སྤུས་ཚད་མཐོན་པོའི་ཚོགས་ཆེན་གཉིས་འཚོག་པར་གྲ་སྒྲིག་ཏན་ཏིག་བྱས།

ངེད་གསར་འགོད་པས་བྲིས།        2021-02-03

སྤུས་ཚད་མཐོན་པོའི་ཚོགས་ཆེན་གཉིས་འཚོག་པར་གྲ་སྒྲིག་ཏན་ཏིག་བྱས།

ལས་སྒྲུབ་མི་སྣས་དམངས་ཆེན་གྱི་འཐུས་མི་ལ་བདེ་ཐང་ཨང་རྟགས་བཤེར་འབེབས་བྱེད་སྟངས་སློབ་བཞིན་པའི་ཚུལ།

སྤུས་ཚད་མཐོན་པོའི་ཚོགས་ཆེན་གཉིས་འཚོག་པར་གྲ་སྒྲིག་ཏན་ཏིག་བྱས།

ལས་སྒྲུབ་མི་སྣས་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཉིང་སྐྱུར་བཤེར་འཇལ་ཚད་ལོན་མཚོན་རྟགས་འདོགས་བཞིན་པའི་ཚུལ།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།

     སྤྱི་ཟླ་དང་པོའི་ཚེས29ཉིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་ལས་བྱེད་པ་དང་ལས་བཟོའི་ཚོགས་ཆེན་འཚོགས་ནས་ཁུལ་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ལས་དོན་སྔ་སྣུར་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། མ་སྐུལ་དང་བླངས་ཀྱི་འདུ་ཤེས་བཅས་ཀྱི་ཐོག་ནས་ཐེངས་འདིའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།སྔ་སྣུར་དུ་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲལ་བཤེར་དང་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུར་གཞོགས་འདེགས་ནན་པོ་བྱས་ཏེ་མི་སྒེར་དང་ཁྱིམ་མིའི་རྒྱུན་གཏན་གྱི་འགོག་སྲུང་ལས་དོན་མ་སྐུལ་དང་བླངས་ངང་ཡག་པོ་བསྒྲུབ་དགོས་པ་དང་། ཚོགས་པའི་འདུ་ཤེས་དང་ཐུན་མོང་གི་མཚན་སྙན་སྔར་བས་ཆེ་རུ་བཏང་ནས་ཚོགས་གྲབས་ཡོད་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་མ་སྐུལ་དང་བླངས་ངང་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་སླ་བཅོས་སྤུ་ཙམ་མེད་པའི་རྣམ་འགྱུར་ཐོག་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། གཏན་འཁེལ་བྱས་པའི་ལས་བགོས་ལྟར“རིམས་ནད་འགོག་ཟོན་ཡག་པོ་དང་། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་ཡག་པོ། གྲོས་ཚོགས་ཀྱི་རྒྱུ་ཆ་ཡག་པོ། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ཡག་པོ། གྲོས་ཚོགས་ཀྱི་ཕན་འབྲས་བཟང་པོ”བཅས་ཀྱི་གཞི་རྩའི་བླང་བྱར་གཞིགས་ནས་དུས་ཚོད་དམ་འཛིན་དང་བསམ་བློ་གཏིང་ཟབ་དང་ཞིབ་ཚགས་བཏང་སྟེ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་ཞན་ཆ་ཁྱོན་ཡོངས་ནས་འཚོལ་ཞིབ་བྱས་ཏེ་ཚོགས་ཆེན་ལེགས་འགྲུབ་ངང་མཇུག་སྒྲིལ་ཐུབ་པར་འགན་ལེན་བྱ་དགོས།

     སྤྱི་ཟླ་དང་པོའི་ཚེས29ཉིན་གྱི་ཕྱི་དྲོར་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ལས་བྱེད་པ་དང་ལས་བཟོ།རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣ་བཅས་སྒྲིག་འཛུགས་བྱས་ཏེ་ཉིང་སྐྱུར་བཤེར་འཇལ་བྱེད་སའི་ནང་ཞུགས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ནས། ཁུལ་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པ་མ་འཚོག་གོང་ཚོགས་ཞུགས་མི་སྣ་དང་། ལས་སྒྲུབ་མི་སྣ། ཞབས་ཞུ་མི་སྣ་བཅས་ཚང་མར་ཉུང་མཐར་ཡང་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱ་དགོས་པ་དང་གྲོས་ཚོགས་འཚོག་རིང་དུ་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ནན་པོ་དོན་འཁྱོལ་བྱ་རྒྱུ་རེད།

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་།

     ཐེངས་འདིའི་ཚོགས་ཆེན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལག་བསྟར་བྱེད་མགོ་ཚུགས་པ་དང་།མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་གསར་པ་བྱེད་མགོ་ཚུགས་པའི་ལོར་འཚོག་པའི་གྲོས་ཚོགས་གལ་ཆེན་ཞིག་རེད།

ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་ཆེད་ཁུལ་སྲིད་གྲོས་ཀྱིས་མཐོང་ཆེན་བླ་ན་མེད་པར་བྱས་ནས་འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་བྱས་ཏེ་གྲ་སྒྲིག་ལས་ཀའི་ལས་ཁུངས་བཙུགས་ཏེ་ཁག་བགོས་ནས་དྲུང་ཡིག་ཚོགས་ཆུང་དང་གྲོས་འཆར་ཚོགས་ཆུང་།ཚོགས་དོན་ཚོགས་ཆུང་། རིམས་ནད་འགོག་ཟོན་ཚོགས་ཆུང་སོགས་ལས་སྒྲུབ་ཚོགས་ཆུང8བཙུགས་ནས་ཚོགས་ཆུང་ཁག་གིས་ལས་ཀའི་འགན་འཁྲི་དང་ལས་ཀའི་ཇུས་གཞི་གཏན་འཁེལ་བྱས་པ་རེད། མིག་སྔར་ཚོགས་འདུའི་སྙན་ཞུ་ཁག་དང་འབྲེལ་ཡོད་ཡིག་ཆ། རྒྱུ་ཆ་ཚང་མ་དཔར་ཚར་བར་མ་ཟད།ཁུག་མའི་ནང་བླུགས་ནས་ཨུ་ཡོན་ཚོས་འབྱོར་ཐོ་འགོད་སྐབས་གོ་རིམ་ལྡན་པའི་ངང་སྤྲད་པ་རེད།

     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།《དཀར་མཛེས་ཁུལ་གྱི་ཚོགས་འདུ་གཉིས་ཀྱི་ཏོག་གསར་གློ་རིམས་འགོག་ཟོན་ལས་དོན་ཇུས་གཞི》སྤྱི་ཟླ་དང་པོའི་ཚེས29ཉིན་པར་འགྲེམས་བྱས་ཤིང་།སྔོན་ཆད་དང་མི་འདྲ་བ་ནི་ཁུལ་གྱི་ཚོགས་འདུ་གཉིས་ཀྱིས་ཆེད་མངགས་བཀོད་སྒྲིག་བྱས་ནས་ཏོག་གསར་གློ་རིམས་འགོག་ཟོན་མགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།།



  • ལེ་ཚན་སྔོན་མ།:སྡེ་རོང་གི་ཤིང་སུར་པན་ལས་བདེ་སྐྱིད་འཚོ་བའི་བྲོ་བ་མྱངས།
  • ལེ་ཚན་རྗེས་མ།:ཁུལ་ཚོགས་ཆེན་གཉིས་ལ་ཞུགས་མཁན་ཨུ་ཡོན་དང་འཐུས་མི་ཚོ་དར་མདོར་འབྱོར།
  • དོ་སྣང་ཆེ་བའི་རྩོམ།