ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

མཁས་གྲུབ་དང་བདེ་ཆེན། ཨོ་རྒྱན་བཅས་ཀྱིས།        2017-10-12

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

     ཟླ10ཚེས11ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་དང་ཕྱག་ཕྲེང་རྫོང་གི་སྐབས་དང་པོའི་བོད་ཁང་དཀར་བསྒྱུར་དུས་ཆེན་གྱི་བོད་ཁང་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་བགྲོ་གླེང་ཚོགས་འདུ་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་དུ་འཚོགས་པ་རེད།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

     ཐེངས་འདིའིི་བགྲོ་གླེང་ཚོགས་འདུ་རུ་མི་ཉག་ཆོས་ཀྱི་རྒྱལ་མཚན་དང་ཀོ་ཞན་ཡིང་། ཀྲང་ཡུང་ཧུང་། ཚའེ་ཐེ་ཧྥུང་བཅས་རྒྱལ་ནང་གི་ཆེད་ལས་མཁས་ཅན་དང་མཁས་དབང་རྣམས་མཉམ་དུ་འཛོམས་ནས་ཕྱག་ཕྲེང་རྫོང་གི་བོད་ཁང་དཀར་པོའི་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྐོར་ནས་ཐབས་འདོན་ཇུས་འབུལ་དང་འབྲེལ་བོད་ཁང་དཀར་པོའི་དར་སྤེལ་དང་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་གཏམ་བཤད་གནང་བ་རེད།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

     བགྲོ་གླེང་ཚོགས་འདུའི་ཐོག་མཁས་དབང་རྣམ་པས་བོད་ཁང་དཀར་པོའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲོས་གཞི་ལ་གཞིགས་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཚན་རྩལ་གྱི་བྱ་ཐབས་བཀོལ་སྤྱོད་བྱས་ཏེ་བོད་ཁང་དཀར་པོའི་སྲུང་སྐྱོང་དང་དར་སྤེལ། གསར་གཏོད་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་གལ་ཆེ་བཏོན་པ་རེད།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

     གྲོས་གཞིར་དམིགས་པའི་གཏམ་བཤད་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཨར་ལས་ཇུས་འགོད་ཞིབ་འཇུག་གླིང་གི་སྤྱིའི་བཟོ་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཕྱག་ཕྲེང་གི་བོད་ཁང་དཀར་པོ་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་ལམ་བུའི་སྟེང་ཇི་ལྟར་བསྐྱོད་པའིི་ཐད་རང་ཉིད་ཀྱི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་བཏོན་པ་རེད། ཁོང་གིས་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་འཛུགས་སྐྲུན་གྱི་ཉམས་འགྱུར་དང་བཟོ་སྐྲུན་གྱི་ཁྱད་ཆོས། ཨར་སྐྲུན་སྒྱུ་རྩལ་སོགས་ནི་བོད་རིགས་ས་ཁུལ་ཧྲིལ་པོའམ་ཐ་ན་འཛམ་གླིང་གི་ཤིང་ལས་གྲུབ་པའི་འཛུགས་སྐྲུན་ཁྲོད་དུ་ཚང་མས་ཧང་སངས་དགོས་པའི་འཛུགས་སྐྲུན་ཞིག་ཡིན་ཞེས་དང་།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

    བཟོ་སྐྲུན་དེ་ནི་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་པ་རྣམས་ཀྱི་བློ་གྲོས་ལ་བརྟེན་ནས་བཞེངས་གྲུབ་བྱུང་བ་ཞིག་ཡིན་ལ། ཁང་པའི་བཟོ་སྐྲུན་ཇུས་འགོད་དང་དཔེ་རིས་སོགས་གང་ཡང་མེད་པར་ལོ་ངོ་བརྒྱ་ལྷག་ལའང་མཛེས་སྡུག་གི་བཟོ་བཀོད་སྔར་ལྟར་བརྗིད་པ་འདི་ནི་འཛམ་གླིང་གི་འཛུགས་སྐྲུན་ལོ་རྒྱུས་ཀྱི་སྟེང་ན་ཆེས་ངོ་མཚར་ཅན་ཞིག་རེད།

ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།
ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།
ཕྱག་ཕྲེང་བོད་ཁང་དཀར་པོའི་སྲུང་སྐྱོང་སྐོར་གྱི་བགྲོ་གླེང་ཚོགས་འདུ།

    ཕྱག་ཕྲེང་གི་བོད་ཁང་དཀར་པོ་ནི་བོད་ཀྱི་འཛུགས་སྐྲུན་ལས་ཕུལ་བྱུང་གི་དཔེ་སྟོན་ཞིག་ཡིན་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ཀྱི་གལ་ཆེའི་དུས་རིམ་ཞིག་མངོན་པར་མཚོན་ལ། དེ་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲལ་དུ་ཚུད་པའི་ཆ་རྐྱེན་དང་ཡོངས་སུ་མཐུན་པ་རེད་ཅེས་གསུངས་སོ། །

 


  • ལེ་ཚན་སྔོན་མ།: ལིའུ་ཁྲེང་མིང་གིས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • ལེ་ཚན་རྗེས་མ།:མདང་ནུབ་ཀྱི་ཕྱག་ཕྲེང་། གླུ་གར་གྱི་འཇིག་རྟེན།
  • དོ་སྣང་ཆེ་བའི་རྩོམ།