ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

​སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-05

     སྤྱི་ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁུལ་ཟློས་གར་ཁང་དུ་འཚོགས་པ་རེད།

  ཚོགས་འདུར་ཞུགས་དགོས་པའི་འཐུས་མི277ཡོད་ཅིང་། ཐེངས་འདིར་འཐུས་མི248ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

བྱང་ཆུབ་ཀྱིས་ཚོགས་ཆེན་གཙོ་འགན་བཞེས་བཞིན་པ།

   ཚོགས་ཆེན་ཐོག་ཏུ་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧུང་པའོ་ཡིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཞུ་བར་ཉན་འཇོག་བྱས་ཤིང་། ལས་ཁུར་རྩ་དགོངས་ཞུ་བར་དང་ལེན་བྱ་རྒྱུའི་ཆོད་དོན་འཆར་ཟིན་ལ་བརྡས་ཐག་བཅད་ཡོད་པ་དང་། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་ཡོད། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་བརྡས་ཐག་གཅོད་ཐབས་སྐོར་གྱི་འཆར་ཟིན་ལ་བརྡས་ཐག་བཅད་པ་རེད།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

 ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧུང་པའོ་ཡིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཞུ་བཞིན་པ།

2020ལོར་ཐོབ་པའི་གྲུབ་འབྲས་གཙོ་བོ།

   ལོ་ཧྲིལ་པོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས6འཚོགས་ཡོད་ཅིང་། ཀྲུའུ་རེན་གྲོས་ཚོགས་ཐེངས12འཚོགས་ཡོད། ཁེར་སྤྱོད་སྲོལ་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག3གྲོས་ཞིབ་བྱས་ཡོད། “གཞུང་གཅིག་ཁང་གཉིས་”ཀྱི་ཆེད་དོན་ལས་ཀའི་སྙན་སྒྲོན་ཁག22ལ་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག7ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ཞིབ་བཤེར་བྱས་ཡོད། ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ཐེངས26སྒྲིག་འཛུགས་བྱས་ཡོད། ཆོད་དོན་ཁག5བཟོས་པ་དང་།“གཞུང་གཅིག་དང་ཨུ་གཅིག་ཁང་གཅིག་”གི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ61ཁྲིམས་ལྟར་བསྐོ་འཐེན་བྱས་ཡོད། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་གཏན་འཁེལ་བྱས་པའི་ལས་འགན་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

ཚོགས་ཆེན་གྱི་ཚོགས་ར།

    ལོ་གཅིག་རིང་། ཁུལ་ཨུ་ལ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་ཚན་གལ་ཆེན་དང་བྱེད་སྒོ་གལ་ཆེན་ཐེངས13དགོངས་སྐོར་དང་སྙན་སེང་ཞུས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཚོགས་འདུ་ཐེངས་12སྐོང་ཚོགས་བྱས་ནས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ“ཁུལ་ཨུ་ལ་འབོད་སྐུལ་དང་། བཀོད་སྒྲིག  བླང་བྱ་བཅས་ཡོད་ཚེ། མི་དམངས་འཐུས་ཚོགས་ལ་དང་ལེན་དང་། བྱ་སྤྱོད། བྱས་རྗེས་བཅས་ཡོད་པ” བྱས་ཡོད།

   2020ལོའི་སྤྱི་ཟླ12པར་འཚོགས་པའི་ཞིང་ཆེན་ཏང་ཨུའི་མི་དམངས་ཆེན་ལས་དོན་གྱི་ཚོགས་འདུའི་ཐོག་ཁ་བྱང་ལ《ཕུགས་བསམ་གྱི་གཟི་འོད་འགན་ནུས་སྒྲུབ་པའི་ལམ་བུ་ལ་འཕྲོ》ཞེས་པའི་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་ཡིན།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

   རིམས་འགོག་ཐད་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི450ལྷག་ཙམ་དང་སྒོར་ཁྲི་200ལྷག་ཙམ་རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་པ་ཡིན།

    གྲོང་ཡུལ་རིམ་སྤོར་གྱི་འཐབ་ཇུས་ལ་དམིགས་ཏེ་ལས་གཞི་འཛུགས་སྐྲུན་དང་གྲོང་ཡུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་ལྟ་སྐུལ་བྱས་ཤིང་། གསང་འདྲི་ཐེངས9བྱས་ནས་གནད་དོན་26དག་ཐེར་ཡོ་བསྲང་བྱས་པ་ཡིན།

ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས163668དང་ཁེ་ལས2466ལ་བཅར་འདྲི་བྱས་ཡོད། གནད་དོན་དང་གྲོས་འགོ2389འཚོལ་སྡུད་བྱས་ཤིང་གནད་དོན1946ཐག་གཅོད་བྱས་ཡོད།སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་རིང་བཏོན་པའི་འཐུས་མིའི་གྲོས་འགོ་ཁག158སྒྲུབ་གཉེར་བྱེད་པའི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབས་པས། འཐུས་མིའི་བློ་ལ་བབས་ཚད་དང་བློ་ཡིད་རགས་ཙམ་ཚིམ་ཚད་བརྒྱ་ཆ99.4ལ་ཟིན་པ་རེད།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

ད་ལོའི་ལས་འགན་གཙོ་བོ།

   2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་ཞིག་ཡིན་ལ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་ཀྱི་ལས་དོན་དངོས་སུ་ཇེ་དྲག་ཏུ་བཏང་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་“དམིགས་འབེན་གཅིག་”ལ་དམ་པོར་དམིགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་“འགག་རྩ་གཉིས”འབུར་དུ་ཐོན་ཐུབ་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་(ཁུལ)ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བཅས“གསུམ་འཛུགས་མཉམ་འགུལ”བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ལེགས་པོ་བྱ་དགོས་པ་དང་། ཁྲིམས་ལྟར་ཁུལ་སྐྱོང་བ་དང་། སྐྱེ་ཁམས་འཛུགས་སྐྱོང་། ཡུལ་སྡེ་དར་རྒྱས། འགྲིམ་འགྲུལ་སྔོན་སྤེལ། ཐོན་ལས་དམངས་ཕྱུག གྲོང་རྡལ་ཅན་གསར་པ་བཅས“འཐབ་ཇུས་ཆེན་པོ་དྲུག”གི་སྤྱིའི་ལས་ཀའི་བཀོད་སྒྲིག་ལག་བསྟར་ཤུགས་ཆེན་བྱས་ནས། ཏང་གི་དབུ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཁྱོན་ཡོངས་ནས་སྒྲུབ་པ། དམངས་འཚོའི་དོ་ཁུར་ལ་ལན་འདེབས་པ། དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རྒྱུན་ཆད་མེད་པ་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།

ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་ཁུལ་དམངས་ཆེན་གྱིས་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

ལོ་གསར་པའི་ནང་། ང་ཚོས་སྔར་བས་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱ་དགོས།

ལོ་གསར་པའི་ནང་། ང་ཚོས་སྔར་བས་དྲང་ལུགས་བརྟན་སྲུང་གིས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏང་དགོས།

ལོ་གསར་པའི་ནང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ལས་འགན་དང་འགན་འཁྲི་ཕྲག་ཏུ་བླང་དགོས།

ལོ་གསར་པའི་ནང་། ང་ཚོས་སྔར་ལས་ལྷག་པར་བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཐུབ་པ་བྱ་དགོས།

 

  • ལེ་ཚན་སྔོན་མ།:ད་ལོར་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀ་འདི་དག་བསྒྲུབ་རྩིས་ཡོད།
  • ལེ་ཚན་རྗེས་མ།:སྲིད་གྲོས་ཨུ་ཡོན་བཞིའི་སེམས་ཀྱི་སྒྲ་དབྱངས།
  • དོ་སྣང་ཆེ་བའི་རྩོམ།