ་སྟེ།

    གོང་རིམ་གྱི་ཐུགས་ཁུར་དང་གཅེས་སྐྱོང་འོག་ངེས་སློབ་གྲྭ་གཙོས་པའི་སློབ་གྲྭ་ཚང་མའི་ཕྱིའི་སློབ་གཉེར་གྱི་སྒྲིག་ཆས་ཐད་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཞིང་འབྲོག་པས་བུ་ཕྲུག་སློབ་གྲྭར་བསྐྱལ་རྒྱུའི་ཧུར་སེམས་དང་སྤུས་ལེགས་སློབ་གསོའི་རེ་སྨོན་ཉིན་བཞིན་ཆེ་རུ་ཕྱིན་ཡོད།དེར་བརྟེན་གཅིག་ནི་དགེ་རྒན་གྱི་རང་ངོས་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏང་རྒྱུ་ནས་མགོ་བཙུགས་ཏེ་ན་གཞོན་དགེ་རྒན་ཁྲིད་སྐྱོར་སྐུལ་གསུམ་བྱས་ནས་འཚར་ལོངས་མགྱོགས་མྱུར་བྱེད་ཅིང་།སློབ་གྲྭའི་སློབ་ཁྲིད་ཞིབ་འཇུག་བྱེད་སྒོ་དམ་འཛིན་ཡག་པོ་བྱས་ཏེ་སློབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏང་རྒྱུར་སྐུལ་འདེད་གཏང་དགོས།གཉིས་ནི་དགེ་རྒན་གྱིས་རང་འགུལ་ངང་སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་དང་འཚམ་པར་བྱས་ནས་དྲྭ་རྒྱའི་སློབ་ཁྲིད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ས་ཁུལ་གཞན་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ཁར་སོ་སོའི་དངོས་ཡོད་གནས་ཚུལ་དང་འཚམ་པའི་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས་ནས་ལག་ལེན་གཏང་དགོས།གསུམ་ནི་དགེ་རྒན་གྱི་གསོ་སྦྱོང་དང་གཟིགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་དེ་ཆེ་རུ་གཏང་དགོས།བཞི་ནི་སློབ་གསོར་མཐོང་ཆེན་དང་དགེ་རྒན་ལ་བརྩི་འཇོག་བྱ་རྒྱུའི་ཁོར་ཡུག་སྔར་ལྷག་གིས་ཇེ་བཟང་དུ་བསྐྲུན་དགོས།

  • ལེ་ཚན་སྔོན་མ།:ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
  • ལེ་ཚན་རྗེས་མ།:དམངས་ཆེན་འཐུས་མི་བཞིའི་སེམས་ཀྱི་སྒྲ་དབྱངས།
  • དོ་སྣང་ཆེ་བའི་རྩོམ།