རང་ཁུལ་གྱིས་མི་རིགས་ས་ཁུལ་གྱི་དངུལ་རྩའི་ཁེ་ལས་ཀྱི་ཐབས་ལམ་གསར་པར་འཚོལ་ཞིབ་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བྲིས།        2021-02-01

      དངུལ་རྩའི་ཞབས་ཞུ་བྱེད་སྟངས་གསར་གཏོད་དང་འཕེལ་རྒྱས་ཀྱི་ཞན་ཆ་ཆད་གསབ། ཁུལ་ནང་གི་ཆེས་ཆུང་གྲས་ཀྱི་ཁེ་ལས་དང་ཞིང་ལས་ཀྱི་གནད་དོན་གསུམ་གྱི་ལས་རིགས་ཀྱི་དངུལ་སྡུད་དཀའ་བ་དང་དངུལ་སྡུད་རིན་གོང་མཐོ་བ། དངུལ་སྡུད་ཐབས་ལམ་ཉུང་བའི”དཀའ་གནད་ཐག་གཅོད་བྱེད་ཆེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་འཐུས་ཚང་དང་ཤུགས་ཆེ། གསར་གཏོད་བཅས་གཅིག་འདུས་བྱས་ཏེ་དངུལ་རྩའི་ཐོན་ཁུངས་སྙོམས་སྒྲིག་ནུས་ལྡན་བྱས་མཐར། ས་གནས་ཀྱི་དངུལ་རྩའི་གཏོང་འཇོག་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་དེ་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་ཀྱི་དཔལ་འབྱོར་སྟོབས་ལྡན་གྱུར་པར་སྐུལ་ཁྲིད་བྱས་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་པ་རེད།

    དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཡག་པོ་བཙུགས་པ། གཅིག་ནི་ཞབས་ཞུ་བྱེད་སྟངས་འཐུས་སྒོ་ཚང་ཞིང་གསར་གཏོད་བྱས་པ། གཉིས་ནི་བཅོས་བསྒྱུར་འགག་སྒྲོལ་རྒྱུན་མཐུད་དུ་ཟབ་ཏུ་སྤེལ་བ། གསུམ་ནི་ཉེན་ཁ་འགོག་ཟོན་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་པ་བཅས་རེད།

    དངུལ་རྩའི་འགན་ལེན་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་བ། གཅིག་ནི་དངུལ་རྩའི་ཐོན་རྫས་ཕུན་སུམ་ཚོགས་པོ་བྱས་པ། གཉིས་ནི་གྲོང་སྡེ་དང་གྲོང་རྡལ་གྱི་དངུལ་ཁང་བཙུགས་པ། གསུམ་ནི་ཁེ་ལས་འབྲིང་ཆུང་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་རེད།

     ཐོན་རྫས་སྣ་མང་བྱེད་སྟངས་གསར་གཏོད་བྱས་ནས་གནས་བབ་གསར་ཐོན་ལས་འཚོལ་ཞིབ་བྱས་པ་སྟེ། གཅིག་ནི་གཞན་ཡུལ་དུ་གནས་སྤོས་དབུལ་སྐྱོར་འབྲེལ་མཐུད་བྱས་པ་དང་། གཉིས་ནི་མ་དངུལ་རིགས་གཉིས་འཇོག་པའི་ལས་གཞི་འཁོར་སྐྱོད་བྱས། གསུམ་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རིམས་ཚུལ་ལ་ཁ་གཏད་གཅོག་སའི་དངུལ་བུན་བཏང་བ། བཞི་ནི་དྲྭ་སྦྲེལ་ལ་བརྟེན་ནས་དངུལ་བུན་གཏོང་ལེན་གྱི་སྟེགས་བུ་གསར་འཛུགས་བྱས་པ་རེད།།

 


 

 

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཁྱག་ཉར་འདྲེན་འཚོང་ཟས་རིགས་སྐོར་གྱི་རིམས་ཟོན་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:སྡེ་རོང་གི་ཤིང་སུར་པན་ལས་བདེ་སྐྱིད་འཚོ་བའི་བྲོ་བ་མྱངས།
  • དོ་སྣང་ཆེ་བའི་རྩོམ།